ཨ་མྱེ་མགོ་རྡོའི་བསང་མཆོད།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-104
Wylie title a mye mgo rdo'i bsang mchod JKCL-KABUM-11-DA-104.pdf
Location chos kyi blo gros bka' 'bum
Volume 11, Text 104, Pages 513 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. a mye mgo rdo'i bsang mchod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 513. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Deity a mye mgo rdo
Colophon

ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ། །དགེའོ།།

ces pa'ang chos kyi blo gros pas so/__/dge'o//

1 Texts in this Section (sde tshan or chos tshan)

[edit]
ཨ་མྱེ་མགོ་རྡོའི་བསང་མཆོད་བཞུགས་སོ། ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་བསྲེག་རྫས་རྣམས་ཀུན། །ངོ་བོ་ཡེ་ཤེས་ཟག་མེད་བདུད་རྩིའི་སྤྲིན། །དགྱེས་རྒུར་འཆར་བ་མི་ཟད་ནམ་མཁའི་མཛོད། །བློ་ཡིས་སྤྲུལ་ཞིང་འགྲོན་རྣམས་ཚིམ་བྱེད་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། རྩ་གསུམ་འདུས་ཞལ་མཚོ་སྐྱེས་རྡོ་རྗེ་ཡིས། །དམ་ལ་བཞག་པའི་དཀར་ཕྱོགས་སྐྱོང་བའི་རྒྱལ། །དགེ་བསྙེན་དབང་གྲགས་རྡོ་རྗེ་སྐུ་མདོག་ནག །ཞལ་གཅིག་ཕྱག་གཉིས་ཕྱག་གཡས་དགྲ་སྟ་འཕྱར། །གཡོན་པས་མདུང་དར་ནོར་བུ་དབང་རྒྱལ་བསྣམས། །བེར་ནག་གསོལ་ཞིང་རལ་བ་ཐུར་དུ་འཕྱང་། །ཐུགས་ཀར་སྲིད་གསུམ་གསལ་བའི་མེ་ལོང་དཔྱང་། །སག་ལྷྭམ་གསོལ་ཞིང་རྟ་དམར་སྟེང་ན་འགྱིང་། །ཡབ་ཡུམ་འཁོར་བཅས་འདིར་གཤེགས་བསང་མཆོད་བཞེས། །དམ་ཉམས་གྲིབ་ཀྱི་མནོལ་བ་སངས་གྱུར་ཅིག །རྒྱལ་ཁམས་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར། །མི་ནད་ཕྱུག་ནད་དུས་འཁྲུག་རྒྱུན་ཆད་ཅིང་། །ཞིང་ལ་བཙའ་འབུ་སད་སེར་རིགས་མཐའ་དག །ཞི་བས་བཀྲ་ཤིས་དཔལ་གཡང་དངོས་གྲུབ་སྩོལ། །གཏོར་མ་སྐྱེམས་ཕུད་གཙང་སར་མཆོད། ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ། །དགེའོ།། །།

Footnotes

Other Information