རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ཆེ། །ཡེ་ཤེས་སྤྱན་ལྡན་སྒྲ་བསྒྱུར་མཁས་པའི་རྗེ། །བཻ་རོ་དངོས་སྣང་འཇམ་མགོན་བླ་མ་ཡི་སོགས།

From Khyentse Lineage - A Tsadra Foundation Project
Wylie title rnam par snang mdzad 'od kyi rgyal po che/ /ye shes spyan ldan sgra bsgyur mkhas pa'i rje/ /bai ro dngos snang 'jam mgon bla ma yi sogs JKCL-KABUM-12-NA-005.pdf
Location chos kyi blo gros bka' 'bum
Volume 12, Text 5, Pages 19-21 (Folios 1a1 to 2a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rnam par snang mdzad 'od kyi rgyal po che ye shes spyan ldan sgra bsgyur mkhas pa'i rje bai ro dngos snang 'jam mgon bla ma yi sogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 19-21. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ཆེ། །ཡེ་ཤེས་སྤྱན་ལྡན་སྒྲ་བསྒྱུར་མཁས་པའི་རྗེ། །བཻ་རོ་དངོས་སྣང་འཇམ་མགོན་བླ་མ་ཡི། །སྒྱུ་འཕྲུལ་རྣམ་པར་རོལ་པའི་ཞབས་ཁྲིའི་དྲུང་། །གང་གི་ཐུགས་རྗེས་ཉེ་བར་བསྐྱངས་པ་ཡི། །རྨོངས་བརྟུལ་འདུ་ཤེས་གསུམ་པས་ཟོལ་ཟོག་དང་། །གཅམ་བུ་མིན་པའི་དད་གསུམ་མགྲིན་པའི་གླུ། །ཅུང་ཟད་གསོལ་ལ་ཡུད་ཙམ་དགོངས་པར་ཞུ། །མགོན་པོ་དུས་གསུམ་སྒྲིབ་པ་ཀུན་སྤངས་ཤིང་། །ཆགས་ཐོགས་མེད་པའི་ཡེ་ཤེས་སྤྱན་ལྡན་པས། །ལྔ་བརྒྱ་ཐ་མའི་འགྲོ་ལ་ཉེར་གཟིགས་ཏེ། །དགེ་བའི་བཤེས་ཀྱི་རྣམ་པར་འཕྲལ་པ་མཆོག །གདོད་ནས་ཐམས་ཅད་མཁྱེན་པའི་རྒྱལ་ཐབས་ལ། །དབང་བསྒྱུར་ཟིན་ཀྱང་ཐ་མལ་ཚུལ་སྟོན་པ། །དམ་པའི་ཚུལ་དགུས་ཀུན་ནས་འབྱོར་གྱུར་པའི། །མཁས་དང་གྲུབ་པའི་དབང་པོ་གཅིག་ཏུ་ངེས། །རྩོད་དང་སྡང་དང་ཁེངས་སེམས་རྣམ་པ་ཞི། །ཀུན་ཏུ་རྟོག་པའི་རླུང་གིས་མ་དཀྲུགས་ཤིང་། །བྱམས་དང་སྙིང་རྗེའི་གཏེར་གྱི་མཛོད་འཆང་བ། །རྒྱལ་སྲས་རྒྱལ་བའི་དབུས་ན་ཉི་བཞིན་ལྷམ། །རྩོད་དུས་བསྟན་པར་ཉན་བཤད་སྒྲུབ་པ་ཡི། །འཛིན་པའི་གོ་ཆ་ཆེན་པོ་རབ་བསྒོས་ཤིང་། །བསྟན་འགྲོར་ཕན་བདེ་སྤེལ་བའི་ཕྲིན་ལས་ཅན། །ལག་ན་རྡོ་རྗེ་མི་ཡི་རིག་འཛིན་གཙོ། །བཀའ་གཏེར་མཛོད་ལྔའི་རིན་ཆེན་སྒྲོམ་བུ་རྣམས། །ཡོངས་སུ་འབྱེད་པའི་མཐུ་སྟོབས་ཟླ་བྲལ་བ། །བློ་མཐའ་ཡས་པ་དངོས་དང་ཁྱད་མེད་པའི། །འཇམ་མགོན་སྙིང་གི་གདུང་སེལ་རྒྱལ་གྱུར་ཅིག །ཅེས་དགེ་ལེགས་ཀྱི་མེ་ཏོག་འཐོར་བས་སྐབས་ཕྱེས་ཏེ། དེང་གི་དུས་འཇམ་མགོན་རྡོ་རྗེ་འཆང་ཉིད་གསང་གསུམ་གསེར་རིའི་ལྷུན་པོ་ལྟར་བཞུགས་པ་ནས་རྒྱལ་བའི་སྲས་པོ་རྣམས་དམན་ལ་བརྩེ་བ་ཆོས་ཉིད་ཡིན་གཤིས་དེང་འདིར་གུས་ཕྲན་ལ་གསེར་ཞལ་དངོས་སྟོན་དང་། ལུགས་གཉིས་ཀྱི་བརྩེ་གཟིགས་བཀའ་དྲིན་ཆེན་པོ་བསྐྱངས་བར་མཛད་པ་ནི་བྱང་ཆུབ་སྙིང་པོའི་བར་དུ་ཡང་ཡང་དྲན་ཅིང་དད་པའི་གསོས་སུ་གྱུར། གསོལ་ཞབས་ལེགས་འབུལ་མཎྜལ་མཚོན་བྱེད་ཙམ་དུ། བཀྲ་ཤིས་པའི་ལྷ་རེག་དྲི་བྲལ། གསང་གསུམ་རིན་པོ་ཆེ་གཞོམ་བྲལ་རྡོ་རྗེའི་ངོ་བོར་བཞུགས་མཚོན། སྐུ་རྟེན་ཐུབ་དབང་རྒྱ་གར་ཤར་ལི་ཉམས་མེད། གསུང་རྟེན་ཡོན་ཏན་རིན་པོ་ཆེ་སྡུད་པ། ཐུགས་རྟེན་རྡོར་དྲིལ། བཅས་འབུལ་ལམ་ཞུ་ན་དངོས་རྫས་ཤིན་ཏུ་ཕྲ་ན་ཡང་བརྩེ་གཟིགས་པས་དགྱེས་བཞེས་བཀའ་དྲིན་བསྐྱངས་གྲུབ་དང་། སླད་ཆར་ཡང་། རྣམ་འདྲེན་སྲས་བཅས་ཡེ་ཤེས་ཅིག་བསྡུས་པ། །འཇམ་མགོན་རྒྱལ་བའི་སྲས་ཀྱི་ཁྱུ་མཆོག་གང་། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་པ་དང་། །གསུང་དབྱངས་ཆོས་སྒྲས་ཛམ་གླིང་ཀུན་ཁྱབ་ཤོག །གསང་གསུམ་ཉི་མ་འཆར་ཀའི་གཟི་འོད་ཀྱིས། །ལྗོངས་འདིར་རྒུད་པའི་ཤེ་མུན་ཀུན་བསལ་ནས། །སྐལ་བཟང་དང་པོའི་དགའ་སྟོན་མངོན་སུམ་སྣང་། །མཐོ་རིས་བུ་མོ་མགྲོན་དུ་ཁུག་གྱུར་ཅིག །བླ་སློབ་འདི་ནས་བྱང་ཆེན་སྙིང་པོའི་བར། །དད་དང་དམ་ཚིག་གཙང་མའི་སྲད་བུ་ཡི། །སྦྲེལ་བས་ཐེག་མཆོག་ཆོས་ཀྱི་དབྱིག་ལྡན་པའི། །ནོར་བུའི་སྤྲིན་ཆེན་སྟུག་པོས་དཀྲིགས་གྱུར་ཅིག །སརྦ་དཱ་ཀ་ལྱ་ཎཾ་སུ་ཤྲཱེ་ཡོ་བྷ་ཝ་ཏུ།། །།
[edit]

rnam par snang mdzad 'od kyi rgyal po che/__/ye shes spyan ldan sgra bsgyur mkhas pa'i rje/__/bai ro dngos snang 'jam mgon bla ma yi/__/sgyu 'phrul rnam par rol pa'i zhabs khri'i drung /__/gang gi thugs rjes nye bar bskyangs pa yi/__/rmongs brtul 'du shes gsum pas zol zog dang /__/gcam bu min pa'i dad gsum mgrin pa'i glu/__/cung zad gsol la yud tsam dgongs par zhu/__/mgon po dus gsum sgrib pa kun spangs shing /__/chags thogs med pa'i ye shes spyan ldan pas/__/lnga brgya tha ma'i 'gro la nyer gzigs te/__/dge ba'i bshes kyi rnam par 'phral pa mchog__/gdod nas thams cad mkhyen pa'i rgyal thabs la/__/dbang bsgyur zin kyang tha mal tshul ston pa/__/dam pa'i tshul dgus kun nas 'byor gyur pa'i/__/mkhas dang grub pa'i dbang po gcig tu nges/__/rtsod dang sdang dang khengs sems rnam pa zhi/__/kun tu rtog pa'i rlung gis ma dkrugs shing /__/byams dang snying rje'i gter gyi mdzod 'chang ba/__/rgyal sras rgyal ba'i dbus na nyi bzhin lham/__/rtsod dus bstan par nyan bshad sgrub pa yi/__/'dzin pa'i go cha chen po rab bsgos shing /__/bstan 'gror phan bde spel ba'i phrin las can/__/lag na rdo rje mi yi rig 'dzin gtso/__/bka' gter mdzod lnga'i rin chen sgrom bu rnams/__/yongs su 'byed pa'i mthu stobs zla bral ba/__/blo mtha' yas pa dngos dang khyad med pa'i/__/'jam mgon snying gi gdung sel rgyal gyur cig__/ces dge legs kyi me tog 'thor bas skabs phyes te/__deng gi dus 'jam mgon rdo rje 'chang nyid gsang gsum gser ri'i lhun po ltar bzhugs pa nas rgyal ba'i sras po rnams dman la brtse ba chos nyid yin gshis deng 'dir gus phran la gser zhal dngos ston dang /__lugs gnyis kyi brtse gzigs bka' drin chen po bskyangs bar mdzad pa ni byang chub snying po'i bar du yang yang dran cing dad pa'i gsos su gyur/__gsol zhabs legs 'bul maN+Dal mtshon byed tsam du/__bkra shis pa'i lha reg dri bral/__gsang gsum rin po che gzhom bral rdo rje'i ngo bor bzhugs mtshon/__sku rten thub dbang rgya gar shar li nyams med/__gsung rten yon tan rin po che sdud pa/__thugs rten rdor dril/__bcas 'bul lam zhu na dngos rdzas shin tu phra na yang brtse gzigs pas dgyes bzhes bka' drin bskyangs grub dang /__slad char yang /__rnam 'dren sras bcas ye shes cig bsdus pa/__/'jam mgon rgyal ba'i sras kyi khyu mchog gang /__/zhabs pad bskal pa rgya mtshor brtan pa dang /__/gsung dbyangs chos sgras dzam gling kun khyab shog__/gsang gsum nyi ma 'char ka'i gzi 'od kyis/__/ljongs 'dir rgud pa'i she mun kun bsal nas/__/skal bzang dang po'i dga' ston mngon sum snang /__/mtho ris bu mo mgron du khug gyur cig__/bla slob 'di nas byang chen snying po'i bar/__/dad dang dam tshig gtsang ma'i srad bu yi/__/sbrel bas theg mchog chos kyi dbyig ldan pa'i/__/nor bu'i sprin chen stug pos dkrigs gyur cig__/sarba dA ka l+ya NaM su shrA+e yo b+ha wa tu//___//

Footnotes

Other Information