JKCL-KABUM-11-DA-092

From Khyentse Lineage - A Tsadra Foundation Project

འཁྲུངས་ལྷའི་བསང་མཆོད་བཀྲ་ཤིས་འཁྱིལ་པ།
Wylie title 'khrungs lha'i bsang mchod bkra shis 'khyil pa JKCL-KABUM-11-DA-092.pdf
Location chos kyi blo gros bka' 'bum
Volume 11, Text 92, Pages 471-475 (Folios 1a1 to 3a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'khrungs lha'i bsang mchod bkra shis 'khyil pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 471-475. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon

།ཅེས་པའང་བསོད་ནམས་གྱི་རོལ་མཚོར་གནས་ཤིང་མཁྱེན་དཔྱོད་ཀྱི་བློ་མིག་མཁའ་ལྟར་ཡངས་པ། མི་རྗེ་ཧོར་སྤྱི་གཡུ་ཐོག་དབང་འདུས་ནོར་བུ་མཆོག་གི་འཁྲུངས་ལྷའི་བསང་མཆོད་འདི་ལྟར་བྲིས་ཤིག་ཅེས་བཀའ་ཡི་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པའི་སྙོམས་ལས་པས་གང་དྲན་ཡི་གེའི་ལམ་དུ་བྲིས་པ་འདིས་ཀྱང་བསྟན་པ་མཆོད་སྦྱིན་རྣམས་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །ཤུ་བྷཾ། མངྒ་ལཾ། །ཞལ་དྲོ།།

/ces pa'ang bsod nams gyi rol mtshor gnas shing mkhyen dpyod kyi blo mig mkha' ltar yangs pa/__mi rje hor spyi g.yu thog dbang 'dus nor bu mchog gi 'khrungs lha'i bsang mchod 'di ltar bris shig ces bka' yi bskul ba don yod par bya ba'i phyir 'jam dbyangs chos kyi blo gros ris med bstan pa'i rgyal mtshan du 'bod pa'i snyoms las pas gang dran yi ge'i lam du bris pa 'dis kyang bstan pa mchod sbyin rnams dar zhing rgyas pa'i rgyur gyur cig__/shu b+haM/__mang+ga laM/__/zhal dro//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
འཁྲུངས་ལྷའི་བསང་མཆོད་བཀྲ་ཤིས་འཁྱིལ་པ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། སྐྱེ་བའི་ནོར་མཆོག་ཡིད་བཞིན་དབང་། །མགོན་མཛད་ཡུལ་སྐྱོང་གཉེན་པོ་ལ། །དགྱེས་པའི་བསང་གི་མཆོད་སྤྲིན་ནི། །བཀྲ་ཤིས་འཁྱིལ་པ་འདིར་དབྱེ་བྱ། དེ་ལ་མཆོད་གཏོར་དང་། ཇ་དཀར་ཆང་ཕུད། ཕྱེ་མར་སོགས་འདུ་བྱས་ཤིང་། ཤིང་རྩི་སྣ་ཚོགས་དང་བསང་རྫས་ཅི་འབྱོར་བསྲེག་པའི་དུ་པ་འཐུལ་བཞིན། རྃ་ཡྃ་ཁྃ། མེ་ཆུ་རླུང་གི་ཟེགས་མ་འཕྲོས། བསང་གི་འབགས་བཙོག་གཉིས་ཀུན་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་སྤེལ། །མི་ཟད་ནམ་མཁའི་མཛོད་དུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། ནམ་མཛོད་སྔགས་རྒྱ་ལན་གསུམ་གྱིས་བརླབ། དབྱངས་རོལ་བཅས། ཀྱཻ། མཆོག་གསུམ་རྩ་གསུམ་རྒྱ་མཚོ་དང་། །ནོར་ལྷ་གཏེར་བདག་གཞི་བདག་དང་། །བགེགས་རིགས་སྙིང་རྗེའི་མགྲོན་གྱུར་རྣམས། །བསངས་མཆོད་གནས་འདིར་གཤེགས་སུ་གསོལ། །ཀྱཻ། སྲིད་པའི་ལྷ་ཆེན་རིགས་ཀྱི་རྒྱུད། །ལྷ་གཉེན་གླ་ཆེན་ཡབ་ཡུམ་དང་། །བཙུན་མོ་སྲས་བློན་འཁོར་བཅས་རྣམས། །འདིར་གཤེགས་བསང་གི་མཆོད་པ་བཞེས། །རང་རང་འཚམས་པའི་གདན་ཁྲིར་བཞུགས། །དག་བྱེད་ཁྲུས་ཆབ་འདི་གསོལ་ལོ། །ཨརྒྷཾ་བི་ཤུདྡྷེ་སྭཱ་ཧཱ། ཀྱཻ། ཛཾ་གླིང་བོད་ཡུལ་དག་པའི་ཞིང་། །རི་མཐོ་ས་གཙང་ཉམས་དགའི་གནས། །བཀྲ་ཤིས་བྱིན་ཆགས་ཡིད་དུ་འོང་། །བདུད་རྩིའི་ཆུ་ཀླུང་དལ་འབེབས་ཤིང་། །སྤོས་སྨན་རྩི་ཤིང་སྣ་ཚོགས་རྒྱས། །ཤིན་ཏུ་ཉམས་དགའི་གནས་མཆོག་དེར། །མཐོ་བ་སྲིད་པའི་ཡང་རྩེ་ནས། །ལྷ་ཆེན་ཡབ་ཡུམ་བཤོས་པའི་སྲས། །སྲིད་པའི་ལྷ་གཡག་དཀར་པོ་ནི། །རྡོ་རྗེ་འབར་བའི་ལས་མཛད་པ། །གངས་རི་དཀར་པོ་ལྟར་བརྗིད་པ། །ཡན་ལག་ཁྲོ་ཆུའི་རྨིག་པ་ཅན། །སྤུ་སྡུག་ཞོལ་ཆེན་སྤྲིན་ལྟར་འཐིབས། །ཞལ་ནས་ན་བུན་ཐུ་ལུ་ལུ། །སྣ་ནས་རླུང་དམར་འཚུབས་སེ་འཚུབ། །སྤྱན་གཉིས་ཉི་ཟླའི་འོད་ལྟར་འཕྲོ། །རྣོ་བའི་རྭ་གཉིས་ཐད་ཀར་བརྐྱངས། །བསྐལ་པའི་མེ་ཆེན་ལྷབས་སེ་ལྷབ། །བ་སྤུ་ཉག་མ་རེ་རེ་ལས། །དགྲ་ལྷའི་དམག་ཚོགས་སྐར་ལྟར་འཁྲུགས། །སྡང་བའི་དགྲ་འདུལ་དམ་ཉམས་གཤེད། །རང་འདྲའི་སྤྲུལ་པ་དུ་མ་དང་། །མཆེད་ཡུམ་སྲས་བློན་འཁོར་བཅས་ལ། །རིན་ཆེན་བདུན་དང་བཀྲ་ཤིས་རྫས། །དར་ཟབ་གོ་མཚོན་ཁྲབ་རྨོག་དང་། །མདུང་དར་སྦ་ལྕགས་རྒྱལ་མཚན་སོགས། །སྤྱན་གཟིགས་རྣམས་ཀྱིས་དགྱེས་པར་མཆོད། །རྟ་ཕྱུགས་གནག་ལུག་འདོད་འཇོའི་བ། །རི་དྭགས་གཡུང་དྭགས་བྱ་རིགས་དང་། །ཇ་ཆང་འོ་ཞོ་མཚོ་ལྟར་བསྐྱིལ། །གསེར་སྐྱེམས་ཟག་མེད་བདུད་རྩི་དང་། །ཕྱེ་མར་གངས་རི་ལྟར་སྤུངས་ཤིང་། །གསོལ་མཆོད་བྱེད་ན་རྟགས་གཉིས་བར་བསླུར་ནས། །སྨན་སྤོས་རྩི་ཤིང་སྦྱར་བ་ཡི། །བསང་གི་དུད་སྤྲིན་སྔོན་མོ་ནི། །ལྷོ་སྤྲིན་བཞིན་དུ་འཐུལ་བ་ལས། མཆོད་གཏོར་ཞལ་ཟས་རོ་བརྒྱ་པ། །དཀར་གྱི་ཐིག་ཕྲེང་དར་གྱིས་བརྒྱན། །སྟོང་གསུམ་ཁྱོན་དང་མཉམ་པ་ལ། །འདོད་ཡོན་སོགས་སྦྱར། མཆན། འདོད་ཡོན་དྲུག་གི་མཆོད་སྤྲིན་འཕྲོ། །དབང་པོ་དྲུག་ལ་དགྱེས་རྒུར་བསྐྱེད། །ཕུད་ཀྱིས་སྐྱབས་ཡུལ་རྒྱ་མཚོ་བསང་། མཆོད་ཅེས་བསྒྱུར། མཆན། བར་པས་གཞི་བདག་ཆེན་པོར་བསང་། །ལྷག་མས་མགྲོན་རིགས་མ་ལུས་བསང་། །གསོལ་མཆོད་སྐབས་རྣམས་ལ་སྦྱིན། མཆོད་དོ་བསྔོའོ་དགྱེས་པར་བསྐྱེད། །དགྱེས་རབ་མཉེས་པའི་སོགས། བསྒྱུར་དགོས། མཆན། བསང་ངོ་མཆོད་དོ་དགྱེས་པར་བསྐྱེད། །ཉམས་གྲིབ་ཕོག་པ་སངས་གྱུར་ཅིག །མནོལ་ཞིང་འཐིབས་པ་དྭངས་གྱུར་ཅིག །དགྱེས་རབ་མཉེས་པའི་ཕུལ་གྱུར་ནས། །དགྲ་ལྷ་ཆེན་པོ་དཔངས་བསྟོད་དོ། །བཀྲ་ཤིས་གྲགས་པའི་རྒྱལ་མཚན་སྒྲེངས། །སྙན་པའི་དུང་བུས་དར་ཕྱོར་ཅིག །སྲིད་ཞིའི་དཔལ་འབྱོར་མ་ལུས་པ། །གནས་འདིར་བསྡུས་ལ་གཡང་དུ་འཁྱིལ། །གཏེར་ཆེན་བུམ་བཟང་དཔག་བསམ་བཞིན། །འདོད་རྒུའི་རེ་བ་སྐོངས་གྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྡང་དགྲ་གནོད་པའི་སེམས་འཆང་ཀུན། །རྨིག་བཞི་རི་རབ་ལྟ་བུས་མནན། །གནམ་ལྕགས་རྭ་ཡིས་དོན་སྙིང་འབིགས། །ལྗགས་དམར་བསྐལ་པའི་གློག་འཁྱུག་པས། །རྩྭ་སྦུར་མེ་ཡིས་སྲེག་བཞིན་འཇོམས། །བྱད་ཕུར་རྦོད་གཏོང་ངན་པ་ཟློག །ཚེ་བསོད་རིགས་བརྒྱུད་ཆོས་ནོར་དང་། །ཞིང་ཁང་རྟ་ཕྱུགས་རྐང་བྲན་བཅས། །ཉིན་གསུམ་བྱ་ར་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་མ་གཡེལ་ཞིག །རྟག་ཏུ་སྲུངས་སྐྱོབས་སྡོང་གྲོགས་མཛོད། །བསྟན་འཛིན་སྐྱེས་རྣམས་ཞབས་པད་བརྟན། །བསྟན་པ་ཡུན་དུ་དར་ཤིང་རྒྱས། །བསྟན་པའི་སྦྱིན་བདག་མངའ་ཐང་འཕེལ། །འཇིག་རྟེན་བདེ་ཞིང་སྐྱིད་གྱུར་ཅིག །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །རོལ་མོ་སྒྲོགས། དར་ཕྱར། མཆོད་གཏོར་རྣམས་གཤེགས། བསང་གཞན་དང་འབྲེལ་ན་གཤེགས་གསོལ་འདིར་མི་དགོས། མ་འབྲེལ་ན། གཏོར་མགྲོན་ཅེས་བསྒྱུར། མཆན། བསང་མཆོད་ཡུལ་དུ་གྱུར་པ་རྣམས། །རང་རང་གནས་སུ་བཛྲ་མུཿསླད་ནས་བདག་ལ་དགྱེས་པ་དང་། །བཀྲ་ཤིས་ཞལ་དྲོ་བྱིན་ཆགས་ཤོག །ཅེས་བརྗོད་ལ་བསྔོ་སྨོན་ཤིས་བརྗོད་བྱའོ། །དགེ་ལེགས་རབ་འཕེལ་ཐབས་ཀྱི་མཆོག །ལྷ་བསང་བཀྲ་ཤིས་འཁྱིལ་པ་འདིས། །དུས་གསུམ་ཀུན་ཏུ་བཀྲ་ཤིས་ཤིང་། །ཚེ་གཡང་དཔལ་འབྱོར་འཕེལ་གྱུར་ཅིག །ཅེས་པའང་བསོད་ནམས་གྱི་རོལ་མཚོར་གནས་ཤིང་མཁྱེན་དཔྱོད་ཀྱི་བློ་མིག་མཁའ་ལྟར་ཡངས་པ། མི་རྗེ་ཧོར་སྤྱི་གཡུ་ཐོག་དབང་འདུས་ནོར་བུ་མཆོག་གི་འཁྲུངས་ལྷའི་བསང་མཆོད་འདི་ལྟར་བྲིས་ཤིག་ཅེས་བཀའ་ཡི་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པའི་སྙོམས་ལས་པས་གང་དྲན་ཡི་གེའི་ལམ་དུ་བྲིས་པ་འདིས་ཀྱང་བསྟན་པ་མཆོད་སྦྱིན་རྣམས་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །ཤུ་བྷཾ། མངྒ་ལཾ། །ཞལ་དྲོ།། །།
[edit]

'khrungs lha'i bsang mchod bkra shis 'khyil pa zhes bya ba bzhugs so/__/oM swasti/__skye ba'i nor mchog yid bzhin dbang /__/mgon mdzad yul skyong gnyen po la/__/dgyes pa'i bsang gi mchod sprin ni/__/bkra shis 'khyil pa 'dir dbye bya/__de la mchod gtor dang /__ja dkar chang phud/__phye mar sogs 'du byas shing /__shing rtsi sna tshogs dang bsang rdzas ci 'byor bsreg pa'i du pa 'thul bzhin/__ra~M ya~M kha~M/__me chu rlung gi zegs ma 'phros/__bsang gi 'bags btsog gnyis kun sbyangs/__oM AHhU~M gis bdud rtsir spel/__/mi zad nam mkha'i mdzod du gyur/__na maHsarba ta thA ga ta b+h+yo bi shwa sogs/__nam mdzod sngags rgya lan gsum gyis brlab/__dbyangs rol bcas/__kyai/__mchog gsum rtsa gsum rgya mtsho dang /__/nor lha gter bdag gzhi bdag dang /__/bgegs rigs