རྒྱལ་ཀུན་ཡེ་ཤེས་མཁྱེན་པའི་རྡུལ་སོགས་དབུ་ཅན།

From Khyentse Lineage - A Tsadra Foundation Project
Wylie title rgyal kun ye shes mkhyen pa'i rdul sogs dbu can JKCL-KABUM-12-NA-015.pdf
Location chos kyi blo gros bka' 'bum
Volume 12, Text 15, Pages 57-58 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rgyal kun ye shes mkhyen pa'i rdul sogs dbu can. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 57-58. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
རྒྱལ་ཀུན་ཡེ་ཤེས་མཁྱེན་པའི་རྡུལ། །དམར་སེར་འོད་ཀྱི་གོང་བུར་འཁྲིགས། །འཕགས་མཆོག་མཁྱེན་བརྩེའི་གཏེར་ཆེན་པོས། །ཟློས་གར་གསར་པའི་ཞབས་པདྨོར། །ཀུན་ཏུ་རྨོངས་པའི་དགེ་སྦྱོང་གི །གུས་ཤིང་དད་པའི་ཕྱག་བརྩེགས་ཏེ། །གཅམ་བུའི་ཚིག་སྦྱོར་ཙམ་མིན་པར། །སྙིང་ནས་གུས་པས་གསོལ་འདིར་དགོངས། །རྗེས་ཆགས་བརྩེ་བའི་སྤྱན་རས་ཡངས་པ་ནི། །རྟག་པར་འགྲོ་བའི་ཚོགས་ལ་གཟིགས་པ་ཡི། །ཐུགས་རྗེའི་ཕྱག་གི་ཉེ་བར་བཟུང་མཛད་པས། །སྲིད་ལས་འདས་ཀྱང་སྲིད་པར་རྗེས་སུ་སྟོན། །མཚན་དཔེའི་མེ་ཏོག་གསར་པའི་འཇོ་སྒེག་ལ། །ཡེ་ཤེས་ཆེན་པོའི་ཟེའུ་འབྲུ་རྒོད་པ་ལས། །རྣམ་པར་བྱུང་བའི་གསུང་གི་སྦྲང་རྩི་ནི། །སྐལ་བཟང་རཿཡིག་གཉིས་པའི་གསོས་སུ་གྱུར། །ཤིན་ཏུ་ཞི་ཞིང་དུལ་བའི་ངང་ཚུལ་ལ། །རིགས་དང་བརྩེ་བའི་ལང་ཚོ་མ་སྨད་ཤིང་། །སྔོན་གོམས་སྟོབས་ཀྱི་མཁྱེན་གཉིས་ལྷུན་གྱིས་གྲུབ། །གཞོན་ནུ་རྒྱལ་སྲས་ཐུ་བོ་ཉིད་དུ་གྲུབ། །སྐུ་ཡི་དཀྱིལ་འཁོར་མཐོང་ན་མི་མཐུན་མེད། །གསུང་གི་གདང་སྐད་ཀ་ལ་པིངྐའི་དབྱངས། །ཐུགས་ནི་འོད་གསལ་ཆེན་པོར་གཡེངས་པ་ཡི། །རྡོ་རྗེ་གསུམ་བདག་ཆེ་བའི་མཆོག་གྱུར་རྒྱལ། །ཅེས་ཤིས་པས་དགེ་ལེགས་སུ་བྱས་ཏེ། དེང་གི་ཆར་འཕགས་མཆོག་རྒྱལ་བའི་སྲས་པོ་མཆོག་ཉིད་གདན་སར་ཁྲིར་བཀོད་གྲུབ་པ་ནས་གུས་ལྡན་བདག་ལ་རིང་འཚོའི་རྟེན་གསུམ་སྨོན་ཚིག་བཅས་གནང་བ་བཀའ་དྲིན་ཟླ་མེད་གྱུར་ཅིང་། གུས་པས་ཀྱང་གུས་སྤྲོ་བ་ཆེན་པོས་མཆོག་གཟིགས་རིན་པོ་ཆེའི་མདུན་མངའ་དབུལ་མཎྜལ་མཚོན་བྱེད། ལྷ་རྫས། ཨ་ཤེ། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། འཇམ་དཔལ་ཤེས་རབ་བློ་འཕེལ་རིལ་བུ་གཉིས་རྒྱ་གསེར་སྤུས་ལྡན་རཱ། བྱེ་རུའི་རྒྱལ་མོ་རྭ་ཅན། བཟང་གོས་ཁ་ཕྱེད་གསུམ། རྒྱ་གོར་སྲང་ཉེར་ལྔ། བཅས་ཕུལ་བས་དགྱེས་བཞེས། སླར་ཡང་། གསང་གསུམ་རྡོ་རྗེའི་རང་བཞིན་རྡོ་རྗེ་ལྟར། །རབ་བརྟན་འགྱུར་བ་མེད་པ་ཁྲིར་བཞུགས་ནས། །བསྟན་དང་འགྲོ་བའི་རྒུད་པ་རབ་བཅོམ་ཏེ། །ངེས་དོན་བསྟན་པའི་པད་ཚལ་རྒྱས་མཛད་གསོལ། །འཆི་མེད་པདྨ་ཀཱ་ར་ཡི། །འཆི་མེད་བདུད་རྩིས་དབང་བསྐུར་ཏེ། །འཆི་མེད་རྟག་པ་དམ་པ་ཡི། །འཆི་མེད་རྡོ་རྗེའི་སྐུར་བཞུགས་གསོལ། །སརྦ་ཛ་ག་ཏཾ།། །།
[edit]

