JKCL-KABUM-11-DA-127

From Khyentse Lineage - A Tsadra Foundation Project

རིས་མེད་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་སྲིད་པ་གསུམ་གྱི་གཙུག་ནོར་༧རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་ཞབས་སེན་ཚངས་དབང་ཁྱབ་འཇུག་དྲག་པོས་བཏེགས་པའི་ཁྲི་དྲུང་དུ་ཞེས་པ།
Wylie title ris med rgyal bstan yongs kyi mnga' bdag srid pa gsum gyi gtsug nor rgyal dbang thams cad mkhyen pa chen po'i zhabs sen tshangs dbang khyab 'jug drag pos btegs pa'i khri drung du zhes p JKCL-KABUM-11-DA-127.pdf
Location chos kyi blo gros bka' 'bum
Volume 11, Text 127, Pages 613-615 (Folios 1a1 to 2a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. ris med rgyal bstan yongs kyi mnga' bdag srid pa gsum gyi gtsug nor rgyal dbang thams cad mkhyen pa chen po'i zhabs sen tshangs dbang khyab 'jug drag pos btegs pa'i khri drung du zhes p. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 613-615. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
རིས་མེད་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་སྲིད་པ་གསུམ་གྱི་གཙུག་ནོར་༧རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་ཞབས་སེན་ཚངས་དབང་ཁྱབ་འཇུག་དྲག་པོས་བཏེགས་པའི་ཁྲི་དྲུང་དུ། སྒོ་གསུམ་གུས་ལྡན་མཁྱེན་བརྩེའི་སྤྲུལ་མིང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཡན་ལག་མཆོག་གི་རབ་ཏུ་བཏུད་དེ་གུས་པས་ཞུ་གསོལ། དེང་། ཚད་མེད་མཁྱེན་དང་བརྩེ་བའི་སྤྲིན་ཆེན་བསྐལ་མང་གོང་ནས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་ཁྱབ་པར་བཀོད་པ་ལས། ཁྱད་པར་བསིལ་ལྡན་གངས་རིའི་ར་བས་བསྐོར་བའི་ལྗོངས་འདི་འཕགས་མཆོག་ཕྱག་ན་པདྨོ་ངུར་སྨྲིག་གར་གྱི་རྣམ་པར་རོལ་པའི་ཚུལ་སྟོན་གྱིས་ཕྱག་མཚན་དུ་བཞེས་པ་ལས་རྩོད་དུས་བསྟན་འགྲོའི་གདུང་སེལ་༧རྒྱལ་མཆོག་གསེར་རིའི་ལྷུན་པོ་སྐྱེས་སྦྱངས་ཀྱི་འཕགས་པ་ས་ཆེན་པོའི་ཡོན་ཏན་ལ་ངང་གིས་དབང་འབྱོར་བའི་རྐང་གཉིས་རྣམས་ཀྱི་གཙོ་བོ་མཚུངས་ཟླ་མ་མཆིས་པའི་གསང་གསུམ་ནམ་མཁའི་ནོར་བུ་རྡུལ་བྲལ་གསལ་དྭངས་སུ་བཞུགས་པ་དང་། འཕགས་པ་འཇམ་དཔལ་དབྱངས་ཀྱི་ཞིང་ཁམས་ཙཱི་ནའི་རྒྱལ་ཁབ་ཆེན་པོར་ཆིབས་བསྒྱུར་ལ་ཉེ་ཞོ་མེད་པར་ནུབ་ཕྱོགས་བདེ་ལྡན་ཞིང་གི་གཞལ་མེད་ཁང་ཆེན་པོར་ཞབས་པད་གསེར་གྱི་འཁོར་ལོས་བསྒྱུར་བའི་ཡས་ཞོར་སྡེ་དགེའི་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གནང་བ་བཀའ་དྲིན་གཞལ་མེད་དུ་ཆེ། འདིར་གནས་རྨོངས་བརྟུལ་འདུ་ཤེས་གསུམ་པའང་རྒྱལ་མཆོག་ཐུགས་རྗེའི་གྲིབ་བསིལ་དུ་ངལ་འཚོ་ཐོབ། མཚམས་ཀྱི་ཞུ་གསོལ། ད་ལམ་གསེར་ཞལ་རིན་པོ་ཆེ་མཇལ་བ་ལ་ཤིན་ཏུ་ཡིད་གདུང་ཀྱང་། གུས་པ་ད་སྔར་ལོ་མང་ཤས་ཕྱོགས་འགྲུལ་མ་བྱས་པ་དང་། མི་མང་གི་གསེབ་ཏུ་ཁྲག་གྲིབ་ལྡང་ཞིང་། འདི་ལོ་ལྷ་བླའི་བརྟགས་ཞེལ་སོགས་ཀྱི་རྐྱེན་ལས་ད་ལྟ་མཇལ་ཞུས་མ་གྲུབ་པར་མཁྱེན་དབྱིངས་རིན་པོ་ཆེར་རྙོགས་རྐྱེན་དུ་མི་འགྱུར་བ་དང་། འབྱུང་ཆར་ཡང་། ཞིང་འདིའི་ལེགས་བརྒྱའི་དཔལ་ཡོན་གྱི་རྩ་བ་ནི་༧ཐམས་ཅད་མཁྱེན་པ་མཆོག་ལས་གཞན་དུ་མ་དམིགས་པས་བོད་ཁམས་ལྷ་མིའི་སྐྱབས་མགོན་གཅིག་པུར་གསང་གསུམ་རྡོ་རྗེའི་ཁྲི་འཕང་ཆེན་པོར་བསྐལ་པ་རྒྱ་མཚོར་རྟག་བཞུགས་གསོལ་བ་འདེབས་པ་དང་གུས་པ་ལྟོས་བཅས་རྣམ་ཀུན་ཐུགས་དམ་ཡེ་ཤེས་གཟིགས་པའི་སྐྱབས་འོག་ནས་མི་འདོར་བ་ཞུ་ཞིང་། །གུས་ནས་ཀྱང་ཞབས་བརྟན་གྱི་སླད་དུ་སྒོ་གསུམ་གྱི་འབད་ནུས་ཅི་ཡོད་རྩལ་སྤྲུགས་སུ་ཞུ་བ་བཅས་རྣམ་མཁྱེན་ཆེན་པོར་མངའ་བ་མཁྱཻནེ། མཁྱཻནེ། མཁྱཻནེ། ཅེས་ཞུ་ཆུང་འདེགས་མཚོན་ལྷ་རྫས་ནང་མཛོད། མཎྜལ་རྟེན་དོད་རྒྱ་སྲང་ལྔ། རིན་ཆེན་དང་པོ་ཞོ་འཁོར་བཅུ། རིན་གཉིས་དྷཱ་སྒོར་ཉིས་བརྒྱ། གཟིག་ལྤགས་བཅས་སྐྱབས་འོག་པས་གུས་པ་ཆེན་པོས་ཕྱག་བཅས་ཕུལ།། །།
[edit]

