༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོའི་འཁྲུངས་བསང་།

From Khyentse Lineage - A Tsadra Foundation Project
Wylie title gong sa lha mi'i rnam 'dren chen po'i 'khrungs bsang JKCL-KABUM-11-DA-070.pdf
Location chos kyi blo gros bka' 'bum
Volume 11, Text 70, Pages 365-367 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gong sa lha mi'i rnam 'dren chen po'i 'khrungs bsang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 365-367. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon

།ཅེས་པའང་འབྲས་ལྗོངས་སྒང་ཏོག་ཏུ་མེ་བྱ་ཟླ་༡༡ཚེས་༢བཟང་བོར་ངོས་ལ་ཞབས་བརྟན་གནང་སྐབས་༧གོང་ས་ཆེན་པོའི་འཁྲུངས་བསང་ཧོར་ཟླ་ལྔ་པའི་ནང་བགྱིད་སྐབས་འདོན་རྒྱུ་ཞིག་དགོས་ཞེས་༧ཞབས་བརྟན་དབུ་འདོམས་རྣམས་ཀྱིས་གསུང་གིས་བསྐུལ་བར་བརྟེན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ། གཙུག་ལག་ལུང་རིག་ཉི་མ་སྨྲ་བའི་སེང་གེས་གང་དྲན་མྱུར་བར་བྲིས་པ། སྲིད་ཞིའི་གཙུག་རྒྱན་ཆེན་པོ་ཞབས་པད་བརྟན་ཅིང་། དགའ་ལྡན་ཕོ་བྲང་ཆེན་པོའི་ཆབ་སྲིད་གསེར་གྱི་འཁོར་ལོས་ཕྱོགས་བཅུར་ཁྱབ་པའི་རྒྱུར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་ཛ་ག་ཏཾ། མངྒ་ལཾ།།