rgyal kun ye shes mkhyen pa'i rdul/__/dmar ser 'od kyi gong bur 'khrigs/__/'phags mchog mkhyen brtse'i gter chen pos/__/zlos gar gsar pa'i zhabs pad+mor/__/kun tu rmongs pa'i dge sbyong gi__/gus shing dad pa'i phyag brtsegs te/__/gcam bu'i tshig sbyor tsam min par/__/snying nas gus pas gsol 'dir dgongs/__/rjes chags brtse ba'i spyan ras yangs pa ni/__/rtag par 'gro ba'i tshogs la gzigs pa yi/__/thugs rje'i phyag gi nye bar bzung mdzad pas/__/srid las 'das kyang srid par rjes su ston/__/mtshan dpe'i me tog gsar pa'i 'jo sgeg la/__/ye shes chen po'i ze'u 'bru rgod pa las/__/rnam par byung ba'i gsung gi sbrang rtsi ni/__/skal bzang raHyig gnyis pa'i gsos su gyur/__/shin tu zhi zhing dul ba'i ngang tshul la/__/rigs dang brtse ba'i lang tsho ma smad shing /__/sngon goms stobs kyi mkhyen gnyis lhun gyis grub/__/gzhon nu rgyal sras thu bo nyid du grub/__/sku yi dkyil 'khor mthong na mi mthun med/__/gsung gi gdang skad ka la ping+ka'i dbyangs/__/thugs ni 'od gsal chen por g.yengs pa yi/__/rdo rje gsum bdag che ba'i mchog gyur rgyal/__/ces shis pas dge legs su byas te/__deng gi char 'phags mchog rgyal ba'i sras po mchog nyid gdan sar khrir bkod grub pa nas gus ldan bdag la ring 'tsho'i rten gsum smon tshig bcas gnang ba bka' drin zla med gyur cing /__gus pas kyang gus spro ba chen pos mchog gzigs rin po che'i mdun mnga' dbul maN+Dal mtshon byed/__lha rdzas/__a she/__sku gsung thugs rdo rje'i snang brnyan/__'jam dpal shes rab blo 'phel ril bu gnyis rgya gser spus ldan rA/__bye ru'i rgyal mo rwa can/__bzang gos kha phyed gsum/__rgya gor srang nyer lnga/__bcas phul bas dgyes bzhes/__slar yang /__gsang gsum rdo rje'i rang bzhin rdo rje ltar/__/rab brtan 'gyur ba med pa khrir bzhugs nas/__/bstan dang 'gro ba'i rgud pa rab bcom te/__/nges don bstan pa'i pad tshal rgyas mdzad gsol/__/'chi med pad+ma kA ra yi/__/'chi med bdud rtsis dbang bskur te/__/'chi med rtag pa dam pa yi/__/'chi med rdo rje'i skur bzhugs gsol/__/sarba dza ga taM//___//

Footnotes

Other Information