འབྲི་རྒྱུད་གསེར་ལྡན་གྱི་གཞི་བདག་རྣམས་ཀྱི་བསང་མཆོད་དང༌། ཀྱཻ། ཡུལ་སྐྱོང་གཞི་བདག་ཞང་ར་འཁོར་བཅས་རྣམས་ཞེས།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-106
Wylie title 'bri rgyud gser ldan gyi gzhi bdag rnams kyi bsang mchod dang/ kyai/ yul skyong gzhi bdag zhang ra 'khor bcas rnams zhes JKCL-KABUM-11-DA-106.pdf
Location chos kyi blo gros bka' 'bum
Volume 11, Text 106, Pages 517 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'bri rgyud gser ldan gyi gzhi bdag rnams kyi bsang mchod dang kyai yul skyong gzhi bdag zhang ra 'khor bcas rnams zhes. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 517. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon
  • First colophon: །ཅེས་པའང་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ།
  • Second colophon: །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།།
  • First colophon: /ces pa'ang chos kyi blo gros pas bris pa dge/
  • Second colophon: /ces pa'ang chos kyi blo gros pas so//

1 Texts in this Section (sde tshan or chos tshan)

[edit]
ཀྱཻ། འཛམ་གླིང་ཁ་བ་ཅན་གྱི་ལྗོངས། །སྲིད་པ་ཆགས་པའི་གཞི་བདག་དང་། །ཁྱད་པར་འབྲི་རྒྱུད་གསེར་ལྡན་གྱི། །ལྷ་ཀླུ་དགེ་བསྙེན་གཞི་བདག་རྣམས། །འདིར་གཤེགས་བསང་མཆོད་འདོད་ཡོན་བཞེས། །བཀྲ་ཤིས་ཁྲི་སྒོ་དངུལ་ལུང་དུ། །ལྷ་རབས་གཏན་ཆགས་གོ་རི་དང་། །ནོར་ལྷ་གཏེར་བདག་ཞང་གཉན་རྗེ། །ལྷ་བཙན་བྲག་ལྷ་ལྕོགས་རྒྱལ་དང་། །མགར་ཐེལ་རྩེ་རྒྱལ་ཟངས་འགུ་མ། །ནོར་སྟུག་ལ་སོགས་གཞི་བདག་རྣམས། །འདིར་གཤེགས་བསང་མཆོད་འདོད་ཡོན་བཞེས། །གྲིབ་དང་མི་གཙང་སངས་གྱུར་ཅིག །དགྱེས་རབ་མཉེས་པའི་རྩེར་སོན་ཏེ། །བསྟན་འགྲོའི་ལེགས་ཚོགས་སྤེལ་བ་དང་། །བཙའ་སད་སེར་བའི་གནོད་པ་སྲུངས། །མི་ཕྱུགས་དལ་ཡམས་རྒྱུན་ཆད་ནས། །བཀྲ་ཤིས་ཕྱྭ་གཡང་རྒྱས་གྱུར་ཅིག །ཅེས་པའང་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ། །། ༈ཀྱཻ། ཡུལ་སྐྱོང་གཞི་བདག་ཞང་ར་འཁོར་བཅས་རྣམས། །བསང་དང་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཡུལ་རིས་རྒྱལ་ཁམས་མཐའ་དག་བསྲུང་བ་དང་། །ལོ་ཕྱུགས་རྟག་ཏུ་ལེགས་པའི་ཕྲིན་ལས་མཛོད། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །།

Footnotes

Other Information