སྲིད་ཞིའི་རྒྱན་མཆོག་སྐྱབས་མགོན་བདག་ཆེན་རིན་པོ་ཆེའི་ཞབས་པད་འཇིགས་བྲལ་གདོང་ལྔས་བཏེགས་པའི་ཁྲི་དྲུང་དུ་ཞེས་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-130
Wylie title srid zhi'i rgyan mchog skyabs mgon bdag chen rin po che'i zhabs pad 'jigs bral gdong lngas btegs pa'i khri drung du zhes pa JKCL-KABUM-11-DA-130.pdf
Location chos kyi blo gros bka' 'bum
Volume 11, Text 130, Pages 625-626 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. srid zhi'i rgyan mchog skyabs mgon bdag chen rin po che'i zhabs pad 'jigs bral gdong lngas btegs pa'i khri drung du zhes pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 625-626. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
སྲིད་ཞིའི་རྒྱན་མཆོག་སྐྱབས་མགོན་བདག་ཆེན་རིན་པོ་ཆེའི་ཞབས་པད་འཇིགས་བྲལ་གདོང་ལྔས་བཏེག་པའི་ཁྲི་དྲུང་དུ། གུས་པ་བཀའ་འབངས་གི་གྲལ་མཐར་གནས་པ་མཁྱེན་མིང་པས་ཞུ་གསོལ་འདེབས་སྙིང་། ཐར་རྩེས་གྲྭ་མགྲོན་ལྔ་ཆུང་གདོང་བཀའ་གླེགས་ཕྱག་རྒྱས་སྤྲས་པ། རྟེན་བྱིན་ཁྱད་འཕགས་དང་། ཟུར་དུ་བདུད་རྩི་རིལ་བུའི་ཕབ་གཏའ་བུམ་ལྟོ་མ་བཅས་སྤྱིར་སྩོལ་བྱང་བ་གུས་སྤྲོ་རབ་དགའི་ཟླ་བ་བདུད་རྩིའི་ཆུ་གཏེར་སྲིད་རྩེར་འཕྱུར། ཡང་འཇམ་མགོན་མཆོག་དང་། གདུང་སྲས་ཡིད་བཞིན་ནོར་བུ་སྐུ་མཆེད། མ་ཡུམ་ལྕགས་གླང་ལོ་པ་རྗེ་བཙུན་མ་སྒྲོན་མ་བཅས་ལ་ཞབས་བརྟན་ཚེ་སྒྲུབ་རྟེན་དངུལ་སྲང་སུམ་ཅུ་དང་། ཚེ་རིལ་ཕབ་གཏའ་བཅས་སྩལ་ནས་ཞབས་བརྟན་ཚེ་སྒྲུབ་དགོས་ཕེབས་བཞིན་ཕབ་གཏའ་ཁྱད་འཕགས་སྦྱར་ནས་དགེ་སློང་དམ་གཙང་གི་བསྒྲིལ་ཏེ་རཏྣ་གླིང་པའི་ཚེ་སྒྲུབ་གསང་འདུས་ཀྱི་སྒོ་ནས་ཟླ་བ་གཅིག་ཏུ་ལེགས་པར་སྒྲུབ་པའི་ཚེ་རིལ་ཁུག་སྣོད་རྟགས་འབྱར་ཕུལ་བས་འཇམ་མགོན་འཁོན་གདུང་ཡབ་སྲས་ཀྱི་ཞབས་པད་གཞོམ་བྲལ་རྟག་བརྟན་རྡོ་རྗེའི་ངོ་བོར་བཞུགས་ཤིང་ཁྱད་པར་འཕགས་པའི་གདུང་བརྒྱུད་རིན་པོ་ཆེ་ཛམ་གླིང་བསྟན་འགྲོའི་དཔལ་མགོན་དུ་བྱོན་པ་དང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཕྱོགས་བརྒྱར་སྤེལ་བའི་འདྲེན་མཆོག་དམ་པར་འཚོ་བཞེས་བཞུགས་པར་གསོལ་བ་འདེབས་མཚོན་ལྷ་རྫས་ནང་མཛོད་མཎྜལ་རྟེན་གསུམ་དོད་དངུལ་སྲང་བཅུ། རིན་ཆེན་གཏེར་མཛོད་ཆེན་པོའི་གླེགས་བམ་བཅས་ཕུལ་བས་དགྱེས་བཞེས་བཀའ་དྲིན་བསྐྱངས་གྲུབ་པ་ནས་འདོད་པའི་དོན་འབྲས་ཡིད་བཞིན་དུ་སྨིན་པའི་ཐུགས་རྗེས་གཟིགས་པའི་དབུགས་དབྱུངས་སྩོལ་བར་ཞུ་ཞུ་ཞུ། ཕྲན་དང་། དཔོན་མཛོད་ཚེ་དབང་དཔལ་འབྱོར་བཅས་ལ་རྒྱུན་ལྡན་སྐྱབས་འཇུག་གསོལ་བ་འདེབས་མཚོན་ལྷ་རེག །རིན་ཆེན་དང་པོ་ཞོ་གསུམ་བཅས་སྡེ་དགེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་རང་གནས་གོང་མའི་གཟིམས་བསྐྱིལ་ནས་གུས་འབངས་དགོངས་མངའ་དེས་ཕྱག་བཅས་ཕུལ་བའི་ཞུ་ཆུང་།། །།

Footnotes

Other Information