JKCL-KABUM-11-DA-121

From Khyentse Lineage - A Tsadra Foundation Project

ཨོཾ་སྭསྟི། ངོ་མཚར་ཀུན༵་བཟ༵ང་ལྷ་ཡི་ཕ་སོགས་སྣེའུ་གདོང་རྩེ་པའི་ཞབས་བརྟན་གྲྭ་ཚང་ལ་བཀའ་འདུས་ཐེབས་གཏན་བཞག་ཐོ།
Wylie title oM swasti/ ngo mtshar kun bzang lha yi pha sogs sne'u gdong rtse pa'i zhabs brtan grwa tshang la bka' 'dus thebs gtan bzhag tho JKCL-KABUM-11-DA-121.pdf
Location chos kyi blo gros bka' 'bum
Volume 11, Text 121, Pages 589-591 (Folios 1a1 to 2a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. oM swasti ngo mtshar kun bzang lha yi pha sogs sne'u gdong rtse pa'i zhabs brtan grwa tshang la bka' 'dus thebs gtan bzhag tho. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 589-591. Bir, H.P.: Khyentse Labrang, 2012.
Genre
Colophon

སྡེ་དགེ་རྫོང་སར་མཁྱེན་བརྩེ་སྤྲུལ་སྐུས། མེ་སྤྲེལ་ཟླ་༤ཚེས་༢༡པ་བྲིས་པ་དགེ།

sde dge rdzong sar mkhyen brtse sprul skus/__me sprel zla 4tshes 21pa bris pa dge/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཨོཾ་སྭསྟི། ངོ་མཚར་ཀུན༵་བཟ༵ང་ལྷ་ཡི་ཕོ་བྲང་ནང་། །རྩ་གསུམ་རབ་འབྱམས་དགྱེས་པའི་རོལ་མོ་འཁྲོལ། །དགེ་ལེགས་སྭསྟིའི་དབྱངས་སྙན་སྒྲོགས་པ་ཡི། །ས་གསུམ་ཀུན་ཏུ་རབ་དགའི་རྩེར༵་གྱུར་ཅིག །ཅེས་བཀྲ་ཤིས་པའི་ཚིགས་སུ་བཅད་པས་དྲངས་ཏེ། དེང་གི་ཆར་བསོད་ནམས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་པའི་༧ཞབས་བརྟན་གྲྭ་ཚང་བན་འཚོགས་པའི་སྐུ་བཅར། མཁན་ཟུར་ལྷོ་ཁང་སྤྱི་ཁྱབ་ཡེ་ཤེས་ཐུབ་བསྟན་གྱིས་བཀའ་དྲིན་ཆེན་པོས་གཞི་བཟུང་། འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱི་ཐུགས་སྲས། ཁྱུང་སྤྲུལ་པཱ་ཏཾ་པདྨ་དབང་ཆེན་གོང་གསལ་རྟེན་བཞག་དང་འབྲེལ་བའི་དེབ་བཀོད། ཀཿཐོག་རྒྱལ་སྲས་ཀུན་ཏུ་བཟང་པོས་ཆོ་ག་ཕྱག་ལེན་གྱི་བསྒྲིགས་བཀོད་སོགས་མཛད་དེ་ཐུགས་བསྐྱེད་ཆེན་པོས་སྤྲུལ་པའི་གཏེར་ཆེན་ཡར་རྗེ་ཨོ་རྒྱན་གླིང་པའི་དཔལ་ཆེན་བཀའ་འདུས་ཚོམ་བུ་ཉེར་གཅིག་གི་ཆོས་སྡེ་ཆེན་པོ་ཡང་གཏེར་དུ་སྦས་པ་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའམ། འཇམ་དབྱངས་མཁྱེན་བརྩེའི་དབང་པོར་སླར་ཡང་བཀའ་བབས་པ་བཀའ་འདུས་སྙིང་བོ་ཙམ་གཏན་ལ་ཕབས་པར་མཛད་པའི་ཕྲིན་ལས་ཀྱི་བྱང་བུ་དང་འབྲེལ་བའི་སྒྲུབ་མཆོད་ཚོམ་བུ་ཚོགས་བསྒྲུབ་གསར་འཛུགས་དགོས་ཕེབས་བཞིན། བན་ཚོགས་སེར་སྐྱ་ཐམས་ཅད་ནས་དད་མོས་ལྷག་བློས་འཛུགས་པར་མཛད་པ། ད་ལམ་ངོས་ཀྱང་སྒྲུབ་དབུར་བདུད་རྩི་སྨན་སྒྲུབ་དང་འབྲེལ་བའི་སྒྲུབ་པའི་དགའ་སྟོན་ཕུན་སུམ་ཚོགས་པ་ཉམས་སུ་མྱོང་བའི་སྐབས་སུ་སྤྲོ་དགའ་ཆེན་པོས། སྒྲུབ་པར་ཉེར་མཁོའི་རྟེན་བཞག་ཕྲན་བུའི་ཐོ་ལ། གཡབ་དར་རྡོ་རྗེ་ལ་འདོག་རྒྱུ་དར་སྣ་ལྔ། གོས་ཡ་ཤ་ནག་པོ་གོས་དམར་གྱི་འཕན་ལྕེ་གསུམ་ཡོད་པ་ལྕགས་རྡོར་ལ་འདོགས་རྒྱུ། མཁྱེན་བརྩེ་གོང་མས་ཕྱག་བསྣམས་དང་། ངོས་ཀྱི་རྒྱུན་རིང་སྒྲུབ་རྟེན་བྱས་པའི་གསེར་དངུལ་ཕྲ་མའི་ཚེ་བུམ། མདུན་ཕྲ་ལ་པད་རཀ་གཅིག །གཡུ་ཕྲ་ཆེ་ཆུང་། བྱེ་རུ་དཀྲིས་ལ་ཏོག་ཡོད་པ། ཁ་རྒྱན། རྟ་མགོ། པད་ལྡེར་བཅས་ཤུབ་ལྡན་སྤུས་ལེགས། མདུན་ཆས་ནང་འཇོགས་རྒྱུ། ཀ་པཱ་ལ་མཚན་ལྡན་དངུལ་གྱི་ནང་ཤན་ཅན། རག་གསེར་མེ་རླུང་ཐོད་སྒྱེད་དང་། ཁེབས་ལ་བྱེར་ཙབ་གཅིག་ཡོད་པ། བཟང་གོས་སྟེགས་ཁེབས་མཐའ་འཇགས་བཟང་གོས་ཚོས་རྙིང་མས་བྱས་པ་ནང་ལྡན་ཆེ་གཅིག །མདུན་ཆས་འགེབས་མཇའ་འཐགས་དམར་པོའི་ཁེབས་གྲུ་བཞི་ད་འཕྲུས་དམར་པོའི་ནང་ལྡན་གཅིག་བཅས་རྟེན་བཞག་དང་། བཀའ་འདུས་དུས་མཆོད་ལ་བཤམས་དགོས་རྒྱུ་བཅས་སྡེ་དགེ་རྫོང་སར་མཁྱེན་བརྩེ་སྤྲུལ་སྐུས། མེ་སྤྲེལ་ཟླ་༤ཚེས་༢༡པ་བྲིས་པ་དགེ། །།
[edit]