snying rje'i mgron gyur rnams/__/bsangs mchod gnas 'dir gshegs su gsol/__/kyai/__srid pa'i lha chen rigs kyi rgyud/__/lha gnyen gla chen yab yum dang /__/btsun mo sras blon 'khor bcas rnams/__/'dir gshegs bsang gi mchod pa bzhes/__/rang rang 'tshams pa'i gdan khrir bzhugs/__/dag byed khrus chab 'di gsol lo/__/ar+g+haM bi shud+d+he swA hA/__kyai/__dzaM gling bod yul dag pa'i zhing /__/ri mtho sa gtsang nyams dga'i gnas/__/bkra shis byin chags yid du 'ong /__/bdud rtsi'i chu klung dal 'bebs shing /__/spos sman rtsi shing sna tshogs rgyas/__/shin tu nyams dga'i gnas mchog der/__/mtho ba srid pa'i yang rtse nas/__/lha chen yab yum bshos pa'i sras/__/srid pa'i lha g.yag dkar po ni/__/rdo rje 'bar ba'i las mdzad pa/__/gangs ri dkar po ltar brjid pa/__/yan lag khro chu'i rmig pa can/__/spu sdug zhol chen sprin ltar 'thibs/__/zhal nas na bun thu lu lu/__/sna nas rlung dmar 'tshubs se 'tshub/__/spyan gnyis nyi zla'i 'od ltar 'phro/__/rno ba'i rwa gnyis thad kar brkyangs/__/bskal pa'i me chen lhabs se lhab/__/ba spu nyag ma re re las/__/dgra lha'i dmag tshogs skar ltar 'khrugs/__/sdang ba'i dgra 'dul dam nyams gshed/__/rang 'dra'i sprul pa du ma dang /__/mched yum sras blon 'khor bcas la/__/rin chen bdun dang bkra shis rdzas/__/dar zab go mtshon khrab rmog dang /__/mdung dar sba lcags rgyal mtshan sogs/__/spyan gzigs rnams kyis dgyes par mchod/__/rta phyugs gnag lug 'dod 'jo'i ba/__/ri dwags g.yung dwags bya rigs dang /__/ja chang 'o zho mtsho ltar bskyil/__/gser skyems zag med bdud rtsi dang /__/phye mar gangs ri ltar spungs shing /__/gsol mchod byed na rtags gnyis bar bslur nas/__/sman spos rtsi shing sbyar ba yi/__/bsang gi dud sprin sngon mo ni/__/lho sprin bzhin du 'thul ba las/__mchod gtor zhal zas ro brgya pa/__/dkar gyi thig phreng dar gyis brgyan/__/stong gsum khyon dang mnyam pa la/__/'dod yon sogs sbyar/__mchan/__'dod yon drug gi mchod sprin 'phro/__/dbang po drug la dgyes rgur bskyed/__/phud kyis skyabs yul rgya mtsho bsang /__mchod ces bsgyur/__mchan/__bar pas gzhi bdag chen por bsang /__/lhag mas mgron rigs ma lus bsang /__/gsol mchod skabs rnams la sbyin/__mchod do bsngo'o dgyes