JKCL-KABUM-12-NA-013

From Khyentse Lineage - A Tsadra Foundation Project

སྒྲུབ་བརྒྱུད་ཁ་བའི་རྡུལ་བརྩེགས་ལྷུན་པོའི་དོགས་སོགས་དབུ་ཅན།
Wylie title sgrub brgyud kha ba'i rdul brtsegs lhun po'i dogs sogs dbu can JKCL-KABUM-12-NA-013.pdf
Location chos kyi blo gros bka' 'bum
Volume 12, Text 13, Pages 49-50 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sgrub brgyud kha ba'i rdul brtsegs lhun po'i dogs sogs dbu can. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 49-50. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
སྒྲུབ་བརྒྱུད་ཁ་བའི་རྡུལ་བརྩེགས་ལྷུན་པོའི་ངོགས། །ཐེག་ཆེན་ལུས་སྟོབས་རྒྱས་པའི་གདོང་ལྔ་པ། །ལུང་རིག་རྩལ་གསུམ་རྫོགས་པ་དམ་པའི་མགོན། །མཆོག་སྤྲུལ་སྨྲ་བའི་དབང་པོའི་༧ཞབས་དྲུང་དུ། །གུས་ཤིང་དད་བའི་ཆུ་གཏེར་མ་རྙོགས་པས། །ཡིད་ཀྱི་ངང་མོ་པདྨས་བརྒྱན་པར་རོལ། །དགའ་སྤྲོའི་སྙན་ཚིག་མགྲིན་པའི་རྫ་རྔ་ནི། །ཅུང་ཟད་གསོལ་ལ་མཁྱེན་པའི་སྐབས་དབྱེ་འཚལ། །དཔལ་ལྡན་སྤྲིན་སྒྲའི་རིང་ལུགས་བོད་ཆེན་ལྗོངས། །ཁྱབ་པར་སྒྲོགས་ལ་ཁྱབ་འཇུག་སྟོབས་མངའ་བའི། །དཔལ་ལྡན་འདྲེན་མཆོག་ལྷ་ཡི་ལྷར་གྱུར་པ། །ཁྱེད་ཀྱི་སྐུ་དཀྱིལ་ཉིན་མོར་བྱེད་བཞིན་སྤྲོ། །རིང་ནས་བརྩེ་བའི་སྤྲིན་དཀར་འཛུམ་པ་ལས། །དཔལ་ལྡན་གླུ་དབང་དགྱེས་པའི་སྙན་ཚིག་གི །དྲི་བསུང་དངར་པོ་འཐུལ་བའི་བཀའ་མཆིད་ནི། །རྟེན་བཅས་རྟེན་འབྲེལ་བཟང་པོའི་དུས་སུ་སྨིན། །འདིར་གནས་འདུ་ཤེས་གསུམ་པའི་སྤྱོད་ལམ་ཅན། །མི་གཙང་ལས་ཉོན་རྡུལ་གྱིས་གོས་བཞིན་དུ། །ལྷག་བསམ་སྲིན་བུའི་མེ་ཁྱེར་ཙམ་ཞིག་གིས། །བསྟན་འགྲོར་ཕན་བདེའི་བགྱི་བ་སྔར་བཞིན་འཁུམས། །མཚམས་ཞུས། ༧སྐྱབས་རྗེ་མཆོག་གིས་སྒྲུབ་རྒྱུད་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་དཔལ་ལྡན་འབྲུག་པའི་ཆོས་སྲིད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་བརྒྱར་སྤེལ་བའི་ཐུགས་བསྐྱེད་སྙིང་སྟོབས་ཆེན་པོའི་གོ་ཆ་བཞེས་བཞིན། ཆོས་སྡེ་ཆེན་པོ་དེར་མདོ་སྔགས་ཀྱི་བཤད་གྲྭ་རྟེན་དང་བརྟེན་པར་བཅས་པ་གསར་བསྐྲུན་མཛད་རྒྱུ་དེ་སྐོར་གཞན་དབང་དང་། མཛད་སྒོ་ལམ་ལུས་སུ་མ་གྱུར་བ་རང་ཤུགས་བཙན་པོས་འཕྲལ་དུ་གྲུབ་པར་མཛད་ན་བར་ཆད་མེད་ཅིང་། ངོས་ནས་ཀྱང་མཛད་སྒོ་ལམ་ལྷོངས་འབྱུང་བའི་སྐྱབས་གསོལ་གང་འོས་ཞུ་འཇོག་པ་རྣམ་དབྱིངས་ཆེན་པོས་མངའ་བ་མཁྱཻན། སླད་ཆར་ཡང་། སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་གཙུག་ཏོར་རྩེར། ཞབས་སེན་རྡུལ་འོད་དམར་པོ་འཇོག་བཞིན་དུ། །རྟག་བརྟན་རྡོ་རྗེའི་ཁྲི་ལ་རབ་བཏུད་ནས། །ངེས་དོན་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པར་གསོལ། །རྨོངས་ལྡན་བདག་ཀྱང་ཐུགས་རྗེས་མི་འདོར་ཞིང་། །མི་མཐུན་བདུད་བགེགས་གཡུལ་ལས་རབ་རྒྱས་ཏེ། །མགོན་མཆོག་དགྱེས་ཞལ་མིག་གི་བདུད་རྩིར་གྱུར། །ཟབ་གསང་ཆོས་ཀྱི་བགྲོ་བར་སྤྱོད་པར་སྨོན། །ཞུ་འདེགས་ལྷ་གོས་དང་། བཛྲ་གྷཎྜེ་སྡེ་དགེའི་གསར་བཟོས་ལེགས་པ་ཆུང་ངུ་བཅས་རྫོང་སར་དགོན་ནས་མཁྱེན་མིང་པས། གུས་པས་ཕུལ།། །།
[edit]

