ཨོཾ་སྭསྟི། དཔལ་ལྡན་ཡོན་ཏན་རིན་ཆེན་ཀུན་འབྱུང་བ་ཞེས་ས་སྐྱ་པ།

From Khyentse Lineage - A Tsadra Foundation Project
Wylie title oM swasti/ dpal ldan yon tan rin chen kun 'byung ba zhes sa skya pa JKCL-KABUM-11-DA-131.pdf
Location chos kyi blo gros bka' 'bum
Volume 11, Text 131, Pages 627-628 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. oM swasti dpal ldan yon tan rin chen kun 'byung ba zhes sa skya pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 627-628. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog
Colophon

ཅེས་པའི་སྨོན་ཤིས་ཀྱི་མེ་ཏོག་ཉུང་ངུ་འདིའང་དམར་པོ་སྐོར་གསུམ་གྱི་མཆོད་ཆོག་དང་རྗེས་འབྲེལ་དུ་བཀྲ་ཤིས་པའི་ལྷ་རེག་རྒྱས་མདོག་ཁ་ཚར་མ་ཉམས་པ། འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་ཐུགས་དམ་དམར་པོ་སྐོར་གསུམ་གྱི་བསྙེན་ཐང་རྩེ་མོའི་གྲངས་ལྡན་བྱིན་ཅན། བཀྲ་ཤིས་མགུལ་དར་གངས་རིའི་མདངས་ལྡན་བཅས་བཀའ་འབངས་ཀྱི་ཐ་ཤལ་ཆོས་ཀྱི་བློ་གྲོས་པས་རྒྱལ་ཟླའི་དམར་ཕྱོགས་ཀྱི་དགའ་བ་དང་པོར་གུས་པས་ཕུལ་ཞུས།།

ces pa'i smon shis kyi me tog nyung ngu 'di'ang dmar po skor gsum gyi mchod chog dang rjes 'brel du bkra shis pa'i lha reg rgyas mdog kha tshar ma nyams pa/__'jam mgon ngag dbang legs grub kyis thugs dam dmar po skor gsum gyi bsnyen thang rtse mo'i grangs ldan byin can/__bkra shis mgul dar gangs ri'i mdangs ldan bcas bka' 'bangs kyi tha shal chos kyi blo gros pas rgyal zla'i dmar phyogs kyi dga' ba dang por gus pas phul zhus//

1 Texts in this Section (sde tshan or chos tshan)

[edit]
ཨོཾ་སྭསྟི། དཔལ་ལྡན་ཡོན་ཏན་རིན་ཆེན་ཀུན་འབྱུང་བ། །དགེ་ལེགས་ནོར་བུའི་རྒྱལ་མཚན་ཆེན་པོ་ནི། །ཕྱོགས་རྣམས་ཀུན་ཏུ་གྲགས་པའི་གཟི་འབར་བ། །ཁམས་གསུམ་དབང་མཛད་རྣམས་ཀྱི་ཤིས་པ་སྩོལ། ༡། ཛམ་བུའི་ལྗོན་པས་མཚན་པའི་གླིང་ཆེན་པོར། །འོད་གསལ་ལྷ་རིགས་འཁོན་གདུང་ས་སྐྱ་པ། །མཁས་གྲུབ་རྒྱ་མཚོའི་ཚངས་གནས་ཞབས་སེན་བཀོད། །བསྙེངས་བྲལ་གངས་རིའི་ལྗོངས་ཀྱི་རྒྱན་གཅིག་པུ། ༢། དེང་དུས་སྐྱབས་མཆོག་ཕུན་ཚོགས་འཁོར་ལོས་བསྒྱུར། །ཆོས་ཀྱི་རྒྱལ་པོ་ངག༵་དབ༵ང་དབྱངས་ཅན་ལྷ། །མགྲིན་པར་རོལ་པའི་ཀུན༵་དགའི༵་བསོ༵ད་ནམ༵ས་གཏེར། །འཇ༵མ་དབྱང༵ས་གཞོན་ནུ་ཀུན༵་ཏུ་མཛེས་པ་མཆོག༣། མཐོང་ན་རབ་དག༵འ་དབ༵ང་གི་རྒྱལ༵་པོ་ནི། །བློ༵་གྲོས༵་མཆོག་མངའ་མ༵ཐུ་སྟོབ༵ས་ཟླ་མེད་པ། །བདུད༵་ཚོགས་འདུལ༵་ལ་ལྷ་དབང་རྡོ༵་རྗེ༵་བཞིན། །འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བ་ཆེ། ༤། པདྨའི་ངང་ཚུལ་པདྨའི་རིགས་ཀྱི་མཆོག །པ༵དྨ༵་དཔ༵ལ་གྱིས་པདྨའི་བུ༵་ཁྲིད༵་མ། །པདྨ་རྒྱས་པའི་པདྨའི་ལང་ཚོ་ཅན། །པདྨའི་འབྱུང་གནས་དགྱེས་རོལ་ཡུམ་མཆོག་བཅས། ༥། རྡོ་རྗེ་གཡུང་དྲུང་དཔལ་གྱི་བེའུ་དང་། །འཁོར་ལོ་ལ་སོགས་བཀྲ་ཤིས་དགེ་མཚན་གྱིས། །རྣམ་པར་བརྒྱན་པའི་འཇིགས་མེད་སེངྒེའི་ཁྲིར། །ཞབས་པད་བརྟན་ཅིང་ཁམས་གསུམ་དབང་སྡུད་ཤོག༦། ཀུན་མཁྱེན་ཉི་མའི་གཉེན་གྱི་རིང་ལུགས་སྤྱི། །ཁྱད་པར་དཔལ་ལྡན་ས་སྐྱའི་ཆོས་སྲིད་ཀྱི། །བ་དན་དཀར་པོ་སྲིད་རྩེར་བསྒྲེངས་བ་ལ། །ལྷ་མཆོག་དམར་པོ་གསུམ་གྱི་ཤིས་གྱུར་ཅིག༧། ཅེས་པའི་སྨོན་ཤིས་ཀྱི་མེ་ཏོག་ཉུང་ངུ་འདིའང་དམར་པོ་སྐོར་གསུམ་གྱི་མཆོད་ཆོག་དང་རྗེས་འབྲེལ་དུ་བཀྲ་ཤིས་པའི་ལྷ་རེག་རྒྱས་མདོག་ཁ་ཚར་མ་ཉམས་པ། འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་ཐུགས་དམ་དམར་པོ་སྐོར་གསུམ་གྱི་བསྙེན་ཐང་རྩེ་མོའི་གྲངས་ལྡན་བྱིན་ཅན། བཀྲ་ཤིས་མགུལ་དར་གངས་རིའི་མདངས་ལྡན་བཅས་བཀའ་འབངས་ཀྱི་ཐ་ཤལ་ཆོས་ཀྱི་བློ་གྲོས་པས་རྒྱལ་ཟླའི་དམར་ཕྱོགས་ཀྱི་དགའ་བ་དང་པོར་གུས་པས་ཕུལ་ཞུས།། །།
[edit]

