གཞི་བདག་སྤྲེའུའི་མཆོད་གསོལ་བསྟན་དགྲ་ཚར་གཅོད།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-090
Wylie title gzhi bdag spre'u'i mchod gsol bstan dgra tshar gcod JKCL-KABUM-11-DA-090.pdf
Location chos kyi blo gros bka' 'bum
Volume 11, Text 90, Pages 463-465 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gzhi bdag spre'u'i mchod gsol bstan dgra tshar gcod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 463-465. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Colophon

།ཅེས་མགྲོན་གཤེགས་ལ་ཤིས་བརྗོད་བྱའོ། །ཅེས་པའང་དད་བློ་རབ་རྒྱས་བསྟན་བའི་སྦྱིན་བདག་ཕྲད་དཔལ་ཚང་གིས་སྐུ་མཆེད་གཉིས་ནས་འདི་ལྟར་བྲིས་ཞེས་བསྐུལ་ངོར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གང་དྲན་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །བི་ཛ་ཡནྟུ།།

/ces mgron gshegs la shis brjod bya'o/__/ces pa'ang dad blo rab rgyas bstan ba'i sbyin bdag phrad dpal tshang gis sku mched gnyis nas 'di ltar bris zhes bskul ngor mkhyen brtse'i sprul ming 'dzin pa 'jam dbyangs blo gros rgya mtshos gang dran bris pa shin tu dge zhing bkra shis par gyur cig__/bi dza yan+tu//

