གཟི་ཕུག་ལུང་གི་བསང་མཆོད།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-102
Wylie title gzi phug lung gi bsang mchod JKCL-KABUM-11-DA-102.pdf
Location chos kyi blo gros bka' 'bum
Volume 11, Text 102, Pages 509-510 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gzi phug lung gi bsang mchod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 509-510. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon
  • First colophon page 509: །ཅེས་པའང་ཚེ་ར་དཀོན་མཆོག་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།
  • Second colophon page 510: །ཅེས་པའང་ཉ་བྲག་འདུས་སྡེའི་སྐུ་རྟེན་གསར་བཞེངས་སྐབས་མཆོག་སྤྲུལ་ནས་གསོལ་བར་བཏབ་པའི་ངོར་༧ཆོས་ཀྱི་བློ་གྲོས་པས་མཛད་པའོ།།
  • First colophon page 509: /ces pa'ang tshe ra dkon mchog nas bskul ngor chos kyi blo gros pas so/
  • Second colophon page 510: /ces pa'ang nya brag 'dus sde'i sku rten gsar bzhengs skabs mchog sprul nas gsol bar btab pa'i ngor 7chos kyi blo gros pas mdzad pa'o//

1 Texts in this Section (sde tshan or chos tshan)

[edit]
གཟི་ཕུག་ལུང་གི་བསང་མཆོད་བཞུགས། ཀྱཻ། དག་པ་རབ་འབྱམས་ལྷ་ཡི་གཞལ་མེད་ཁང་། །བཀྲ་ཤིས་བྱིན་ཆགས་སྦས་ཡུལ་གཉན་པོ་ནི། །རྩ་གསུམ་ནོར་ལྷ་རྒྱ་མཚོ་བརྟེན་པའི་གནས། །ཁྱད་པར་རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །རྣམ་འཕྲུལ་ཉེར་གཅིག་སངས་རྒྱས་བྱང་སེམས་ཚོགས། །མངོན་སུམ་བཞུགས་པའི་སྒྲུབ་གནས་གཉན་པོ་ཡི། །རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་བསང་། ཀྱཻ། ཕྱེ་མར་ཤིང་རྩི་དྲི་བཟང་སྣ་ཚོགས་དང་། །སྨན་སྤོས་སྦྱར་བའི་དུད་སྤྲིན་ཆེན་པོ་ཡིས། །མནོལ་བ་སངས་ལ་འཐིབ་པ་དྭངས་གྱུར་ཅིག །དགྱེས་པའི་ཞལ་བཟང་ཉ་རྒྱས་ཟླ་ལྟར་ངོམ། །སྣོད་བཅུད་ཀུན་གྱི་དངོས་གྲུབ་འབྱུང་བའི་གཞི། །གཏེར་ཆེན་བུམ་བཟང་ལྟ་བུའི་གནས་ཆེན་པོ། །བྱིན་རླབས་དངོས་གྲུབ་གཟི་བརྗིད་རབ་འཕྲོས་བསང་། །ཡུལ་ཁམས་ཀུན་ཏུ་བཀྲ་ཤིས་དགེ་ལེགས་ཤོག །ཅེས་པའང་ཚེ་ར་དཀོན་མཆོག་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ། །༈། གནས་གཏེར་སྐྱོང་བའི་གཞི་བདག་ཆེ། །འབུང་ཆུང་སྟག་སྦྲུལ་འཁོར་བཅས་རྣམས། །རྟེན་འདིར་བརྟན་པར་བཞུགས་ནས་ཀྱང་། །ཡུལ་ཁམས་སྐྱོང་ཞིང་ཁྱད་པར་དུ། །ཆོས་སྡེ་ཆེན་པོ་འདི་ཉིད་ལ། །རྟག་ཏུ་སྲུངས་སྐྱོབ་སྡོང་གྲོགས་མཛོད། །དགེ་འདུན་སྡེ་འཕེལ་ཐུགས་མཐུན་ཞིང་། །བཤད་སྒྲུབ་དབྱར་གྱི་ཆུ་ལྟར་རྒྱས། །ཕྱྭ་གཡང་ལོངས་སྤྱོད་ཀུན་བསྡུས་ནས། །བསོད་ནམས་དབང་ཐང་མཚོ་མོ་འཁྱིལ། །ནོར་བུའི་སྤྲིན་ཆེན་རྒྱས་པ་དང་། །སྲིད་ཞིའི་ལེགས་ཚོགས་འཕེལ་མཛད་གསོལ། །ཅེས་པའང་ཉ་བྲག་འདུས་སྡེའི་སྐུ་རྟེན་གསར་བཞེངས་སྐབས་མཆོག་སྤྲུལ་ནས་གསོལ་བར་བཏབ་པའི་ངོར་༧ཆོས་ཀྱི་བློ་གྲོས་པས་མཛད་པའོ།། །།

Footnotes

Other Information