JKCL-KABUM-11-DA-129

From Khyentse Lineage - A Tsadra Foundation Project

ས་སྐྱ་པ་ཆེན་པོ་རྫོང་སར་དུ་ཕེབས་པའི་ཐོག་མར་ལེགས་འབུལ་མཆོད་སྤྲིན་ཉུང་ངུའི་ཡི་གེའི་འཆར་གཞི་སོགས་ཆབ་ཤོག་སྐོར།
Wylie title sa skya pa chen po rdzong sar du phebs pa'i thog mar legs 'bul mchod sprin nyung ngu'i yi ge'i 'char gzhi sogs chab shog skor JKCL-KABUM-11-DA-129.pdf
Location chos kyi blo gros bka' 'bum
Volume 11, Text 129, Pages 619-624 (Folios 1a1 to 3b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sa skya pa chen po rdzong sar du phebs pa'i thog mar legs 'bul mchod sprin nyung ngu'i yi ge'i 'char gzhi sogs chab shog skor. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 619-624. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ས་སྐྱ་པ་ཆེན་པོ་རྫོང་སར་དུ་ཕེབས་པའི་ཐོག་མར་ལེགས་འབུལ་མཆོད་སྤྲིན་ཉུང་ངུའི་ཡི་གེའི་འཆར་གཞི་སོགས་ཆབ་ཤོག་སྐོར་བཞུགས། ལྷར་བཅས་འགྲོ་བའི་སྐྱབས་མགོན་སྲིད་ཞིའི་གཙུག་རྒྱན་འཇམ་མགོན་ས་སྐྱ་པ་བདག་ཆེན་རྡོ་རྗེ་འཆང་གི་ཞབས་པད་གསེར་ཁྲིས་བཏེགས་པའི་ཉེ་དྲུང་དུ། སྒོ་གསུམ་གུས་ལྡན་མཁྱེན་བརྩེའི་སྤྲུལ་མིང་པས་འདུད་ཕྱག་གྲངས་མེད་བཅས་ཞུ་གསོལ་འདེབས་སྙིང་། དེང་། ཕྱོགས་དུས་མུ་མཐའ་མེད་པའི་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་བསྡུས་པ་འོད་གསལ་ལྷ་རིགས་འཁོན་གདུང་དྲི་མ་མེད་པར་མཚན་དཔེའི་མྱུ་གུ་བཞད་དེ་སྐྱེས་སྦྱངས་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་འགྲན་ཟླ་མེད་པ་རྗེ་བཙུན་རིགས་གསུམ་སེམས་དཔའི་ངོ་བོར་བཞུགས་པ་ནས། བོད་ཆེན་ལྗོངས་འདིར་བསྟན་འགྲོ་མཐའ་དག་གི་སྐྱབས་མགོན་དཔུང་གཉེན་དུ་བརྩེ་ཆེན་ཐུགས་རྗེའི་འོད་སྣང་གི་ཞགས་པ་རིང་དུ་འཕྲོ་བས་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་འདུལ་བ་རྣམ་པ་བཞི་ཡི་སྒོ་ནས་མཐོང་ཐོས་དྲན་རེག་གི་སྐྱེ་འགྲོ་ཐམས་ཅད་ཀྱི་རྒྱུད་ལ་ཐར་པའི་ས་བོན་འདེབས་པར་མཛད་པའི་ཆོ་འཕྲུལ་ཆེན་པོ་བྱིས་བློས་དཔག་པར་དཀའ་བ་སྐད་ཅིག་རེ་རེ་བཞིན་ཡང་བགྲངས་ལས་འདས་པར་སྟོན་པ་དང་འབྲེལ། དེང་གི་ཆར་བཀྲ་ཤིས་ཕུན་སུམ་ཚོགས་པ་དུ་མས་ཁྱད་པར་དུ་བྱས་པའི་སྐབས་སུ་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་པའི་གཏེར་ཆེན་གྱི་གདན་ས་འདིར་རྨད་དུ་བྱུང་བའི་རྗེས་སུ་བརྩེ་བ་ཆེན་པོས་རྫུ་འཕྲུལ་གྱི་རྐང་པའི་འདེགས་འཇོག་གི་ཞབས་རྟེན་བཀྲ་ཤིས་ཀྱི་འཁོར་ལོ་འཇིགས་མེད་གདོང་ལྔས་བཏེག་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་བཀོད་དེ། སྐུ་དཀྱིལ་མཚན་དཔེའི་གཟི་བརྗིད་དཔལ་དུ་འབར་ཞིང་། གསུང་དབྱངས་ཆོས་ཀྱི་དུང་ཆེན་སྒྲོགས་པས་གཏི་མུག་གི་གཉིད་ལས་དཀྲོགས་པར་མཛད་པ་དང་། བྱམས་ཐུགས་བརྩེ་བ་ཆེན་པོ་མཚན་རྟོག་གི་ཟུག་རྔུ་བྲལ་བས་བདག་སོགས་གདུལ་བྱ་མཐའ་དག་ལ་མ་གཅིག་བུ་ལ་བརྩེ་བ་ལྟར་རྟག་ཏུ་དགོངས་པར་མཛད་པའི་སྐལ་བཟང་གི་དགའ་སྟོན་སྔ་ན་མེད་པ་ཆུ་བུར་མིག་གི་མངོན་སུམ་དུ་ཉམས་སུ་མྱོངས་བའི་དགེ་མཚན་གསར་དུ་འཆར་བ་ན། གུས་སྤྲོའི་པདྨོ་ལྷག་པར་བཞད་པ་དང་ཆབ་ཅིག །ཡབ་སྲས་ལྷན་རྒྱས་མདུན་ཐོག་མའི་རྟེན་འབྲེལ་མཎྜལ་མཚོན་བྱེད་ཙམ་དུ། བཀྲ་ཤིས་པའི་ལྷ་རྫས་ཟླ་ཞུན་ཐགས་སུ་བཏགས་པ། གསང་གསུམ་རིན་པོ་ཆེ་འཇིག་རྟེན་གསུམ་གྱི་སྒྲོན་མེར་འཚོ་ཞིང་གཞེས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟེན་འབྱུང་དུ་རྡོ་རྗེ་གསུམ་གྱི་སྣང་བརྙན། ཡོན་ཏན་གྱི་རྟེན་དུ་བཟང་གོས་ལས་བཟོས་པའི་ས་ཞུ་ལེགས་པ། ཕྲིན་ལས་ཀྱི་རྟེན་དུ་ཙནྡན་ཌཱ་མ་རུ་གཡུ་བྱེར་ཕྲ་ལྡན་སྟོང་སྐུད་འཕན་ཛར་ཅན། དངུལ་གྱི་མཎྜལ་ལྕག་རི་ཏོག་བཅས། དཀར་དམ་ཆ་གཅིག །བཟང་གོས་སྟོད་རྩེ། བཟང་གོས་སེར་པོ་འབྲུག་གོར་ཅན་ཁ་བཞི། ཧུ་ཛུས་དམར་སེར་སྐུ་ཆིང་། ཅན་ཁབ་གཡུང་དྲུང་རིས་ཆབ་ལུག །བཞེས་དཀར་བཅུད་ལྡན། དངུལ་གྱི་ཁྲ་སྐྱག་ཆ། བ་སོའི་བཞེས་ཐུར་ཆ་གཅིག །ཁྲུས་རས་དཀར་པོ། གམ་དྲུམ་སེར་ཁྲའི་དྲུམ་ནར། གསེར་རྣ་བྱེར་རྩ་བ་ཅན་ཡ་གཅིག །ཙཀྲ་སྒམ་ཆུང་ལྔ། ཝ་ལྤགས་གཅིག །གཟིགས་ལྤགས་གཅིག །མཛོ་གཅིག །མཛོ་མོ་གཅིག །འབྲི་གཅིག །ཁལ་གཅིག །རྟ་ཕོ་གཅིག །རྒྱ་སྒོར་རྡིལ་ཚད་གཅིག །མཐའ་རྟེན་རས་དཀར་བཅས་མི་ཟད་རྒྱན་འཁོར་ཉེར་ལྔའི་གྲངས་ལྡན་དང་། ཡེ་ཤེས་ཌཱ་ཀིའི་གཙོ་མོ་རྒྱལ་ཡུམ་རྡོ་རྗེ་བཙུན་མོའི་མདུན་ལྷ་རྫས་དར་གྱི་པཉྩ་ལི་ཀ་བཅས་ཟླ་བ་ཉ་བའི་གྲངས་མཚུངས་འབུལ་ལམ་ཞུ་ན་དགྱེས་པའི་སྤྱན་ཟུར་ཡུད་ཙམ་གཡོ་བའི་འབབ་སྟེགས་སུ་གྱུར་པ་དང་། འབྱུང་འགྱུར་གྱི་ཆར་ཡང་། བཀྲ་ཤིས་བསོད་ནམས་བརྒྱ་པའི་སྐུ་དཀྱིལ་ནོར་བུའི་ལྷུན་པོར་བཞུགས་པ་དང་། །བཀྲ་ཤིས་ཕན་བདེའི་དགོས་འདོད་ཀུན་འབྱུང་བསྟན་དང་འགྲོ་བའི་རྒུད་པ་སེལ། །བཀྲ་ཤིས་དགའ་བ་འཁྱིལ་པ་དཀར་པོ་གཡས་སུ་འཁོར་བའི་དགེ་མཚན་གྱིས། །བཀྲ་ཤིས་གང་ཞིག་འཇམ་དཔལ་གཞོན་ནུའི་ཞབས་པད་རྡོ་རྗེ་ལྟར་བརྟན་གསོལ། །སྲིད་ཞིའི་ཚ་གདུང་ཀུན་སེལ་བའི། །དམ་ཆོས་བདུད་རྩིའི་གྲུ་ཆར་ནི། །དལ་གྱིས་འབེབས་པའི་སྐལ་བཟང་གི །དགའ་སྟོན་འགྲིབ་མེད་འཆར་གྱུར་ཅིག །བདག་སོགས་ཐུགས་རྗེའི་སྤྱན་གྱིས་ཡང་ཡང་བཙའ། །བྱམས་པའི་ཕྱག་གི་མི་འབྲལ་བཟུང་བ་དང་། །ཉིན་བཞིན་འཇམ་དཔལ་འཁོན་གདུང་གཞོན་ནུ་རྗེའི། །ཞལ་མཇལ་གསུང་གི་བདུད་རྩིས་བསྐྱང་བར་སྨོན། །སརྦ་དཱ་ཀ་ལྱ་ཎཾ་སུ་ཤྲེ་ཡོ་བྷ་ཝནྟུ།། །། ༈ རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ཛམ་གླིང་བསྟན་འགྲོའི་དཔལ་མགོན་བདག་ཆེན་རིན་པོ་ཆེ་ཡབ་སྲས་དབུས་སྟོན་འཁོར་གསེར་ཞལ་རྒྱས་པའི་ཞབས་ཁྲིའི་དྲུང་དུ། གུས་པ་མཁྱེན་མིང་པས་ཕྱག་བཅས་ཞུ་གསོལ། ད་ལན། གནས་དུས་སྟོན་འཁོར་སྒྲུབ་ཆོས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བཟང་པོ་སྔ་ན་མེད་པའི་ངོ་མཚར་རྨད་དུ་བྱུང་བའི་སྐལ་བཟང་ཉམས་སུ་མྱོང་བའི་སྐབས་འདིར། རྣམ་དཀར་ལེགས་བྱས་ཀྱི་ཚོགས་བསག་སྐྲ་རྩེའི་གཏོར་བའི་ཆུ་ཐིག་གི་ཟེགས་མ་ཙམ་དུ། གཙུག་ལག་ཁང་དུ་མཆོད་པ། སྙན་ཤལ། སྐྱབས་རྗེ་བདག་ཆེན་རྡོ་རྗེ་འཆང་གི་མདུན། བཀྲ་ཤིས་པའི་ལྷ་རེག །རིན་གཉིས་ད་གོར་དྲུག་ཅུ། གདུང་སྲས་ཡིད་བཞིན་ནོར་བུའི་མདུན། ཨ་ཤེ། ད་གོར་ལྔ་བཅུ། བདག་ཡུམ་སྐུ་ཞབས་མདུན། ཨ་ཤེ། ད་གོར་སུམ་ཅུ། མཁན་ཆེན་མདུན། ཨ་ཤེ། ད་གོར་ཉེར་ལྔ། སྡེ་གཞུང་མཆོག་སྤྲུལ་མདུན། ཨ་ཤེ། ད་གོར་བཅོ་ལྔ། གདོང་སྣ་མཆོག་སྤྲུལ་དང་། དཔོན་སློབ་རྡོར་འཛིན་གཉིས་ཀྱི་མདུན། དར། ད་གོར་བཅུ་རེ། རྫོང་སར་སློབ་དཔོན་དང་དཔོན་སློབ་ཕྱག་མཛོད་གཉིས་ཀྱི་མདུན། དར། ད་གོར་ལྔ་རེ། ས་སྐྱའི་གསོལ་མཆོད་དང་བླ་ཆོས་རྣམས་ལ། དར། ད་གོར་གཉིས་རེ། དགེ་འདུན་སྤྱི་ལ་ད་གོར་རེ་དང་། གསོལ་ཇ། འབྲས་ཐུག་ལས་སྣེ་རྣམ་བཞག་རེ་རེ་བཅས་ཕུལ་བ། རྒྱལ་བསྟན་སྤྱི་དང་བྱེ་བྲག་རྗེ་བཙུན་ས་སྐྱ་པའི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་སྐྱེས་ཆེན་རྣམས་དང་། ཁྱད་པར་སྐྱབས་མགོན་བདག་ཆེན་ཡབ་སྲས་ཀྱི་གསང་གསུམ་གཞོམ་བྲལ་བསྐལ་བརྒྱར་བརྟན་ཅིང་ལེགས་མཛད་ཕྲིན་ལས་བཟང་པོས་ཕྱོགས་བཅུར་ཁྱབ་པ་དང་། བདག་ཅག་ལྟོས་བཅས་ཀྱི་འགལ་རྐྱེན་ཉེས་ཞི། ལེགས་ཚོགས་འཕེལ་རྒྱས་འབྱུང་བ་དང་། འབྲེལ་ཐོག་གཤིན་གསོན་རྣམས་བདེ་འགྲོ་ཐོབ་ཕྱིར། ཚེ་ལྷ་རྣམ་གསུམ་བསྙེན་པ། རྣམ་འཇོམ། སྒྲོལ་མ། བསམ་ལྷུན། བཟང་སྤྱོད་རྣམས་ཚར་རེ་གསུང་གྲུབ་དང་། སྐྱབས་འཇུག་ཟབ་མོས་རྗེས་འཛིན་སྩོལ་གནང་གྲུབ་པར་གསོལ་བ་འདེབས་པ་ལགས།། །། ༈ བཀའ་དྲིན་མཚུངས་བྲལ། ༧སྐྱབས་མགོན་བདག་ཆེན་རྡོ་རྗེ་འཆང་མཆོག་གིས་གུས་འབངས་ལྟོས་བཅས་ལ་དམིགས་མེད་བརྩེ་བའི་ཐུགས་རྗེ་ཆེན་པོས་སྐྱོང་བཞིན། ད་ལམ་སྐུ་ཚེགས་འོ་བརྒྱལ་ལ་མ་གཟིགས་པར་དཔལ་ཆེན་སྲུང་བཟློག་སྲི་མནན་བཅས་ཟབ་རྒྱས་སུ་སྩལ་བའི་བཀའ་དྲིན་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བྱའི་ཡུལ་ལས་འདས་ཤིང་། བྱིན་རླབས་འཇུག་རྟེན་མཎྜལ་མཚོན་བྱེད་ཙམ་དུ། བཀྲ་ཤིས་ལྷ་རེག །མཎྜལ་རྟེན་དོད་རྒྱ་པད་གོར་བཅུ། བཟང་གོས་སྨུག་ལེགས་ཁ་བརྒྱད། རིན་ཆེན་དང་པོ་སྲང་། རིན་གཉིས་གོར་བུ་རྡིལ་ཚད་གཅིག །ད་ཡན་གོར་བརྒྱ་ཐུམ་ལྔ། ཨཾ་བྷན་རྡིལ་ཚད་གཉིས། རྩེ་རྡོ་རྡིལ་ཚད་གཉིས། སྣམ་ཚོས་བུབ་གཅིག །ཝ། གཡི། སྲམ། གཟིག་བཅས་ཀྱི་པགས་ཤུན། རས་དཀར་བཅས་མེ་ཏོག་ཆུང་ཡང་མཆོད་རྫས་ཀྱིས་དཔེས་ནང་བརྩེས་དགྱེས་བཞེས་གསོལ་བ་འདེབས་པ་ལགས།། །།
[edit]