oM swasti/__dpal ldan yon tan rin chen kun 'byung ba/__/dge legs nor bu'i rgyal mtshan chen po ni/__/phyogs rnams kun tu grags pa'i gzi 'bar ba/__/khams gsum dbang mdzad rnams kyi shis pa stsol/__1/__dzam bu'i ljon pas mtshan pa'i gling chen por/__/'od gsal lha rigs 'khon gdung sa skya pa/__/mkhas grub rgya mtsho'i tshangs gnas zhabs sen bkod/__/bsnyengs bral gangs ri'i ljongs kyi rgyan gcig pu/__2/__deng dus skyabs mchog phun tshogs 'khor los bsgyur/__/chos kyi rgyal po ngaga~X dba~Xng dbyangs can lha/__/mgrin par rol pa'i kuna~X dga'i~X bso~Xd nama~Xs gter/__/'ja~Xm dbyanga~Xs gzhon nu kuna~X tu mdzes pa mchog3/__mthong na rab dga~X' dba~Xng gi rgyala~X po ni/__/blo~X grosa~X mchog mnga' ma~Xthu stoba~Xs zla med pa/__/bduda~X tshogs 'dula~X la lha dbang rdo~X rje~X bzhin/__/'jigs bral phyogs las rnam par rgyal ba che/__4/__pad+ma'i ngang tshul pad+ma'i rigs kyi mchog__/pa~Xd+ma~X dpa~Xl gyis pad+ma'i bu~X khrida~X ma/__/pad+ma rgyas pa'i pad+ma'i lang tsho can/__/pad+ma'i 'byung gnas dgyes rol yum mchog bcas/__5/__rdo rje g.yung drung dpal gyi be'u dang /__/'khor lo la sogs bkra shis dge mtshan gyis/__/rnam par brgyan pa'i 'jigs med seng+ge'i khrir/__/zhabs pad brtan cing khams gsum dbang sdud shog6/__kun mkhyen nyi ma'i gnyen gyi ring lugs spyi/__/khyad par dpal ldan sa skya'i chos srid kyi/__/ba dan dkar po srid rtser bsgrengs ba la/__/lha mchog dmar po gsum gyi shis gyur cig7/__ces pa'i smon shis kyi me tog nyung ngu 'di'ang dmar po skor gsum gyi mchod chog dang rjes 'brel du bkra shis pa'i lha reg rgyas mdog kha tshar ma nyams pa/__'jam mgon ngag dbang legs grub kyis thugs dam dmar po skor gsum gyi bsnyen thang rtse mo'i grangs ldan byin can/__bkra shis mgul dar gangs ri'i mdangs ldan bcas bka' 'bangs kyi tha shal chos kyi blo gros pas rgyal zla'i dmar phyogs kyi dga' ba dang por gus pas phul zhus//__//

Footnotes

Other Information