དཀོན་མཆོག་རྩ་གསུམ་ཆོས་སྐྱོང་ནོར་ལྷ་དང༌། ཁྱད་པར་སྒྲོལ་མ་པད་འབྱུང་འོད་ཟེར་ཅན་སོགས་ལམ་བསང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-095
Wylie title dkon mchog rtsa gsum chos skyong nor lha dang/ khyad par sgrol ma pad 'byung 'od zer can sogs lam bsang JKCL-KABUM-11-DA-095.pdf
Location chos kyi blo gros bka' 'bum
Volume 11, Text 95, Pages 483 (Folios 1a1 to 1a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dkon mchog rtsa gsum chos skyong nor lha dang khyad par sgrol ma pad 'byung 'od zer can sogs lam bsang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 483. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/wayfaring-offering
Colophon

།ཅེས་པའང་ཤིང་ལུག་ཟླ་༦ཚེས་ལ་སོག་གི་གད་དམར་ཡར་རྒྱབ་རྟ་རྒྱུགས་ཐང་དུ་བྲིས་པའོ།།

/ces pa'ang shing lug zla 6tshes la sog gi gad dmar yar rgyab rta rgyugs thang du bris pa'o//

1 Texts in this Section (sde tshan or chos tshan)

[edit]
ཨོཾ་ཨཱཿཧཱུྃཿ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་ནོར་ལྷ་དང་། །གནས་གཏེར་བདག་པོ་གཞི་བདག་ཚོགས་རྣམས་དང་། །ཁྱད་པར་སྒྲོལ་མ་པད་འབྱུང་འོད་ཟེར་ཅན། །མ་གཅིག་དཔལ་ལྷ་ཞིང་སྐྱོང་དུར་ཁྲོད་བདག །གཡུ་སྒྲོན་ཚེ་རིང་མ་དང་ཐང་ལྷ་དང་། །གེ་སར་རྡོར་ལེགས་ལ་སོགས་ལམ་སྲུང་རྣམས། །འདོད་ཡོན་བདུད་རྩིའི་སྐྱེམས་ཕུད་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སྲུངས་ཤིང་སྐྱོབས་པ་དང་། །ཁ་འཛིན་རྒྱབ་བརྟེན་སྡོང་གྲོགས་མཛད་དུ་གསོལ། །དགྲ་ཇག་ཆོམ་རྐུན་གནོད་པ་ཐམས་ཅད་བཟློག །བདག་ཅག་གར་འགྲོ་གར་གནས་བཀྲ་ཤིས་ཤོག །ཅེས་པའང་ཤིང་ལུག་ཟླ་༦ཚེས་ལ་སོག་གི་གད་དམར་ཡར་རྒྱབ་རྟ་རྒྱུགས་ཐང་དུ་བྲིས་པའོ།། །།

Footnotes

Other Information