sa skya pa chen po rdzong sar du phebs pa'i thog mar legs 'bul mchod sprin nyung ngu'i yi ge'i 'char gzhi sogs chab shog skor bzhugs/__lhar bcas 'gro ba'i skyabs mgon srid zhi'i gtsug rgyan 'jam mgon sa skya pa bdag chen rdo rje 'chang gi zhabs pad gser khris btegs pa'i nye drung du/__sgo gsum gus ldan mkhyen brtse'i sprul ming pas 'dud phyag grangs med bcas zhu gsol 'debs snying /__deng /__phyogs dus mu mtha' med pa'i rgyal ba sras dang bcas pa'i ye shes kyi phung po gcig tu bsdus pa 'od gsal lha rigs 'khon gdung dri ma med par mtshan dpe'i myu gu bzhad de skyes sbyangs kyi mkhyen brtse nus pa'i yon tan 'gran zla med pa rje btsun rigs gsum sems dpa'i ngo bor bzhugs pa nas/__bod chen ljongs 'dir bstan 'gro mtha' dag gi skyabs mgon dpung gnyen du brtse chen thugs rje'i 'od snang gi zhags pa ring du 'phro bas chibs kyi kha lo bsgyur te 'dul ba rnam pa bzhi yi sgo nas mthong thos dran reg gi skye 'gro thams cad kyi rgyud la thar pa'i sa bon 'debs par mdzad pa'i cho 'phrul chen po byis blos dpag par dka' ba skad cig re re bzhin yang bgrangs las 'das par ston pa dang 'brel/__deng gi char bkra shis phun sum tshogs pa du mas khyad par du byas pa'i skabs su kun mkhyen bla ma 'jam dbyangs mkhyen pa'i gter chen gyi gdan sa 'dir rmad du byung ba'i rjes su brtse ba chen pos rdzu 'phrul gyi rkang pa'i 'degs 'jog gi zhabs rten bkra shis kyi 'khor lo 'jigs med gdong lngas bteg pa'i chos kyi khri 'phang mthon por bkod de/__sku dkyil mtshan dpe'i gzi brjid dpal du 'bar zhing /__gsung dbyangs chos kyi dung chen sgrogs pas gti mug gi gnyid las dkrogs par mdzad pa dang /__byams thugs brtse ba chen po mtshan rtog gi zug rngu bral bas bdag sogs gdul bya mtha' dag la ma gcig bu la brtse ba ltar rtag tu dgongs par mdzad pa'i skal bzang gi dga' ston snga na med pa chu bur mig gi mngon sum du nyams su myongs ba'i dge mtshan gsar du 'char ba na/__gus spro'i pad+mo lhag par bzhad pa dang chab cig__/yab sras lhan rgyas mdun thog ma'i rten 'brel maN+Dal mtshon byed tsam du/__bkra shis pa'i lha rdzas zla zhun thags su btags pa/__gsang gsum rin po che 'jig rten gsum gyi sgron mer 'tsho zhing gzhes la chos kyi 'khor lo bskor ba'i rten 'byung du rdo rje gsum gyi snang brnyan/__yon tan gyi rten du bzang gos las bzos