འོ་དེ་གངས་རྒྱལ་བསང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-093
Wylie title 'o de gangs rgyal bsang JKCL-KABUM-11-DA-093.pdf
Location chos kyi blo gros bka' 'bum
Volume 11, Text 93, Pages 477 (Folios 1a1 to 1a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'o de gangs rgyal bsang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 477. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang

1 Texts in this Section (sde tshan or chos tshan)

[edit]
འོ་དེ་གངས་རྒྱལ་བསང་བཞུགས། ཀྱཻ། ས་བརྒྱད་སེམས་དཔའ་ཡུལ་ཁམས་སྐྱོང་། །བོད་སྐྱོང་རྗེ་ཡི་མགུར་ལྷ་ཆེ། །སྟེང་ཕྱོགས་ལྷ་ཡི་ཡུལ་ནས་བྱོན། །གཞི་བདག་ཀུན་གྱི་མེས་པོ་རྗེ། །སྲིད་པའི་ལྷ་གཉན་གནས་འདིར་བྱོན། །བྱམས་བརྩེས་དགྱེས་ཞལ་ངོམ་པ་དང་། །བསང་མཆོད་གནས་འདིར་སྤྱན་འདྲེན་ནོ། །བཟང་ཤིང་སྣ་ཚོགས་དུད་པ་དང་། །ཕྱེ་མར་འོ་སྐོལ་སྤྱན་གཟིགས་དང་། །རིན་ཆེན་གཏེར་བུམ་བསམ་འཕེལ་དབང་། །རྟ་གླང་གནག་གཡག་འདོད་འཇོའི་བ། །ཤ་རྐྱང་རི་དྭགས་གཡུང་དྭགས་སོགས། །བྱ་རིགས་རྣམ་པ་སྣ་ཚོགས་དང་། །གོ་ཁྲབ་གོས་དར་གོ་མཚོན་དང་། །གཅན་གཟན་རྣམ་པ་སྣ་ཚོགས་སོགས། །འཇིག་རྟེན་ཆེ་རྒུས་དཔལ་འབྱོར་གྱིས། །ལྷ་ཆེན་ཡབ་ཡུམ་སྲས་འཁོར་བཅས། །བསང་ངོ་མཆོད་དོ་ཉམས་གྲིབ་བསང་། །དགྱེས་རབ་མཉེས་པའི་ཕུལ་དུ་གྱུར། །ཡུལ་འཁོར་ཀུན་སྐྱོངས་དགྲ་བགེགས་སྒྲོལ། །མི་མཐུན་གནོད་པའི་རྐྱེན་རྣམས་བཟློག །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །འབད་མེད་ཡིད་བཞིན་འགྲུབ་པར་མཛོད།། །།

Footnotes

Other Information