ris med rgyal bstan yongs kyi mnga' bdag srid pa gsum gyi gtsug nor 7rgyal dbang thams cad mkhyen pa chen po'i zhabs sen tshangs dbang khyab 'jug drag pos btegs pa'i khri drung du/__sgo gsum gus ldan mkhyen brtse'i sprul ming 'jam dbyangs chos kyi blo gros pas yan lag mchog gi rab tu btud de gus pas zhu gsol/__deng /__tshad med mkhyen dang brtse ba'i sprin chen bskal mang gong nas phyogs bcu'i zhing khams rab 'byams rnams su khyab par bkod pa las/__khyad par bsil ldan gangs ri'i ra bas bskor ba'i ljongs 'di 'phags mchog phyag na pad+mo ngur smrig gar gyi rnam par rol pa'i tshul ston gyis phyag mtshan du bzhes pa las rtsod dus bstan 'gro'i gdung sel 7rgyal mchog gser ri'i lhun po skyes sbyangs kyi 'phags pa sa chen po'i yon tan la ngang gis dbang 'byor ba'i rkang gnyis rnams kyi gtso bo mtshungs zla ma mchis pa'i gsang gsum nam mkha'i nor bu rdul bral gsal dwangs su bzhugs pa dang /__'phags pa 'jam dpal dbyangs kyi zhing khams tsI na'i rgyal khab chen por chibs bsgyur la nye zho med par nub phyogs bde ldan zhing gi gzhal med khang chen por zhabs pad gser gyi 'khor los bsgyur ba'i yas zhor sde dge'i rgyal khab tu chibs bsgyur gnang ba bka' drin gzhal med du che/__'dir gnas rmongs brtul 'du shes gsum pa'ang rgyal mchog thugs rje'i grib bsil du ngal 'tsho thob/__mtshams kyi zhu gsol/__da lam gser zhal rin po che mjal ba la shin tu yid gdung kyang /__gus pa da sngar lo mang shas phyogs 'grul ma byas pa dang /__mi mang gi gseb tu khrag grib ldang zhing /__'di lo lha bla'i brtags zhel sogs kyi rkyen las da lta mjal zhus ma grub par mkhyen dbyings rin po cher rnyogs rkyen du mi 'gyur ba dang /__'byung char yang /__zhing 'di'i legs brgya'i dpal yon gyi rtsa ba ni 7thams cad mkhyen pa mchog las gzhan du ma dmigs pas bod khams lha mi'i skyabs mgon gcig pur gsang gsum rdo rje'i khri 'phang chen por bskal pa rgya mtshor rtag bzhugs gsol ba 'debs pa dang gus pa ltos bcas rnam kun thugs dam ye shes gzigs pa'i skyabs 'og nas mi 'dor ba zhu zhing /__/gus nas kyang zhabs brtan gyi slad du sgo gsum gyi 'bad nus ci yod rtsal sprugs su zhu ba bcas rnam mkhyen chen por mnga' ba mkhyaine/__mkhyaine/__mkhyaine/__ces zhu chung 'degs mtshon lha rdzas nang mdzod/__maN+Dal rten dod rgya srang lnga/__rin chen dang po zho 'khor bcu/__rin gnyis d+hA sgor nyis brgya/__gzig lpags bcas skyabs 'og pas gus pa chen pos phyag bcas phul//__//

Footnotes

Other Information