1 Texts in this Section (sde tshan or chos tshan)

[edit]
གཞི་བདག་སྤྲེའུའི་མཆོད་གསོལ་བསྟན་དགྲ་ཚར་གཅོད་བཞུགས་སོ། །དཔལ་རྟ་མགྲིན་དབང་ཆེན་ལ་ཕྱག་འཚལ་ལོ། །ཤམ་པོ་རོང་གི་ཡུལ་སྐྱོང་སྤྲེའུ་ལ་བསང་མཆོད་བྱ་བར་འདོད་པས་གཏོར་མ་དཀར་དམར་གསེར་སྐྱེམས་ཕྱེ་མར་བསང་གི་དུད་སྤྲིན་འབུལ་བ་དང་བཅས། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་མི་གཙང་བསྲེགས་གཏོར་བཀྲུས། །བསང་མཆོད་གཏོར་མ་གསེར་སྐྱེམས་ཟག་མེད་ཀྱི། །མཆོད་སྤྲིན་འདོད་པའི་ཡོན་ཏན་ལྔ་ལྡན་པས། །ས་དང་བར་སྣང་ནམ་མཁའ་གང་བར་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབས་ལ། ཀྱཻ། དགུང་སྔོན་མཐོན་པོའི་དབྱིངས་རུམ་ནས། དཔལ་ལྡན་ལྷ་ཡི་སྲས་པོ་ནི། །རྡོ་རྗེ་དྲག་རྩལ་ཞེས་གྲགས་པ། །སྐུ་མདོག་སྔོན་པོ་བཻཌཱུའི་མདོག །རལ་གྲི་དང་ནི་ཐོད་ཁྲག་འཛིན། །སྐུ་ལ་ལྕགས་ཁྲབ་ལྕགས་རྨོག་གསོལ། །རྟ་མཆོག་སྔོན་པོའི་སྟེང་ན་ཆིབས། །རེས་འགའ་གནོད་སྦྱིན་ནོར་ལྷའི་གཙོ། །གསེར་མདོག་ནོར་བུ་དབང་རྒྱལ་དང་། །མདའ་གཞུ་འཛིན་ཅིང་བརྗིད་པའི་ཚུལ། །ཞི་བའི་ཚེ་ན་གསེར་ཁྲབ་དང་། །རིན་པོ་ཆེ་ཡི་ཕྲོག་ཞུ་ལ། །དར་སྣའི་ཅོད་པཎ་རབ་གཡོ་ཞིང་། །ཡུམ་མཆོག་ཀླུ་མོ་དཔལ་ལྷ་མོ། །དཀར་མོ་དུང་གི་ཐོར་ཚུགས་ཅན། །ཕྱག་གཉིས་ནོར་བུའི་གཞོང་པ་བསྣམས། །བློན་པོ་བཙན་རྒོད་དམར་པོ་སོགས། །བཀའ་ཡི་བྲན་གཡོགས་སྤྲིན་ལྟར་གཏིབ། །འདིར་བྱོན་བསང་མཆོད་གསེར་སྐྱེམས་བཞེས། །སྣང་སྲིད་འདོད་རྒུའི་དངོས་པོ་རྣམས། །མི་ཟད་ནམ་མཁའི་རྒྱན་དུ་འབུལ། །སྟེང་མཁར་རིག་པའི་ལྷ་མོ་ཡི། །དག་བྱེད་ཁྲུས་ཀྱི་བུམ་པ་ནས། །བདུད་རྩིའི་ཆུ་རྒྱུན་བབ་པ་ཡིས། །མི་གཙང་ཉམས་གྲིབ་ཐམས་ཅད་བཀྲུས། །ཕྱི་ལྟར་ལྷ་རིགས་གནོད་སྦྱིན་ཆེ། །ནང་དུ་ལྕང་ལོ་ཅན་གྱི་ཞིང་། །གསང་བ་དཔལ་ཆེན་གཞལ་མེད་ཁང་། །དེ་འདྲའི་གནས་མཆོག་ཆེན་པོ་ན། །ཡུལ་སྐྱོང་ཆེན་པོ་སྐུ་གཅིག་ལ། །མཚན་དང་རྣམ་འགྱུར་མཐའ་ཡས་སྟོན། །ལས་བཞིའི་ཕྲིན་ལས་ཤུགས་འཆང་བས། །དོན་རྣམས་འབད་མེད་སྒྲུབ་མཛད་ཅིང་། །ཁྱད་པར་དབང་ཆེན་རྟ་མགྲིན་དང་། །ཕྱག་རྡོར་པདྨ་འབྱུང་གནས་ཀྱིས། །དམ་ཚིག་རྡོ་རྗེ་གཙུག་ཏུ་བཀོད། །ཟབ་མོ་གཏེར་གྱི་སྲུང་མར་བསྐོས། །བདེ་གཤེགས་སྤོབས་པ་མཐའ་ཡས་དང་། །པདྨ་མདོ་སྔགས་གླིང་པ་ཡིས། །སླར་ཡང་དམ་གནོས་དྲན་གྱིས་ལ། །སྔ་འགྱུར་ཐེག་པའི་རྩེ་རྒྱལ་གྱི། །བསྟན་པ་རིན་ཆེན་འབྱུང་བའི་གནས། །འོག་མིན་ཀཿཐོག་རྡོ་རྗེའི་གདན། །གསང་སྔགས་ཕོ་བྲང་ཆེན་པོ་ཡིས། །ཕྱི་སྒོ་སྐྱོང་བའི་སྲུང་མ་མཛོད། །ཡུལ་ཕྱོགས་འདིར་གནས་ཁྱིམ་བདག་དང་། །སྐྱེ་འགྲོ་རྣམས་ལ་བདེ་ལེགས་སྤེལ། །ཁྱོད་ཐུགས་ཞི་བའི་ཆར་རྒྱུན་གྱིས། །ནད་གདོན་བགེགས་སོགས་ཞི་བ་དང་། །གསེར་ཞུན་རྒྱས་པའི་འོད་ཟེར་གྱིས། །ཚེ་བསོད་དཔལ་འབྱོར་རབ་རྒྱས་ཤིང་། །འོད་དམར་ལྕགས་ཀྱུ་རྣོན་པོ་ཡིས། །མོས་པ་རྣམ་བཞི་དབང་དུ་བསྡུས། །ཤུགས་དྲགས་བསྐལ་པའི་མེ་ལྕེ་ཡིས། །མི་དང་མི་མིན་དགྲ་བགེགས་དང་། །བྱད་ཕུར་རྦོད་གཏོང་གཞོམ་པར་མཛོད། །གཞི་བྱེས་ཀུན་ཏུ་སྲུང་སྐྱོབས་དང་། །བདག་ཅག་ལེགས་པའི་དབུ་རྨོག་བཙན། །དགེ་མཚན་དཔལ་ཡོན་རབ་རྒྱས་ཤིང་། །བཀྲ་ཤིས་ཀླུང་ཆེན་གཡས་སུ་འཁྱིལ། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡིས། །བ་དན་དཀར་པོ་སྒྲེངས་གྱུར་ཅིག །ཀི་བསོ་ཆའོ་ལྷ་རྒྱལ་ལོ། །ཞེས་བརྗོད་ལ་གཏོར་མ་གསེར་སྐྱེམས་མཆོད། བསང་གཞུང་གཞན་དང་མ་འབྲེལ་ན། མ་འབྱོར་འཁྲུལ་པའི་ཚོགས་ཀུན་བཤགས། །བདག་ལ་དགྱེས་རབ་ཕུལ་གྱུར་ནས། །སོ་སོ་རང་རང་གནས་སུ་གཤེགས། །སླར་ཡང་དུས་སུ་འབྱོན་པར་མཛོད། །ཅེས་མགྲོན་གཤེགས་ལ་ཤིས་བརྗོད་བྱའོ། །ཅེས་པའང་དད་བློ་རབ་རྒྱས་བསྟན་བའི་སྦྱིན་བདག་ཕྲད་དཔལ་ཚང་གིས་སྐུ་མཆེད་གཉིས་ནས་འདི་ལྟར་བྲིས་ཞེས་བསྐུལ་ངོར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གང་དྲན་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །བི་ཛ་ཡནྟུ།། །།

Footnotes

Other Information