/ces pa'ang 'bras ljongs sgang tog tu me bya zla 11tshes 2bzang bor ngos la zhabs brtan gnang skabs 7gong sa chen po'i 'khrungs bsang hor zla lnga pa'i nang bgyid skabs 'don rgyu zhig dgos zhes 7zhabs brtan dbu 'doms rnams kyis gsung gis bskul bar brten 'jam dbyangs chos kyi blo gros sam/__gtsug lag lung rig nyi ma smra ba'i seng ges gang dran myur bar bris pa/__srid zhi'i gtsug rgyan chen po zhabs pad brtan cing /__dga' ldan pho brang chen po'i chab srid gser gyi 'khor los phyogs bcur khyab pa'i rgyur bla ma rgyal ba sras bcas kyis byin gyis brlab tu gsol/__sarba dza ga taM/__mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོའི་འཁྲུངས་བསང་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། དེ་ལ་ཡར་ངོའི་ཚེས་བཟང་པོར་བསང་ཤིང་དྲི་ཞིམ་པའི་རིགས། དུག་རིགས་མ་འདྲེས་པ། ཟས་སྣ། ཤིང་ཏོག །མངར་ཆའི་རིགས། དར་ཟབ། རིན་ཆེན་ཕྱེ་མ། སྨན་སྣ་བརྒྱ་རྩ། མཆོད་གཏོར། གསེར་སྐྱེམས་དཀར་མངར་སོགས་འདུ་བྱས་ལ། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བསང་ཁང་གཞལ་མེད་ཁང་གི་བཀོད་པ་ཤིན་ཏུ་མཛེས་པར་བསང་ཤིང་དང་འདོད་ཡོན་སྣ་ཚོགས་བསྲེགས་པའི་དུད་སྤྲིན་ས་དང་བར་སྣང་ཐམས་ཅད་ཁྱབ་ཅིང་མགྲོན་རྣམས་དགྱེས་པ་སྐོང་བའི་ནུས་པ་དང་ལྡན་པར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ་གིས་རྒྱས་པར་སྤེལ། ཀྱཻ། སྐྱབས་གནས་དཀོན་མཆོག་རྣམ་གསུམ་དང་། །རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཚོགས། །ནོར་ལྷ་གཏེར་བདག་ལ་སོགས་པ། །ཁྱད་པར་མགུར་ལྷ་བཅུ་གསུམ་དང་། །བརྟན་མ་དགེ་བསྙེན་ཉེར་གཅིག་སོགས། །བོད་ཁམས་སྐྱོང་བའི་གཞི་བདག་ཆེ། །བསང་མཆོད་གནས་འདིར་སྤྱན་འདྲེན་གཤེགས། །ཁྱད་པར་གངས་ཅན་ལྗོངས་འདི་རུ། །སངས་རྒྱས་བསྟན་པའི་གཞི་འཛིན་པའི། །དགའ་བ་བརྒྱ་ལྡན་ཕོ་བྲང་པས། །མཆོད་བསྟོད་མངའ་གསོལ་མཛད་པ་ཡི། །དཀར་ཕྱོགས་ལྷ་ཀླུའི་མགྲོན་རྣམས་དང་། །འཛམ་གླིང་ཕན་བདེའི་གཙུག་ནོར་ཆེ། །རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ་ཡི། །མཚན་དཔེའི་པད་དཀར་བཞད་པའི་དུས། །བསྲུང་སྐྱོབས་སྡོངས་གྲོགས་མཛད་པའི་ལྷ། །ཙོང་ཁའི་ཡུལ་གྱི་ལྷ་སྲུང་དང་། །གནས་གཏེར་གཞི་བདག་འཁོར་དང་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །བསང་མཆོད་དམ་པ་བཞེས་སུ་གསོལ། །པདྨ་ཀཱ་མ་ལ་ཡ་སྟྭཾ། ཀྱཻ། བསང་ཤིང་སྣ་ཚོགས་སྦྱར་བ་ལ། །རིན་ཆེན་སྨན་སྤོས་དར་ཟབ་སོགས། །བཟང་རྒུ་བསྲེགས་པའི་དུད་སྤྲིན་ནི། །སྤོས་ཀྱི་གླང་པོའི་གོམ་སྟབས་གཡོ། །ཟེག་མ་འདོད་ཡོན་རྣམ་ལྔ་འཕྲོ། །དཀོན་མཆོག་རྩ་གསུམ་མཆོད་པས་མཉེས། །མི་གཙང་མནོལ་གྲིབ་སངས་གྱུར་ཅིག །ཐུགས་དང་འགལ་བ་ཐམས་ཅད་བཤགས། །བརྟན་མ་མགུར་ལྷ་གཞི་བདག་དང་། །གནས་གཏེར་སྲུང་མ་ཐམས་ཅད་ལ། །མཁོ་དགུའི་འདོད་ཡོན་ནམ་མཁའ་མཛོད། །ཀུན་ཏུ་བཟང་པོའི་རོལ་བ་ལས། །བསང་མཆོད་གནམ་ས་བར་སྣང་ཁྱབ། །རང་རང་ཡིད་དང་མཐུན་པ་རྣམས། །དབང་པོ་དྲུག་ལ་དགྱེས་པར་རོལ། །བསྟན་འགྲོའི་བདེ་སྐྱིད་རྫོགས་ལྡན་འཕེལ། །ལྷ་མིན་འབྱུང་པོའི་གདུག་རྩུབས་ཞི། །ཁྱད་པར་འཛམ་བུའི་ལྗོན་ཤིང་གི །མཚན་པའི་གཙུག་གི་ནོར་བུ་མཆོག །རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེ། །བསྟན་འཛིན་རྒྱ་མཚོའི་ཞབས་པད་བརྟན། །བསོད་ནམས་དབང་ཐང་རླུང་རྟ་བསྐྱེད། །ལུགས་བརྒྱའི་ཆོས་སྲིད་གསེར་འཁོར་ནི། །རྩིབས་སྟོང་བཀྲ་བ་གཡས་སུ་འཁོར། །ཕྱོགས་ཀུན་དབང་བསྒྱུར་རིན་ཆེན་བདུན། །དགེ་ལེགས་བཀྲ་ཤིས་དགའ་བ་འཁྱིལ། །སྙན་གྲགས་སྐྱེ་ལྔའི་སྒྲ་དབྱངས་དང་། །ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་སྒྲེངས། །དཀར་ཕྱོགས་ལྷ་རྣམས་བ་དན་འཕྱོར། །དབང་མཛད་ལྕགས་ཀྱུ་རྣོན་པོ་དང་། །འོད་དམར་པདྨའི་འཕྲུལ་ཞགས་ཀྱིས། །སྲིད་ཞིའི་ཕྱྭ་གཡང་དབང་དུ་བསྡུས། །བཀྲ་ཤིས་དགེ་ལེགས་ཕུན་ཚོགས་ཤོག །ཅེས་གཏོར་མ་སྐྱེམས་ཕུད་མཆོད་ཅིང་ལྷ་རྒྱལ་བྱའོ། །ཅེས་པའང་འབྲས་ལྗོངས་སྒང་ཏོག་ཏུ་མེ་བྱ་ཟླ་༡༡ཚེས་༢བཟང་བོར་ངོས་ལ་ཞབས་བརྟན་གནང་སྐབས་༧གོང་ས་ཆེན་པོའི་འཁྲུངས་བསང་ཧོར་ཟླ་ལྔ་པའི་ནང་བགྱིད་སྐབས་འདོན་རྒྱུ་ཞིག་དགོས་ཞེས་༧ཞབས་བརྟན་དབུ་འདོམས་རྣམས་ཀྱིས་གསུང་གིས་བསྐུལ་བར་བརྟེན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ། གཙུག་ལག་ལུང་རིག་ཉི་མ་སྨྲ་བའི་སེང་གེས་གང་དྲན་མྱུར་བར་བྲིས་པ། སྲིད་ཞིའི་གཙུག་རྒྱན་ཆེན་པོ་ཞབས་པད་བརྟན་ཅིང་། དགའ་ལྡན་ཕོ་བྲང་ཆེན་པོའི་ཆབ་སྲིད་གསེར་གྱི་འཁོར་ལོས་ཕྱོགས་བཅུར་ཁྱབ་པའི་རྒྱུར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་ཛ་ག་ཏཾ། མངྒ་ལཾ།། །།
[edit]

