ཟམ་ལྷ་མའི་བསང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-105
Wylie title zam lha ma'i bsang JKCL-KABUM-11-DA-105.pdf
Location chos kyi blo gros bka' 'bum
Volume 11, Text 105, Pages 515-516 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. zam lha ma'i bsang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 515-516. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang

1 Texts in this Section (sde tshan or chos tshan)

[edit]
ཟམ་ལྷ་མའི་བསང་ནི། ཨཱཿསྣང་བ་ཕྱི་སྣོད་དག་པ་ཡུམ་ལྔའི་ཀློང་། ཧཱུྃ། རང་རིག་སེམས་ཉིད་སྟོང་གསལ་སྤྲོས་དང་བྲལ། ཨོཾ། ཕྱི་ནང་བསང་རྫས་མཆོད་རྫས་ནམ་མཁའི་མཛོད། །མི་ཟད་འདོད་རྒུའི་རྒྱ་མཚོར་རླབས་པ་འདི། །ཡུལ་ལྷ་གཉན་པོ་འཁོར་ཚོགས་བཅས་ལ་འབུལ། །མི་མཐུན་ཚོགས་ཞི་བདེ་ལེགས་སྤྲིན་གཡོས་ནས། །ཇི་ལྟར་འདོད་བསྐང་རེ་འབྲས་སྨིན་མཛོད་ཅིག །ཀྱཻ། ཡིད་འོང་ལྷུན་སྟུག་བྲག་སྤང་ལྗོན་ཤིང་འཐབ། །བྱ་ཚོགས་རི་དྭགས་རྩེ་འཇོ་བྲེངས་སེ་འཁྲབ། །ན་བུན་སྔོ་འཕྱུར་གཡུ་ཆར་འཐིབ་པའི་དབུས། །དགེ་བསྙེན་ཟོ་དོར་ཟམ་ལྷ་གཉན་པོ་ཞེས། །ལས་ཀུན་མྱུར་བའི་ཆ་ལུགས་རྣམ་འགྱུར་ངོམ། །དཀར་པོ་དུང་ཁྲབ་བེར་སྔོ་གཡུ་ཐིག་མནབ། །སྟག་ཞྭ་ཁྲ་བོ་རྣ་ལྷབ་དར་བརྒྱན་ཅན། །དབུ་ལ་གསོལ་ཞིང་མེ་ལོང་འོད་མདངས་རྒྱས། །ཕྱག་གཉིས་རུ་དར་ཕྱར་བས་ཡུལ་ལྷ་སྡུད། །ལྕགས་ཀྱི་སྒམ་ཆུང་སྒྲོམ་བུ་ཟན་སྣོད་འཛིན། །རྟ་མཆོག་དུང་ཁྲ་གཟི་འོད་ཤུགས་ལྡན་ཆིབས། །རོལ་དུ་ཞུབས་ཆེན་མི་ནག་ལན་ཚར་འབྲེང་། །འཁོར་དུ་སྡེ་བརྒྱད་སྨན་བཙུན་གྲངས་མེད་བསྐོར། །གཅིག་ཏུ་མ་ངེས་ཆ་ལུགས་སྤྲུལ་བསྒྱུར་འགྱེད། །ཡུལ་འདིའི་མི་ཕྱུགས་འཚོ་ཞིང་སྲུང་སྐྱོབས་མཛོད། །ལོ་འབྲས་སད་སེར་གནོད་པ་སྲུང་སྐྱོབས་རེམ། །དེ་ལྟར་བསང་ཞིང་མཆོད་པའི་དུད་སྤྲིན་འབུལ། །བདག་ཅག་ལུས་ཅན་རྣམས་ཀྱི་སྟོང་གྲོགས་གྱིས། །ཇི་ལྟར་བཅོལ་པའི་ཕྲིན་ལས་མྱུར་སྒྲུབས་ཤིག། །།

Footnotes

Other Information