oM swasti/__ngo mtshar kuna~X bza~Xng lha yi pho brang nang /__/rtsa gsum rab 'byams dgyes pa'i rol mo 'khrol/__/dge legs swasti'i dbyangs snyan sgrogs pa yi/__/sa gsum kun tu rab dga'i rtsera~X gyur cig__/ces bkra shis pa'i tshigs su bcad pas drangs te/__deng gi char bsod nams stobs kyi 'khor los bsgyur ba pho brang chen po sne'u gdong rtse pa'i 7zhabs brtan grwa tshang ban 'tshogs pa'i sku bcar/__mkhan zur lho khang spyi khyab ye shes thub bstan gyis bka' drin chen pos gzhi bzung /__'jam mgon mkhyen kong rnam gnyis kyi thugs sras/__khyung sprul pA taM pad+ma dbang chen gong gsal rten bzhag dang 'brel ba'i deb bkod/__kaHthog rgyal sras kun tu bzang pos cho ga phyag len gyi bsgrigs bkod sogs mdzad de thugs bskyed chen pos sprul pa'i gter chen yar rje o rgyan gling pa'i dpal chen bka' 'dus tshom bu nyer gcig gi chos sde chen po yang gter du sbas pa ngo mtshar bka' babs bdun ldan pad+ma 'od gsal mdo sngags gling pa'am/__'jam dbyangs mkhyen brtse'i dbang por slar yang bka' babs pa bka' 'dus snying bo tsam gtan la phabs par mdzad pa'i phrin las kyi byang bu dang 'brel ba'i sgrub mchod tshom bu tshogs bsgrub gsar 'dzugs dgos phebs bzhin/__ban tshogs ser skya thams cad nas dad mos lhag blos 'dzugs par mdzad pa/__da lam ngos kyang sgrub dbur bdud rtsi sman sgrub dang 'brel ba'i sgrub pa'i dga' ston phun sum tshogs pa nyams su myong ba'i skabs su spro dga' chen pos/__sgrub par nyer mkho'i rten bzhag phran bu'i tho la/__g.yab dar rdo rje la 'dog rgyu dar sna lnga/__gos ya sha nag po gos dmar gyi 'phan lce gsum yod pa lcags rdor la 'dogs rgyu/__mkhyen brtse gong mas phyag bsnams dang /__ngos kyi rgyun ring sgrub rten byas pa'i gser dngul phra ma'i tshe bum/__mdun phra la pad raka gcig__/g.yu phra che chung /__bye ru dkris la tog yod pa/__kha rgyan/__rta mgo/__pad lder bcas shub ldan spus legs/__mdun chas nang 'jogs rgyu/__ka pA la mtshan ldan dngul gyi nang shan can/__rag gser me rlung thod sgyed dang /__khebs la byer tsab gcig yod pa/__bzang gos stegs khebs mtha' 'jags bzang gos tshos rnying mas byas pa nang ldan che gcig__/mdun chas 'gebs mja' 'thags dmar po'i khebs gru bzhi da 'phrus dmar po'i nang ldan gcig bcas rten bzhag dang /__bka' 'dus dus mchod la bshams dgos rgyu bcas sde dge rdzong sar mkhyen brtse sprul skus/__me sprel zla 4tshes 21pa bris pa dge/__//__

Footnotes

Other Information