sgrub brgyud kha ba'i rdul brtsegs lhun po'i ngogs/__/theg chen lus stobs rgyas pa'i gdong lnga pa/__/lung rig rtsal gsum rdzogs pa dam pa'i mgon/__/mchog sprul smra ba'i dbang po'i 7zhabs drung du/__/gus shing dad ba'i chu gter ma rnyogs pas/__/yid kyi ngang mo pad+mas brgyan par rol/__/dga' spro'i snyan tshig mgrin pa'i rdza rnga ni/__/cung zad gsol la mkhyen pa'i skabs dbye 'tshal/__/dpal ldan sprin sgra'i ring lugs bod chen ljongs/__/khyab par sgrogs la khyab 'jug stobs mnga' ba'i/__/dpal ldan 'dren mchog lha yi lhar gyur pa/__/khyed kyi sku dkyil nyin mor byed bzhin spro/__/ring nas brtse ba'i sprin dkar 'dzum pa las/__/dpal ldan glu dbang dgyes pa'i snyan tshig gi__/dri bsung dngar po 'thul ba'i bka' mchid ni/__/rten bcas rten 'brel bzang po'i dus su smin/__/'dir gnas 'du shes gsum pa'i spyod lam can/__/mi gtsang las nyon rdul gyis gos bzhin du/__/lhag bsam srin bu'i me khyer tsam zhig gis/__/bstan 'gror phan bde'i bgyi ba sngar bzhin 'khums/__/mtshams zhus/__7skyabs rje mchog gis sgrub rgyud kyi bstan pa spyi dang bye brag dpal ldan 'brug pa'i chos srid kyi bstan pa rin po che phyogs brgyar spel ba'i thugs bskyed snying stobs chen po'i go cha bzhes bzhin/__chos sde chen po der mdo sngags kyi bshad grwa rten dang brten par bcas pa gsar bskrun mdzad rgyu de skor gzhan dbang dang /__mdzad sgo lam lus su ma gyur ba rang shugs btsan pos 'phral du grub par mdzad na bar chad med cing /__ngos nas kyang mdzad sgo lam lhongs 'byung ba'i skyabs gsol gang 'os zhu 'jog pa rnam dbyings chen pos mnga' ba mkhyain/__slad char yang /__sgrub brgyud bstan pa rgya mtsho'i gtsug tor rtser/__zhabs sen rdul 'od dmar po 'jog bzhin du/__/rtag brtan rdo rje'i khri la rab btud nas/__/nges don chos kyi sgra dbyangs sgrogs par gsol/__/rmongs ldan bdag kyang thugs rjes mi 'dor zhing /__/mi mthun bdud bgegs g.yul las rab rgyas te/__/mgon mchog dgyes zhal mig gi bdud rtsir gyur/__/zab gsang chos kyi bgro bar spyod par smon/__/zhu 'degs lha gos dang /__badz+ra g+haN+De sde dge'i gsar bzos legs pa chung ngu bcas rdzong sar dgon nas mkhyen ming pas/__gus pas phul//___//

Footnotes

Other Information