pa'i sa zhu legs pa/__phrin las kyi rten du tsan+dan DA ma ru g.yu byer phra ldan stong skud 'phan dzar can/__dngul gyi maN+Dal lcag ri tog bcas/__dkar dam cha gcig__/bzang gos stod rtse/__bzang gos ser po 'brug gor can kha bzhi/__hu dzus dmar ser sku ching /__can khab g.yung drung ris chab lug__/bzhes dkar bcud ldan/__dngul gyi khra skyag cha/__ba so'i bzhes thur cha gcig__/khrus ras dkar po/__gam drum ser khra'i drum nar/__gser rna byer rtsa ba can ya gcig__/tsakra sgam chung lnga/__wa lpags gcig__/gzigs lpags gcig__/mdzo gcig__/mdzo mo gcig__/'bri gcig__/khal gcig__/rta pho gcig__/rgya sgor rdil tshad gcig__/mtha' rten ras dkar bcas mi zad rgyan 'khor nyer lnga'i grangs ldan dang /__ye shes DA ki'i gtso mo rgyal yum rdo rje btsun mo'i mdun lha rdzas dar gyi pany+tsa li ka bcas zla ba nya ba'i grangs mtshungs 'bul lam zhu na dgyes pa'i spyan zur yud tsam g.yo ba'i 'bab stegs su gyur pa dang /__'byung 'gyur gyi char yang /__bkra shis bsod nams brgya pa'i sku dkyil nor bu'i lhun por bzhugs pa dang /__/bkra shis phan bde'i dgos 'dod kun 'byung bstan dang 'gro ba'i rgud pa sel/__/bkra shis dga' ba 'khyil pa dkar po g.yas su 'khor ba'i dge mtshan gyis/__/bkra shis gang zhig 'jam dpal gzhon nu'i zhabs pad rdo rje ltar brtan gsol/__/srid zhi'i tsha gdung kun sel ba'i/__/dam chos bdud rtsi'i gru char ni/__/dal gyis 'bebs pa'i skal bzang gi__/dga' ston 'grib med 'char gyur cig__/bdag sogs thugs rje'i spyan gyis yang yang btsa'/__/byams pa'i phyag gi mi 'bral bzung ba dang /__/nyin bzhin 'jam dpal 'khon gdung gzhon nu rje'i/__/zhal mjal gsung gi bdud rtsis bskyang bar smon/__/sarba dA ka l+ya NaM su shre yo b+ha wan+tu//__//__!__rab 'byams rgyal ba'i spyi gzugs dzam gling bstan 'gro'i dpal mgon bdag chen rin po che yab sras dbus ston 'khor gser zhal rgyas pa'i zhabs khri'i drung du/__gus pa mkhyen ming pas phyag bcas zhu gsol/__da lan/__gnas dus ston 'khor sgrub chos phun sum tshogs pa'i rten 'brel bzang po snga na med pa'i ngo mtshar rmad du byung ba'i skal bzang nyams su myong ba'i skabs 'dir/__rnam dkar legs byas kyi tshogs bsag skra rtse'i gtor ba'i chu thig gi zegs ma tsam du/__gtsug lag