JKCL-KABUM-11-DA-094

From Khyentse Lineage - A Tsadra Foundation Project

སྐུ་ལྷ་མཁའ་རིའི་གསོལ་མཆོད།
Wylie title sku lha mkha' ri'i gsol mchod JKCL-KABUM-11-DA-094.pdf
Location chos kyi blo gros bka' 'bum
Volume 11, Text 94, Pages 479-481 (Folios 1a1 to 2a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sku lha mkha' ri'i gsol mchod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 479-481. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Colophon

།ཅེས་པའང་དབང་ཆེན་སྤྲེལ་ལོའི་ཟླ་བ་བདུན་པའི་ཚེས་བཞི་ལ་ཕུ་མ་གཡུ་མཚོའི་འགྲམ་སྐུ་ལྷའི་མདུན་ཐོད་དུ། ཆོས་ཀྱི་བློ་གྲོས་པས་ཤར་མར་བྲིས་པ་དགེའོ།།

/ces pa'ang dbang chen sprel lo'i zla ba bdun pa'i tshes bzhi la phu ma g.yu mtsho'i 'gram sku lha'i mdun thod du/__chos kyi blo gros pas shar mar bris pa dge'o//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
སྐུ་ལྷ་མཁའ་རིའི་གསོལ་མཆོད་བཞུགས། ན་མོ་པདྨ་ཀཱ་ར་ཡེ། རྗེ་ཡི་སྐུ་ལྷ་མཁའ་རི་མཆེད་བརྒྱད་ལ་གསོལ་མཆོད་བྱ་བར་འདོད་པས། གཏོར་མ་མཁར་ཟར་ནོར་བུ་འབྲང་རྒྱས་ལ་དཀར་དམར་གཏོར་མ་བརྟན་ཆ་ཅི་རིགས་དར་ཚོན་གྱིས་བརྒྱན་པ་བཤམས་ལ། ཡི་དམ་གྱི་སམ་དྷི་ལ་གནས་པས། རྃ་ཡྃ་ཁྃ་གིས་འབགས་བཙོགས་བསྲེག་གཏོར་སྦྱངས། ཨོཾ་ཨཱཿཧཱུྃ་གིས་འོད་ཀྱིས་སྦྱངས་བསྒྱུར་སྤེལ། ནམ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་བྱིན་གྱིས་བརླབ། ཀྱཻ། སྔོན་གྱི་བསྐལ་པའི་དུས་ཤེད་ན། །འོད་གསལ་ལྷ་ཡི་རྒྱལ་པོ་ཉིད། །འཛམ་བུ་གླིང་འདིར་འཕོས་པ་ནི། །སྐུ་ལྷ་མཁའ་རི་ཤེའུ་ཞེས། །སྲིད་པར་རྟེན་ཆགས་གཡུང་དྲུང་གི །རྟེན་མཆོད་སྒྲུབ་ཅིང་པད་འབྱུང་གིས། །དབང་བསྐུར་བཀའ་ཉན་དམ་ལ་བཏགས། །ཟབ་གཏེར་ཡོངས་ཀྱི་སྲུང་མར་བསྐོས། །སྲས་ཡུམ་བཙུན་མོ་བློན་འབངས་དང་། །ནོར་དང་དཀོར་གྱི་བདག་པོ་དང་། །ལས་བྱེད་སྤྲུལ་པའི་ཕྱག་བརྙན་སོགས། །བྱེ་བ་འབུམ་གྱི་འཁོར་ཚོགས་རྣམས། །འདིར་གཤེགས་བསང་དང་གསེར་སྐྱེམས་དང་། །གཏོར་མ་དཀོར་ཆའི་བརྔན་རྣམས་འབུལ། །དབང་པོ་དྲུག་ལ་དགྱེས་རྒུར་རོལ། །སྣང་སྲིད་འདོད་ཡོན་བཟང་པོ་ནི། །ཇི་སྙེད་བློ་ཡི་བླངས་བྱས་ཏེ། །ཀུན