འཆི་མེད་གྲུབ་པའི་རྣལ་འབྱོར་དབང་མོ་སྐལ་བཟང་སྒྲོལ་དཀར་མཆོག་གི་སྐུ་དཀྱིལ་ཟླ་བ་རྒྱས་པའི་དྲུང་དུ་ཞེས་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-12-NA-020
Wylie title 'chi med grub pa'i rnal 'byor dbang mo skal bzang sgrol dkar mchog gi sku dkyil zla ba rgyas pa'i drung du zhes pa JKCL-KABUM-12-NA-020.pdf
Location chos kyi blo gros bka' 'bum
Volume 12, Text 20, Pages 71-72 (Folios 1a1 to 1b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'chi med grub pa'i rnal 'byor dbang mo skal bzang sgrol dkar mchog gi sku dkyil zla ba rgyas pa'i drung du zhes pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 71-72. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
འཆི་མེད་གྲུབ་པའི་རྣལ་འབྱོར་དབང་མོ་སྐལ་བཟང་སྒྲོལ་དཀར་མཆོག་གི་སྐུ་དཀྱིལ་ཟླ་བ་རྒྱས་པའི་དྲུང་དུ། གུས་ཞུ། དེང་། མཐའ་ཡས་བསྟན་འགྲོའི་གདུང་སེལ་དམ་པ་གང་གི་གསང་གསུམ་རྗེ་བཙུན་འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོའི་ངོ་བོར་བཞུགས་ནས་བྱམས་དང་བརྩེ་བའི་སྤྱན་རས་འཛུམ་པའི་ཟུར་མདས་རྩེན་ཤིང་། གྲུབ་པའི་ཟླ་ཤེལ་བདུད་རྩིའི་འོད་སྣང་འཆི་མེད་ཀུན་དགའི་དོ་རར་ཁྱབ་པ་དང་ཆབས་ཅིག་གསུང་གླེགས་གནྡྷརྦྷ་ལི་དབྱངས་སྙན། གནད་སྐྱེས་རིན་ཆེན་དང་པོའི་སོར་རྒྱན་མི་བསྐྱོད་གཡུ་ཞུན་འཁྱིལ་པས་སྤུད་པ་དང་། མུ་ཏིག་ཆེ་ལེགས་རྡོག་གཅིག །རིན་གོར་སྐུ་གསུམ་གྲངས་ལྡན་བཅས་རྟེན་འབྲེལ་དགེ་བའི་མགོ་ཟླའི་ཚེས་༡༡ལ་འབྱོར་སྨོན་དང་སྤྲོ་དགའ་མཆོག་ཏུ་འཕེལ། འདིར་གནས་རྒན་བུའང་འདུ་བ་སྙོམས་ཤིང་བསྙེན་སྒྲུབ་ཕྲན་ཚེགས་ལ་བརྩོན་ངང་འཁུམས། མཚམས་ཞུས། གནམ་ལོ་འདི་ཕྱིར་གཉིས་ལ་ཉིད་ཀྱི་སྐུ་རིམ་དུ། སྒྲོལ་དཀར་ལྗགས་བསྙེན་ཞག་བརྒྱ་ཞིག་དང་། སྒྲོལ་དཀར་སྣང་བརྙན་ཞིག་བཞེངས་ན་སྐུ་འཚོ་བརྟན་ཅིང་གྲུབ་པའི་དགེ་མཚན་གྱིས་ཨཏྤལ་གསར་པ་དར་ལ་བབ་ཏེ་འཇིག་རྟེན་གྱི་སྒྲོན་མེར་བཞུགས་རྒྱུར་གསལ་ཞིང་དེ་བཞིན་འབྱུང་བའི་བདེན་སྨོན་ཀྱང་སྙིང་ནས་ཞུ་བ་ལགས་ན་དགོངས་པར་མངའ་བར་ཞུ་ཞུ། སླར་ཡང་། གསང་གསུམ་རྡོ་རྗེའི་རང་བཞིན་རྡོ་རྗེ་ལྟར་བརྟན་ནས། །འཆི་མེད་གྲུབ་པའི་དབང་མོ་གྲུབ་མཆོག་སྐལ་བ་བཟང་། །རྣམ་འདྲེན་སྒྲོལ་མ་དཀར་མོ་སྒྲོལ་མའི་ངོ་བོར་བཞུགས། །དོན་གཉིས་དཔལ་ཡོན་དབང་འབྱོར་དཔལ་ལྡན་དགེ་ལེགས་སྨོན། །ཞུ་འདེགས་ལྷ་རྫས། བཟང་གོས་རྒྱས་མདོག་ཁ། འཆི་མེད་འཕགས་མའི་ཚེ་རིལ་སོགས་བྱིན་རྟེན་ལེའུ་ཚན། གྱོན་པའི་སྔགས་མདུད་བཅས་ཟླ་ཚེས་དགེ་བར་མཁྱེན་མིང་བློ་གྲོས་རྒྱ་མཚོས་ཕུལ་བ་དགེ། །།

Footnotes

Other Information