khang du mchod pa/__snyan shal/__skyabs rje bdag chen rdo rje 'chang gi mdun/__bkra shis pa'i lha reg__/rin gnyis da gor drug cu/__gdung sras yid bzhin nor bu'i mdun/__a she/__da gor lnga bcu/__bdag yum sku zhabs mdun/__a she/__da gor sum cu/__mkhan chen mdun/__a she/__da gor nyer lnga/__sde gzhung mchog sprul mdun/__a she/__da gor bco lnga/__gdong sna mchog sprul dang /__dpon slob rdor 'dzin gnyis kyi mdun/__dar/__da gor bcu re/__rdzong sar slob dpon dang dpon slob phyag mdzod gnyis kyi mdun/__dar/__da gor lnga re/__sa skya'i gsol mchod dang bla chos rnams la/__dar/__da gor gnyis re/__dge 'dun spyi la da gor re dang /__gsol ja/__'bras thug las sne rnam bzhag re re bcas phul ba/__rgyal bstan spyi dang bye brag rje btsun sa skya pa'i bstan pa dar zhing rgyas pa dang /__bstan 'dzin skyes chen rnams dang /__khyad par skyabs mgon bdag chen yab sras kyi gsang gsum gzhom bral bskal brgyar brtan cing legs mdzad phrin las bzang pos phyogs bcur khyab pa dang /__bdag cag ltos bcas kyi 'gal rkyen nyes zhi/__legs tshogs 'phel rgyas 'byung ba dang /__'brel thog gshin gson rnams bde 'gro thob phyir/__tshe lha rnam gsum bsnyen pa/__rnam 'jom/__sgrol ma/__bsam lhun/__bzang spyod rnams tshar re gsung grub dang /__skyabs 'jug zab mos rjes 'dzin stsol gnang grub par gsol ba 'debs pa lags//__//__!__bka' drin mtshungs bral/__7skyabs mgon bdag chen rdo rje 'chang mchog gis gus 'bangs ltos bcas la dmigs med brtse ba'i thugs rje chen pos skyong bzhin/__da lam sku tshegs 'o brgyal la ma gzigs par dpal chen srung bzlog sri mnan bcas zab rgyas su stsal ba'i bka' drin byang chub snying po'i bar du gzhal bya'i yul las 'das shing /__byin rlabs 'jug rten maN+Dal mtshon byed tsam du/__bkra shis lha reg__/maN+Dal rten dod rgya pad gor bcu/__bzang gos smug legs kha brgyad/__rin chen dang po srang /__rin gnyis gor bu rdil tshad gcig__/da yan gor brgya thum lnga/__aM b+han rdil tshad gnyis/__rtse rdo rdil tshad gnyis/__snam tshos bub gcig__/wa/__g.yi/__sram/__gzig bcas kyi pags shun/__ras dkar bcas me tog chung yang mchod rdzas kyis dpes nang brtses dgyes bzhes gsol ba 'debs pa lags//__//

Footnotes

Other Information