་ཏུ་བཟང་པོའི་ཏིང་འཛིན་གྱིས། །རྣམ་པར་རོལ་པ་མཐའ་ཡས་པ། །ནམ་མཁའ་ཁྱབ་པར་སྤྲུལ་བྱས་ཏེ། །སྐུ་ལྷ་མཁའ་རི་ཤེའུ་ཞེས། །ཆོས་སྐྱོང་སྤྲུལ་པའི་རྒྱལ་པོ་མཆོད། །ལྷ་ཆེན་ཚངས་པ་ཆེན་པོ་མཆོད། །ཡུམ་མཆོག་སངས་སངས་དཔའ་མོ་མཆོད། །སྲས་མཆོག་རྡོ་རྗེ་ཐོད་དཀར་མཆོད། །བློན་ཆེན་སྟག་སེང་རྒྱལ་པོ་དང་། །ཀླུ་བདུད་ནཱ་ག་རཀྴ་མཆོད། །དམག་དཔོན་དགྲ་འདུལ་རྒྱལ་པོ་སོགས། །སྤྲུལ་པའི་དམག་ཚོགས་བྱེ་བ་མཆོད། །ཁྱེད་རྣམས་དགྱེས་པའི་ཕུལ་གྱུར་ཏེ། །ལྷ་འཁོན་གྲིབ་ཀྱིས་མནོལ་བ་དང་། །རྒྱ་འདྲེ་འགོང་པོའི་ཁ་རླངས་ཀྱིས། །གསང་གསུམ་ཉམས་པར་གྱུར་པ་རྣམས། །ཡེ་ཤེས་ཁྲུས་ཀྱི་ལྷ་རྣམས་ཀྱི། །བདུད་རྩིའི་ཆབ་ཀྱིས་དག་གྱུར་ཅིག །དཔལ་ཆེན་འཇམ་དཔལ་ཁྲོས་པ་ཡི། །མཐུ་སྟོབས་ནུས་པའི་གཟི་བརྗིད་བསྐྱེད། །གུ་རུ་པད་འབྱུང་རིག་འཛིན་ཚོགས། །དཔའ་བོ་མཁའ་འགྲོའི་གར་བསྒྱུར་ཞིང་། །བྱིན་ཆེན་བྱིན་ཕོབས་དབང་མཆོག་བསྐུར། །གནས་རྟེན་རྡོ་རྗེའི་ཞིང་ཁམས་ཆེར། །གདོད་ནས་གྲུབ་པའི་ངོ་བོ་རུ། །འགྱུར་བ་མེད་པར་བྱིན་གྱིས་རློབས། །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །ཤཱཀྱ་སེངྒེའི་བསྟན་པ་སྲུངས། །ཨོ་རྒྱན་པདྨ་བི་མ་ལའི། །ཟབ་མོ་སྔགས་ཀྱི་རིང་ལུགས་ཀྱི། །བསྟན་པ་ཕྱོགས་བཅུར་སྤེལ་བ་དང་། །བསྟན་འཛིན་སྐྱེས་བུའི་དབུ་འཕང་བསྟོད། །ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི། །སྤྲུལ་པའི་ཆོས་འཁོར་ཆེ་རྣམས་སྐྱོངས། །བསྟན་ལ་གནོད་པའི་དུ་རུ་ཀའི། །སྡེ་རྣམས་ཐལ་བའི་རྡུལ་བཞིན་རློགས། །རྒྱ་འདྲེ་འགོང་པོའི་རྒྱུ་ལམ་ཆོད། །ཟབ་གཏེར་གཉེར་ཁ་ཐུབ་པ་དང་། །ལས་ཅན་སྐྱེས་བུའི་ཕྱག་ཏུ་སྤྲོད། །ཡིད་བསྲུབས་ལོག་པར་ལྟ་བ་ཡི། །གླང་པོའི་ཀླད་པ་རྡོ་རྗེས་འགེམས། །ཡང་དག་ལྷ་ལ་དད་པ་དང་། །དམ་ལྡན་སློབ་མ་བུ་བཞིན་སྐྱོངས། །འཇིག་རྟེན་བདེ་ཞིང་སྐྱིད་པ་དང་། །བདག་ཅག་གར་འགྲོ་གར་གནས་ཀྱང་། །ཁ་འཛིན་རྒྱབ་བརྟེན་སྡོང་གྲོགས་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །བཀྲ་ཤིས་ཕྱྭ་གཡང་འདིར་ཁུག་ཅིག །ཅེས་བརྗོད་ལ་མཆོད་གཏོར་གསེར་སྐྱེམས་འབུལ་བར་བྱའོ། །ཅེས་པའང་དབང་ཆེན་སྤྲེལ་ལོའི་ཟླ་བ་བདུན་པའི་ཚེས་བཞི་ལ་ཕུ་མ་གཡུ་མཚོའི་འགྲམ་སྐུ་ལྷའི་མདུན་ཐོད་དུ། ཆོས་ཀྱི་བློ་གྲོས་པས་ཤར་མར་བྲིས་པ་དགེའོ།། །།
[edit]