7gong sa lha mi'i rnam 'dren chen po'i 'khrungs bsang bzhugs so/__/na mo gu ru pad+ma kA ra ye/__de la yar ngo'i tshes bzang por bsang shing dri zhim pa'i rigs/__dug rigs ma 'dres pa/__zas sna/__shing tog__/mngar cha'i rigs/__dar zab/__rin chen phye ma/__sman sna brgya rtsa/__mchod gtor/__gser skyems dkar mngar sogs 'du byas la/__oM badz+ra a mr-i tas bsangs/__swA b+ha was sbyangs/__stong pa'i ngang las bsang khang gzhal med khang gi bkod pa shin tu mdzes par bsang shing dang 'dod yon sna tshogs bsregs pa'i dud sprin sa dang bar snang thams cad khyab cing mgron rnams dgyes pa skong ba'i nus pa dang ldan par gyur/__nam mkha' mdzod kyi sngags rgya lan gsum dang /__oM AHhU~M gis rgyas par spel/__kyai/__skyabs gnas dkon mchog rnam gsum dang /__/rtsa gsum chos skyong rgya mtsho'i tshogs/__/nor lha gter bdag la sogs pa/__/khyad par mgur lha bcu gsum dang /__/brtan ma dge bsnyen nyer gcig sogs/__/bod khams skyong ba'i gzhi bdag che/__/bsang mchod gnas 'dir spyan 'dren gshegs/__/khyad par gangs can ljongs 'di ru/__/sangs rgyas bstan pa'i gzhi 'dzin pa'i/__/dga' ba brgya ldan pho brang pas/__/mchod bstod mnga' gsol mdzad pa yi/__/dkar phyogs lha klu'i mgron rnams dang /__/'dzam gling phan bde'i gtsug nor che/__/rgyal mchog bstan 'dzin rgya mtsho yi/__/mtshan dpe'i pad dkar bzhad pa'i dus/__/bsrung skyobs sdongs grogs mdzad pa'i lha/__/tsong kha'i yul gyi lha srung dang /__/gnas gter gzhi bdag 'khor dang bcas/__/'dir gshegs dgyes pa'i gdan la bzhugs/__/bsang mchod dam pa bzhes su gsol/__/pad+ma kA ma la ya s+t+waM/__kyai/__bsang shing sna tshogs sbyar ba la/__/rin chen sman spos dar zab sogs/__/bzang rgu bsregs pa'i dud sprin ni/__/spos kyi glang po'i gom stabs g.yo/__/zeg ma 'dod yon rnam lnga 'phro/__/dkon mchog rtsa gsum mchod pas mnyes/__/mi gtsang mnol grib sangs gyur cig__/thugs dang 'gal ba thams cad bshags/__/brtan ma mgur lha gzhi bdag dang /__/gnas gter srung ma thams cad la/__/mkho dgu'i 'dod yon nam mkha' mdzod/__/kun tu bzang po'i rol ba las/__/bsang mchod gnam sa bar snang khyab/__/rang rang yid dang mthun pa rnams/__/dbang po drug la dgyes par rol/__/bstan 'gro'i bde skyid rdzogs ldan 'phel/__/lha min 'byung po'i gdug rtsubs zhi/__/khyad par 'dzam bu'i ljon shing gi__/mtshan pa'i gtsug gi nor bu mchog__/rgyal dbang thams cad mkhyen pa che/__/bstan 'dzin rgya mtsho'i zhabs pad brtan/__/bsod nams dbang thang rlung rta bskyed/__/lugs brgya'i chos srid gser 'khor ni/__/rtsibs stong bkra ba g.yas su 'khor/__/phyogs kun dbang bsgyur rin chen bdun/__/dge legs bkra shis dga' ba 'khyil/__/snyan grags skye lnga'i sgra dbyangs dang /__/phyogs las rnam rgyal rgyal mtshan sgrengs/__/dkar phyogs lha rnams ba dan 'phyor/__/dbang mdzad lcags kyu rnon po dang /__/'od dmar pad+ma'i 'phrul zhags kyis/__/srid zhi'i phywa g.yang dbang du bsdus/__/bkra shis dge legs phun tshogs shog__/ces gtor ma skyems phud mchod cing lha rgyal bya'o/__/ces pa'ang 'bras ljongs sgang tog tu me bya zla 11tshes 2bzang bor ngos la zhabs brtan gnang skabs 7gong sa chen po'i 'khrungs bsang hor zla lnga pa'i nang bgyid skabs 'don rgyu zhig dgos zhes 7zhabs brtan dbu 'doms rnams kyis gsung gis bskul bar brten 'jam dbyangs chos kyi blo gros sam/__gtsug lag lung rig nyi ma smra ba'i seng ges gang dran myur bar bris pa/__srid zhi'i gtsug rgyan chen po zhabs pad brtan cing /__dga' ldan pho brang chen po'i chab srid gser gyi 'khor los phyogs bcur khyab pa'i rgyur bla ma rgyal ba sras bcas kyis byin gyis brlab tu gsol/__sarba dza ga taM/__mang+ga laM//__//

Footnotes

Other Information