par bskyed/__/dgyes rab mnyes pa'i sogs/__bsgyur dgos/__mchan/__bsang ngo mchod do dgyes par bskyed/__/nyams grib phog pa sangs gyur cig__/mnol zhing 'thibs pa dwangs gyur cig__/dgyes rab mnyes pa'i phul gyur nas/__/dgra lha chen po dpangs bstod do/__/bkra shis grags pa'i rgyal mtshan sgrengs/__/snyan pa'i dung bus dar phyor cig__/srid zhi'i dpal 'byor ma lus pa/__/gnas 'dir bsdus la g.yang du 'khyil/__/gter chen bum bzang dpag bsam bzhin/__/'dod rgu'i re ba skongs gyur cig__/rnal 'byor bdag cag 'khor bcas la/__/sdang dgra gnod pa'i sems 'chang kun/__/rmig bzhi ri rab lta bus mnan/__/gnam lcags rwa yis don snying 'bigs/__/ljags dmar bskal pa'i glog 'khyug pas/__/rtswa sbur me yis sreg bzhin 'joms/__/byad phur rbod gtong ngan pa zlog__/tshe bsod rigs brgyud chos nor dang /__/zhing khang rta phyugs rkang bran bcas/__/nyin gsum bya ra ma g.yel zhig__/mtshan gsum mel tshe ma g.yel zhig__/rtag tu srungs skyobs sdong grogs mdzod/__/bstan 'dzin skyes rnams zhabs pad brtan/__/bstan pa yun du dar shing rgyas/__/bstan pa'i sbyin bdag mnga' thang 'phel/__/'jig rten bde zhing skyid gyur cig__/ki bswo cha'o lha rgyal lo/__/rol mo sgrogs/__dar phyar/__mchod gtor rnams gshegs/__bsang gzhan dang 'brel na gshegs gsol 'dir mi dgos/__ma 'brel na/__gtor mgron ces bsgyur/__mchan/__bsang mchod yul du gyur pa rnams/__/rang rang gnas su badz+ra muHslad nas bdag la dgyes pa dang /__/bkra shis zhal dro byin chags shog__/ces brjod la bsngo smon shis brjod bya'o/__/dge legs rab 'phel thabs kyi mchog__/lha bsang bkra shis 'khyil pa 'dis/__/dus gsum kun tu bkra shis shing /__/tshe g.yang dpal 'byor 'phel gyur cig__/ces pa'ang bsod nams gyi rol mtshor gnas shing mkhyen dpyod kyi blo mig mkha' ltar yangs pa/__mi rje hor spyi g.yu thog dbang 'dus nor bu mchog gi 'khrungs lha'i bsang mchod 'di ltar bris shig ces bka' yi bskul ba don yod par bya ba'i phyir 'jam dbyangs chos kyi blo gros ris med bstan pa'i rgyal mtshan du 'bod pa'i snyoms las pas gang dran yi ge'i lam du bris pa 'dis kyang bstan pa mchod sbyin rnams dar zhing rgyas pa'i rgyur gyur cig__/shu b+haM/__mang+ga laM/__/zhal dro//__//

Footnotes

Other Information