sku lha mkha' ri'i gsol mchod bzhugs/__na mo pad+ma kA ra ye/__rje yi sku lha mkha' ri mched brgyad la gsol mchod bya bar 'dod pas/__gtor ma mkhar zar nor bu 'brang rgyas la dkar dmar gtor ma brtan cha ci rigs dar tshon gyis brgyan pa bshams la/__yi dam gyi sam d+hi la gnas pas/__ra~M ya~M kha~M gis 'bags btsogs bsreg gtor sbyangs/__oM AHhU~M gis 'od kyis sbyangs bsgyur spel/__nam mdzod kyi sngags rgyas rgya cher byin gyis brlab/__kyai/__sngon gyi bskal pa'i dus shed na/__/'od gsal lha yi rgyal po nyid/__/'dzam bu gling 'dir 'phos pa ni/__/sku lha mkha' ri she'u zhes/__/srid par rten chags g.yung drung gi__/rten mchod sgrub cing pad 'byung gis/__/dbang bskur bka' nyan dam la btags/__/zab gter yongs kyi srung mar bskos/__/sras yum btsun mo blon 'bangs dang /__/nor dang dkor gyi bdag po dang /__/las byed sprul pa'i phyag brnyan sogs/__/bye ba 'bum gyi 'khor tshogs rnams/__/'dir gshegs bsang dang gser skyems dang /__/gtor ma dkor cha'i brngan rnams 'bul/__/dbang po drug la dgyes rgur rol/__/snang srid 'dod yon bzang po ni/__/ji snyed blo yi blangs byas te/__/kun tu bzang po'i ting 'dzin gyis/__/rnam par rol pa mtha' yas pa/__/nam mkha' khyab par sprul byas te/__/sku lha mkha' ri she'u zhes/__/chos skyong sprul pa'i rgyal po mchod/__/lha chen tshangs pa chen po mchod/__/yum mchog sangs sangs dpa' mo mchod/__/sras mchog rdo rje thod dkar mchod/__/blon chen stag seng rgyal po dang /__/klu bdud nA ga rak+sha mchod/__/dmag dpon dgra 'dul rgyal po sogs/__/sprul pa'i dmag tshogs bye ba mchod/__/khyed rnams dgyes pa'i phul gyur te/__/lha 'khon grib kyis mnol ba dang /__/rgya 'dre 'gong po'i kha rlangs kyis/__/gsang gsum nyams par gyur pa rnams/__/ye shes khrus kyi lha rnams kyi/__/bdud rtsi'i chab kyis dag gyur cig__/dpal chen 'jam dpal khros pa yi/__/mthu stobs nus pa'i gzi brjid bskyed/__/gu ru pad 'byung rig 'dzin tshogs/__/dpa' bo mkha' 'gro'i gar bsgyur zhing /__/byin chen byin phobs dbang mchog bskur/__/gnas rten rdo rje'i zhing khams cher/__/gdod nas grub pa'i ngo bo ru/__/'gyur ba med par byin gyis rlobs/__/khyed la phrin las bcol ba ni/__/shAkya seng+ge'i bstan pa srungs/__/o rgyan pad+ma bi ma la'i/__/zab mo sngags kyi ring lugs kyi/__/bstan pa phyogs bcur spel ba dang /__/bstan 'dzin skyes bu'i dbu 'phang bstod/__/chos rgyal mes dbon rnam gsum gyi/__/sprul pa'i chos 'khor che rnams skyongs/__/bstan la gnod pa'i du ru ka'i/__/sde rnams thal ba'i rdul bzhin rlogs/__/rgya 'dre 'gong po'i rgyu lam chod/__/zab gter gnyer kha thub pa dang /__/las can skyes bu'i phyag tu sprod/__/yid bsrubs log par lta ba yi/__/glang po'i klad pa rdo rjes 'gems/__/yang dag lha la dad pa dang /__/dam ldan slob ma bu bzhin skyongs/__/'jig rten bde zhing skyid pa dang /__/bdag cag gar 'gro gar gnas kyang /__/kha 'dzin rgyab brten sdong grogs dang /__/bcol ba'i phrin las 'grub par mdzod/__/rgyal lo rgyal lo lha rgyal lo/__/bkra shis phywa g.yang 'dir khug cig__/ces brjod la mchod gtor gser skyems 'bul bar bya'o/__/ces pa'ang dbang chen sprel lo'i zla ba bdun pa'i tshes bzhi la phu ma g.yu mtsho'i 'gram sku lha'i mdun thod du/__chos kyi blo gros pas shar mar bris pa dge'o//__//

Footnotes

Other Information