རྒྱུན་བསངས་བདུད་རྩིའི་སྤྲིན་ཕུང་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་མཛད་པ་ལ་གསལ་བྱེད་བསྣོན་ཆ་ཕྲན་བུས་བརྒྱན་པ།

From Khyentse Lineage - A Tsadra Foundation Project
Wylie title rgyun bsangs bdud rtsi'i sprin phung smin gling gter chen rin po che'i mdzad pa la gsal byed bsnon cha phran bus brgyan pa JKCL-KABUM-11-DA-065.pdf
Location chos kyi blo gros bka' 'bum
Volume 11, Text 65, Pages 319-331 (Folios 1a1 to 7a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Source Author(s) གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Gter bdag gling pa 'gyur med rdo rje)
Citation 'jam dbyangs mkhyen brtse chos kyi blo gros. rgyun bsangs bdud rtsi'i sprin phung smin gling gter chen rin po che'i mdzad pa la gsal byed bsnon cha phran bus brgyan pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 319-331. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang  ·  Supplemental Instructions - zur 'debs - zur rgyan
Colophon

།ཅེས་པའང་ཤེས་རབ་ཕུན་ཚོགས་ནས་བསངས་རྩོམ་པ་བསྐུལ་ཡང་གསར་རྩོམ་བྱས་པ་དགོས་མེད་སྟབས་སྨིན་གཏེར་གསུངས་ལ་བསྣོན་ཀ་ཕྲན་བུ་འདི་ཡང་ཆོས་ཀྱི་བློ་གྲོས་པས་སོ།།

/ces pa'ang shes rab phun tshogs nas bsangs rtsom pa bskul yang gsar rtsom byas pa dgos med stabs smin gter gsungs la bsnon ka phran bu 'di yang chos kyi blo gros pas so//

1 Texts in this Section (sde tshan or chos tshan)

[edit]
རྒྱུན་བསངས་བདུད་རྩིའི་སྤྲིན་ཕུང་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་མཛད་པ་ལ་གསལ་བྱེད་བསྣོན་ཆ་ཕྲན་བུས་བརྒྱན་པར་སྤྲོ་ན། སྐྱབས་སེམས་ནི། ཨོཾ་ཨཱཿཧཱུྃ། མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད། །དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ། །ཁྱེད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས། །འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི། །གསང་མཆོག་ཡེ་ཤེས་འོད་གསལ་ཐིག་ལེའི་གཞིར། །འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང་། །ཐུགས་ཀྱི་ཐིག་ལེར་ལྷུན་གྲུབ་སྣང་བཞིའི་ངང་། །གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ། །ཤེས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང་། །གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པ་འབུལ། །འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས། །བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རངས། །ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར། །འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས། །འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོ། །ལན་གསུམ་དུ་བྱ། ཧཱུྃ། ཀ་དག་ཆོས་སྐུའི་རང་རྩལ་ནས། །རྣམ་རོལ་དག་པ་རབ་འབྱམས་སྤྲིན། །སྣོད་ཀྱི་འཇིག་རྟེན་པདྨ་འོད། །དྭངས་གསལ་སྒྲིབ་མེད་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ཞི་དང་ཁྲོ། །སྒྱུ་འཕྲུལ་བཀོད་པ་མི་ཟད་རྒྱན། །འདོད་ཡོན་མཆོད་སྤྲིན་རྒྱ་མཚོར་བཅས། །ཡེ་ཤེས་ངོ་མཚར་རབ་འབྱམས་དབུས། །པད་སྡོང་ཉི་ཟླའི་གདན་སྟེང་དུ། །བདག་ཉིད་རིག་འཛིན་པདྨ་འབྱུང་། །ཁྲོ་འཛུམ་ཉམས་ལྡན་མཚན་དཔེར་འབར། །གསང་ཕོད་སྣམ་སྦྱར་ཟ་བེར་དང་། །སྙན་ཞུ་སྒྲོ་དར་བརྒྱན་ཅན་གསོལ། །ཕྱག་གཡས་རྡོ་རྗེ་གཡོན་ཐོད་པ། །ཁ་ཊྭཱྃ་ག་ནི་གྲུ་མོར་བརྟེན། །རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས། སྣང་སྲིད་དབང་སྡུད་ཚུལ་དུ་བཞུགས། །རབ་འབྱམས་རྒྱལ་བ་ཐམས་ཅད་ཀྱིས། །འཆར་གཞི་ཆུ་ཟླའི་རྣམ་རོལ་སྐུའི། །གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། ཀྱཻ། ཡུལ་གྱི་མིང་ནི་རྔ་ཡབ་གླིང་། །པདྨ་འོད་ཀྱི་གཞལ་ཡས་སུ། །རིག་འཛིན་པདྨ་འབྱུང་གནས་ལ། །པདྨ་ཐོད་ཕྲེང་རྩལ་དུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོ། ཞེས་པས་སྤྱན་དྲངས་གཉིས་མེད་བསྟིམ། མཆོད་བསྟོད་ནི། ཀྱཻ། ཟག་མེད་བདེ་སྟོང་རོལ་པའི་དཔྱིད། །ཕྱི་ནང་གསང་བ་བླ་མེད་པའི། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན། །དཔག་ཡས་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་བི་དྱཱ་ཤབྡ་མ་ཧཱ་པཱུ་ཛ་ཧོཿཀྱཻ། ཞི་དང་ཁྲོ་བོ་མ་ལུས་པའི། །དཀྱིལ་འཁོར་རྒྱ་མཚོ་འདུས་པའི་དཔྱིད། །རིག་འཛིན་བླ་མར་རྣམ་རོལ་པ། །ཁྱོད་ལ་གུས་པས་ཕྱག་འཚལ་བསྟོད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་པའི་བཟླས་པ་ཅི་ནུས་བྱའོ། །གཉིས་པ་བསང་མཆོད་དངོས་ཀྱི་རིམ་པ་ལ། མཆོད་གཏོར། བསང་རྫས། རྃ་ཡྃ་ཁྃ། གིས་བསྲེག་གཏོར་བཀྲུས་ཏེ་སྦྱངས། སྟོང་པའི་ངང་ལས་ཕྱི་ནང་གསང་པའི་མཆོད་པའི་རྫས་ཐམས་ཅད་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་མཆོད་རྫས་སོ་སོའི་རང་བཞིན་བྱེད་ལས་མགྲོན་རྣམས་དགྱེས་དགུར་འཆར་བ་ནམ་མཁའ་རབ་འབྱམས་གང་བར་སྤེལ་ལ། ཨོཾ་བཛྲ་ཨརྒྷཾ༴ ནས་ཤབྡའི་བར་དང་། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་སྥ་ར་ཎ་ཁཾ་ཞེས་མཁའ་ཁྱབ་ཏུ་སྤེལ། མགྲོན་སྤྱན་འདྲེན་པ་ནི། སྙན་པའི་རོལ་མོ་དབྱངས་དང་བཅས་པས། ཀྱཻ། འགྱུར་མེད་མཁའ་ཁྱབ་ཆོས་སྐུའི་རྩལ། །བདེ་ཆེན་ཡེ་ཤེས་སྒྱུ་མའི་སྤྲིན། །རབ་འབྱམས་རྩ་གསུམ་ལྷའི་འཁོར་ལོ། །མངོན་པར་འཆར་བའི་སྤྲོ་བསྡུའི་དཔྱིད། །བྱིན་རླབས་མཆོག་སྩོལ་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ལྷ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །དཔའ་བོ་མཁའ་འགྲོ་རྣལ་འབྱོར་མ། །བསྟན་སྲུང་མགོན་པོ་ལྕམ་དྲལ་སོགས། །འཇིག་རྟེན་འདས་དང་སྐྱོངས་པ་ཡི། །དྲེགས་པའི་ལྷ་སྲིན་མཆོད་སྦྱིན་གྱི། །མགྲོན་དུ་འོས་པ་གང་མཆིས་པ། །ཐམས་ཅད་དད་པས་སྤྱན་འདྲེན་ན། །ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །འདིར་གཤེགས་མཐུན་པའི་གདན་ཁྲི་ལ། །དགྱེས་ཤིང་བརྩེ་བས་བཞུགས་སུ་གསོལ། །ཞེས་པས་སྤྱན་དྲངས་པའི་མགྲོན་རྣམས་མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་བཞིན་བཞུགས་པར་བསམ་མོ། །ཀྱཻ། ཀུན་བཟང་འབྱོར་པ་རྒྱ་མཚོའི་ཕུལ། །ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་ཆབ། །རྣམ་བཀྲའི་མེ་ཏོག་སྤོས་སྤྲིན་གཏིབས། །སྣང་གསལ་སྒྲོན་མེ་དྲི་ཆབ་མཚོ། །རོ་ལྡན་ཞལ་ཟས་སྙན་འཇེབས་སྒྲ། །འདོད་ཡོན་ལྔ་དང་རིན་ཆེན་བདུན། །བཀྲ་ཤིས་རྟགས་རྫས་འཆི་མེད་སྨན། །དམར་ཆེན་ཁྲག་དང་བ་ལིཾ་ཏ། །གསེར་སྐྱེམས་ཕྱེ་མར་བདུད་རྩིའི་ཟས། །གོས་རྒྱན་ནོར་དབྱིག་དཀོར་ནོར་རྫས། །རྒྱལ་མཚན་རུ་མཚོན་ལྷབ་ལྷུབ་འཕན། །ཕྱི་ནང་གསང་བ་བླ་མེད་པའི། །ངོ་མཚར་མཆོད་པ་ཆེན་པོའི་སྤྲིན། །འབུལ་ལོ་དགྱེས་པར་བཞེས་སུ་གསོལ། ཀྱཻ། ཟག་མེད་ཡེ་ཤེས་རྡོ་རྗེ་བཞིའི། །ངོ་བོ་གདོད་ནས་རོ་མཉམ་པའི། །འཁོར་འདས་དག་པ་རབ་འབྱམས་ལྷར། །གུས་པས་བསྟོད་དོ་ཕྲིན་ལས་མཛོད། ཀྱཻ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས། །འདོད་ཡོན་བསང་གི་མཆོད་པའི་སྤྲིན། །རང་རང་དགྱེས་དགུར་འཆར་གྱུར་ཅིག །ཆོས་ཀུན་སྤྲོས་པ་བྲལ་བའི་དབྱིངས། །མཁའ་ལྟར་དག་པའི་བདེ་ཆེན་རྩལ། །སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། །དག་པ་རབ་འབྱམས་འཁོར་ལོར་སད། །དེ་ཕྱིར་བསང་བྱ་བསང་བྱེད་ཀྱི། །མ་དག་དྲི་མ་དམིགས་མེད་ཀྱང་། །སྒྱུ་མ་མཁན་གྱིས་སྒྱུ་མ་ཡི། །འདོད་ཡོན་རོལ་པ་ཇི་བཞིན་བསངས། ཀྱཻ། བརྟན་གཡོ་ཀུན་གྱི་དྭངས་མའི་དཔྱིད། །འཆི་མེད་བདུད་རྩིའི་སྨན་དུ་སྐྱེས། །ལྷ་དང་གྲུབ་པ་ཐམས་ཅད་ཀྱི། །བདུད་རྩི་ཆེན་པོར་གཟི་བྱིན་བསྐྱེད། །ནད་གདོན་གྲིབ་དང་མི་གཙང་རྐྱེན། །དག་བྱེད་དྲི་བསུང་ཕུན་ཚོགས་པའི། །ངོ་མཚར་ལྡན་པའི་འཆི་མེད་སྨན། །ཐམས་ཅད་སྦྱར་བའི་འབྱོར་པའི་ཚོགས། །འབར་བྱེད་མེ་ཡིས་བསྲེགས་ཤིང་བཞུ། །དྭངས་མ་བདུད་རྩིའི་སྤྲིན་དུ་འཁྲིགས། །དགྱེས་དགུས་འདོད་ཡོན་ཆར་བཞིན་དུ། །འབེབས་པའི་ཀུན་བཟང་མཆོད་པས་བསངས། །ཀྱཻ། ཀུན་ཏུ་བཟང་པོ་ནས་བཟུང་སྟེ། །དྲིན་ཅན་རྩ་བའི་བླ་མའི་བར། །དགོངས་བརྡ་སྙན་ནས་བརྒྱུད་པ་ཡི། །བཀའ་གཏེར་བརྒྱུད་པའི་བླ་མ་བསངས། །ཐུབ་དབང་བྱམས་པ་འཇམ་དཔལ་དབྱངས། །ཀླུ་སྒྲུབ་ཐོགས་མེད་ལ་སོགས་པའི། །འཛམ་གླིང་རྒྱན་མཆོག་ཐམས་ཅད་དང་། །གྲུབ་ཆེན་བརྒྱད་ཅུ་རྩ་བཞི༴ །གསེར་གླིང་པ་དང་ཨ་ཏི་ཤ། རིན་བཟང་ནག་ཚོ་ཁུ་རྡོག་འབྲོམ། །འཇམ་དབྱངས་ཙོང་ཁ་པ་ལ་སོགས། །བཀའ་གདམས་གསར་རྙིང་བརྒྱུད་པ༴ །རྣལ་འབྱོར་དབང་ཕྱུག་བིར་ཝ་པ། །ནག་པོ་ཌཱ་མ་རུ་པ་དང་། །ཨ་ཝ་དྷཱུ་ཏི་སྤྲིན་ཤུགས་འཛིན། །འབྲོག་མི་སེ་ཞང་འཁོན་སོགས༴ །བརྩེ་བ་ཆེན་པོ་ས་སྐྱ་པ། །བསོད་རྩེ་གྲགས་པ་རྒྱལ་མཚན་དང་། །དཔལ་ལྡན་ཆོས་རྗེ་པཎྜི་ཏ། །འཕགས་ཆེན་བློ་གྲོས་རྒྱལ་མཚན་བསངས། །རིགས་གསུམ་སྤྲུལ་པའི་གར་བསྒྱུར་བ། །འོད་གསལ་འཁོན་གདུང་ནོར་བུའི་ཕྲེང་། །མཐའ་ཡས་བསྟན་འགྲོའི་རྩ་ལག་མཆོག །རིམ་བྱོན་བརྒྱུད་པར་བཅས་ཀུན༴ །རྒྱལ་བས་ལུང་བསྟན་ཨེ་ཝྃ་པ། །གསང་སྔགས་མཛོད་འཛིན་རྫོང་པ་དང་། །མཐུ་སྟོབས་དབང་ཕྱུག་ཚར་པ་སོགས། །ལམ་འབྲས་བརྒྱུད་པ་ཐམས་ཅད༴ །རྡོར་འཆང་ཏེ་ལོ་ནཱ་རོ་དང་། །མར་མི་དྭགས་པོ་རྡོ་རྗེ་རྒྱལ། །གདན་འབྲུག་འབྲི་སྟག་ལ་སོགས་པ། །བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད༴ །དམ་པ་རྒྱ་གར་ལབ་སྒྲོན་སོགས། །ཞི་གཅོད་བརྒྱུད་པ་ཐམས་ཅད་དང་། །ཆོས་རྒྱལ་རིགས་ལྡན་ཇོ་ཞལ་སོགས། །སྦྱོར་དྲུག་བརྒྱུད་པའི་བླ་མ༴ །ཁྱུང་པོ་རྣལ་འབྱོར་རིན་ཆེན་བདུན། མི་ཏྲ་ཛོ་ཀི་ཚེམ་བུ་པ། །ཨོ་རྒྱན་པ་དང་ཐང་རྒྱལ་སོགས། །གདམས་ངག་བརྒྱུད་པ་ཐམས་ཅད༴ །ཐོན་མི་བཱེ་རོ་སྐ་ཅོག་ཞང་། །ཐུབ་པས་ལུང་བསྟན་རྔོག་ལོ་ཆེ། །པ་ཚབ་བུ་བཞི་སེང་ཆེན་བརྒྱད། །མཚོ་སྣ་ཤེར་བཟང་མཆི་མ་སོགས༴ །སངས་རྒྱས་དཔལ་དང་རོང་སྟོན་རྗེ། །རྫོང་དཀར་ཤཀ་མཆོག་སྟག་ཚང་བ། །ཀུན་མཁྱེན་བསོད་ནམས་སེང་གེ་སོགས། །བཤད་བརྒྱུད་འཛིན་པའི་བླ་མ༴ །འདུས་པ་མདོ་དང་སྒྱུ་འཕྲུལ་རྒྱན། །སྒྲུབ་པ་ཆེན་པོ་བཀའ་བརྒྱད་འདུས། །ཞི་དང་ཁྲོ་བོ་རབ་འབྱམས་ལྷའི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས༴ །རིགས་གསུམ་རྣམ་བྱང་འཁོར་ལོ་ཆེ། རྡོར་དབྱིངས་སྦྱོངས་དཀྱིལ་དཔལ་མཆོག་དང་། །རྡོ་རྗེ་རྩེ་མོ་ལ་སོགས་པ། །བྱ་སྤྱོད་རྣལ་འབྱོར་ལྷ་ཚོགས༴ །གསང་འདུས་གཤིན་རྗེ་འཁོར་ལོ་སྡོམ། །གདན་བཞི་མ་ཧཱ་མ་ཡ་དང་། །སངས་རྒྱས་ཐོད་པ་རལ་ཅིག་མ། །དུས་ཀྱི་འཁོར་ལོ་ལ་སོགས༴ །ཁྱད་པར་བཅོམ་ལྡན་ཧེ་བཛྲ། །གཽ་རི་ལ་སོགས་ལྷ་མོ་བརྒྱད། སྐུ་དང་གསུང་དང་ཐུགས་རྡོ་རྗེའི། །ལྷ་ཚོགས་འཁོར་དང་བཅས་པ༴ །འཇམ་དཔལ་དཔའ་བོ་དུས་དགྲའི་དབང་། །རྡོ་རྗེ་འཇིག་མཛད་འཇིགས་བྱེད་པ། །ཕྱོགས་སྐྱོང་ལས་ཀྱི་གཤེན་རྗེ་སོགས། །ཡ་མནྟ་ཀའི་ལྷ་ཚོགས༴ །གསང་མཐའི་ཡང་སྙིང་བཀླགས་པས་འགྲུབ། །མཁའ་སྤྱོད་རྣལ་འབྱོར་མ་དཔལ་དང་། །ཕག་མོ་དམར་ནག་ལ་སོགས་པ། །མཁའ་འགྲོ་བྱེ་བ་འབུམ་སྡེ༴ །ཚེ་དཔག་རྟ་མགྲིན་སྤྱན་གཟིགས་དང་། །གསང་བདག་སྒྲོལ་མ་སྨེ་བརྩེགས་འཁྱིལ། །རྣམ་འཇོམས་གདུགས་དཀར་འོད་ཟེར་ཅན། །རྣམ་རྒྱལ་སེང་གེའི་གདོང་ཅན༴ །རྗེ་བཙུན་ཀུ་རུ་ཀུལླེ་དང་། །དཔལ་མོ་གསེར་གྱི་སྙིང་ཐག་ཅན། །ནོར་རྒྱུན་དམར་མོ་ཏི་ནུ་སོགས། །དབང་རྒྱས་ལྷ་ཚོགས་ཐམས་ཅད༴ །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ཏེ། །དཀོན་མཆོག་རིན་ཆེན་རྣམ་གསུམ༴ །མི་བསྐྱོད་རྡོ་རྗེའི་རྣམ་པར་འཕྲུལ། །བསྟན་སྲུང་ཡོངས་ཀྱི་སྡེ་དཔོན་ཆེ། །མ་ཧ་ཀཱ་ལ་གུར་གྱི་མགོན། །སྤྲུལ་པ་ཁྲོ་ཚོགས་བཅས་པ༴ །ཡུམ་ཆེན་ཨེ་ཀ་ཙ་ཏྲི་དང་། །ལྷ་མོ་འདོད་ཁམས་དབང་ཕྱུག་མ། །ལས་མགོན་མཆེད་ལྔ་རུ་འདྲེན་སོགས། །བསྟན་སྲུང་ལྕམ་བྲལ་འཁོར་བཅས༴ །སྟོབས་འཕྲོག་དབང་པོ་གདོང་བཞི་པ། །ཡུམ་ཆེན་སྲིང་མོ་བཞི་པོ་དང་། །དུར་བདག་ཡབ་ཡུམ་རེ་མ་ཏི། །དྲེགས་པ་ལྕམ་སྲིང་འཁོར་བཅས༴ །ལེགས་ལྡན་ཚོགས་བདག་ཕྱག་བཞི་པ། །མ་ནིང་སྟག་ཞོན་བདེ་གྲི་གུག །སེང་ཞོན་ཏྲཀྴད་ལ་སོགས་པའི། །ཕོ་རྒྱུད་མགོན་པོ་ཐམས་ཅད༴ །སྔགས་སྲུང་མ་མོ་རལ་གཅིག་མ། །རེ་ཏི་མཆེད་བཞི་ཙནྜི་ཀ །སྲོག་སྒྲུབ་ཞིང་སྐྱོང་མ་མོ་སོགས། །མོ་རྒྱུད་ལྷ་མོ་ཐམས་ཅད༴ །ལྷ་ཆེན་ཁྱབ་འཇུག་ལས་གཤིན་སོགས། །སྡེ་དཔོན་སུམ་ཅུ་དྲེགས་པ་ནི། །བཅོ་བརྒྱད་བདུད་མགོན་གིང་དང་བཙན། །མཐུ་ཆེན་དྲེགས་པ་ཐམས་ཅད༴ །མགོན་དཀར་ཡིད་བཞིན་ནོར་བུ་དང་། །ཚོགས་བདག་དམར་ཆེན་འདོད་པའི་རྒྱལ། །ཛམ་ལྷ་རིགས་ལྔ་དབྱུ་གུ་མཆེད། །སྨན་བཙུན་མཆེད་ལྔ་འཁོར་བཅས༴ །རྣམ་ཐོས་སྲས་སོགས་རྒྱལ་ཆེན་བཞི། །ཕྱོགས་སྐྱོངས་ལྷ་ཀླུ་གཟའ་སྐར་དང་། །འཇིགས་བྱེད་དགུ་དང་མ་སྲིང་སོགས། །འཇིག་རྟེན་སྐྱོང་བ་ཐམས་ཅད༴ །ཕྱི་ནང་གསང་བ་གབ་སྦས་དང་། །བསྟན་སྐྱོང་རྟག་ཅིང་ཆགས་པ་སོགས། །སྣང་ཞིང་སྲིད་པའི་ལྷ་མ་སྲིན། །སྡེ་བརྒྱད་འཁོར་དང་བཅས་པ༴ །བོད་སྐྱོང་བརྟན་མ་བཅུ་གཉིས་དང་། །རྗེ་འབངས་མགུར་ལྷ་སྲོག་ལྷ་སོགས། །དབེན་གནས་ཆོས་འཁོར་སྲུང་མ་དང་། །ཡུལ་ལྷ་གཞི་བདག་ཐམས་ཅད༴ །བོད་ཁམས་དཀར་ཕྱོགས་སྐྱོངས་བའི་རྗེ། །ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །གཏེར་བདག་རྨ་རྒྱལ་སྤོམ་ར་རྗེ། །མཆེད་ཡུམ་སྲས་བློན་འཁོར་བཅས༴ །སྙིགས་དུས་ནག་ཕྱོགས་འདུལ་བའི་གཤེད། །སྐུ་རྗེ་སེང་ཆེན་རྒྱལ་པོ་ལ། །ནེ་ནེ་གནམ་སྨན་དཀར་མོ་དང་། །དགྲ་ལྷ་ཁྲི་འབུམ་དམག་ཚོགས༴ །ཀྱཻ། ཁྱད་པར་བདག་ཅག་འཁོར་བཅས་ལ། །འགོ་ཞིང་སྡོང་གྲོགས་མི་གཡེལ་བར། །བསམ་པའི་དོན་ཀུན་འགྲུབ་པ་ཡི། །དགྲ་ལྷ་གཉེན་པོ་ཐམས་ཅད༴ །ལུས་བདེ་ངག་སྙན་སེམས་རིག་བཀྲ། །དཔའ་རྩལ་མཐུ་ཆེན་དབང་པོ་གསལ། །སྲ་བའི་གོ་དང་རྣོ་བའི་མཚོན། །མྱུར་མགྱོགས་དགྲ་ལྷ་ཐམས་ཅད༴ །མཐོ་ལ་ཞུ་དང་དམའ་ལ་བསྒོ། །ཁ་འཛིན་གཤགས་འབྱེད་ཕྱོགས་སུ་འགྲོ། །ཚོང་དང་དམག་ཇག་ལས་ལ་སོགས། །བྱ་བ་ཀུན་གྱི་དགྲ་ལྷ༴ །ཞིང་དང་ཕྱུགས་ལྷ་སྒོ་དང་ལམ། །ཕ་མེས་མི་རབས་ཆོས་བརྒྱུད་ལ། །འགོ་བའི་དགྲ་ལྷ་ཐམས་ཅད་བསངས། །མདོར་ན་མཆོད་པར་འོས་པའི་མགྲོན། །གང་མཆིས་མིང་དུ་མ་འཚལ་བ། །བདུད་རྩི་བསངས་ཀྱི་མཆོད་པ་འདིས། །བསངས་ཤིང་གསོལ་ལོ་དགྱེས་པར་མཛོད། བར་འདིར། བྷྲཱུྃ། རིན་ཆེན་སྣ་ཚོགས་དྭངས་མའི༴ སོགས། རི་བོ་བསངས་མཆོད་དང་། སྡེ་དགེའི་འཁྲུངས་བསངས་སི་ཏུ་རིན་པོ་ཆེས་མཛད་པ་བཏང་། སྐབས་རེར་ཀུན་བློའི་དག་སྣང་བརྟན་མའི་གསོལ་མཆོད་སྦྱར་གྲུབ་ན་ལེགས། སྤྲོ་ན་དགྲ་ལྷ་བཅུ་གསུམ་དང་རྟ་ཐུབ་དགྲ་ལྷ་སོགས་དང་། ལམ་ལྷ་ཁ་འཛིན་རླུང་རྟ་རྣམས་འདོན་ཀྱང་ཆོག །དེ་ནས་ཉམས་གྲིབ་བཤགས་པ་ནི། ཀྱཻ། ཡེ་ཤེས་གཅིག་ཉིད་མཁའ་ཡི་ཟླ། །དུ་མའི་སྣོད་དུ་ཆུ་ཟླའི་གར། །སྟོན་མཛད་མཆོད་ཡུལ་མགྲོན་ཀུན་ལ། དག་བྱེད་བསངས་ཀྱི་མཆོད་པའི་མཐུས། །མི་གཙང་ཟས་ཟོས་གོས་གྱོན་ཞིང་། །རྨེ་མནོལ་མཛེ་ཡུག་དམ་ཉམས་དང་། །འགྲོགས་ཤིང་སྤྱོད་ལམ་འདྲེས་པ་ཡིས། །ཉམས་གྲིབ་མཁོན་གྲིབ་ཐམས་ཅད་བསངས། །གཞན་ཡང་མི་ཤེས་བག་མེད་པས། །སྡོམ་པ་གསུམ་དང་འགལ་བ་ཡི། །ཉམས་གྲིབ་ལྷ་ལ་ཕོག་གྱུར་པ། །ཐམས་ཅད་བསངས་ངོ་དག་གྱུར་ཅིག །སྐབས་འདིར་སྡེ་བརྒྱད་མཆོད་པ་བཏང་ངོ་། འདོད་དོན་གསོལ་བ་ནི། ཀྱཻ། དེ་ལྟར་མཆོད་སྦྱིན་མགྲོན་རྣམས་ཀུན། །བདུད་རྩི་བསངས་ཀྱི་མཆོད་སྤྲིན་གྱིས། །ཐུགས་ཀྱི་དགྱེས་པ་སྐོངས་གྱུར་ནས། །འདོད་པའི་དོན་ཀུན་བསྒྲུབ་པར་མཛོད། །ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི། །བསྟན་པ་དར་ཞིང་རྒྱས་པ་དང་། །དཀོན་མཆོག་དབུ་འཕང་མཐོ་ཞིང་བཙན། །འགྲོ་ཀུན་བདེ་སྐྱིད་ལྡན་པར་མཛོད། །ཁྱད་པར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བགེགས་དང་བར་ཆད་སོལ། །ཚེ་དང་བསོད་ནམས་དཔལ་འབྱོར་སྟོབས། །མངའ་ཐང་ལོངས་སྤྱོད་རྒྱས་པར་མཛོད། །མི་དང་མི་མིན་སྲིད་ཞིའི་དཔལ། །ཐམས་ཅད་དབང་དུ་འདུ་བ་དང་། །དགྲ་བགེགས་བདུད་སྡེའི་གཡུལ་ངོ་ལས། །རྟག་ཏུ་རྣམ་པར་རྒྱལ་བར་མཛོད། །མདོར་ན་གནས་སྐབས་མཐར་ཐུགས་གི །ལེགས་པའི་ཡོན་ཏན་ཀུན་འགྲུབ་ཅིང་། །བཀྲ་ཤིས་ཕུན་སུམ་ཚོགས་པའི་དཔལ། །དབྱར་མཚོ་བཞིན་དུ་རྒྱས་པར་མཛོད། །རྗེས་ཆོག་ལ་གཏང་རག་མཆོད་བསྟོད་སྤྲོ་ན། ཀྱེ། ཀུན་བཟང་འབྱོར་པ་རྒྱ་མཚོའི་ཕུལ། །སོགས་ནས། གུས་པས་བསྟོད་དོ་ཕྲིན་ལས་མཛོད། བར་འདོན། མཆོད་བསྟོད་མ་བྱས་ཀྱང་ཆོག །མ་འབྱོར་པ་དང་༴ སོགས་ཀྱིས་བཟོད་གསོལ་བྱས་ལ། གཤེགས་སུ་གསོལ་བ་ནི། ཀྱཻ། མཆོད་སྦྱིན་མགྲོན་རྣམས་མ་ལུས་པ། །སྐུ་གསུམ་ཞིང་ཁམས་སོ་སོར་གཤེགས། །ངོ་བོ་གདོད་ནས་སྐྱེ་མེད་དབྱིངས། །རོལ་པ་འགག་མེད་བཛྲ་མུཿཞེས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ། དགེ་བ་འདི་ཡི་སྐྱེ་བོ་ཀུན། སོགས་དང་། མཆོད་སྦྱིན་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། སོགས་བསྔོ་སྨོན་ཅི་རིགས་དང་། སྟོན་མཆོག་དམ་པ༴ སོགས་ཀྱིས་ཤིས་བརྗོད་བྱའོ། །ས་ལུགས་ལ་འཁོན་རྒྱ་གར་ཤེར་བཟང་གི་མཛད་པའི་ཐུགས་རྗེ་ཚད་མེད་དང་། དེའི་ལྗགས་བསྒྲིགས་དཔོན་སློབ་རིན་པོ་ཆེའི་གསུངས་བཞུགས་ཀྱང་། རྒྱུན་བསངས་རྒྱས་བསྡུས་འཚམས་པ་འདི་བཞིན་བྱས་ཀྱང་མི་འགལ་ལོ། །སྤྱིར་གསར་མ་རང་ལུགས་ལ་བསངས་ཟེར་བ་འབྱུང་སྲོལ་མེད་པ་སྔར་གྱི་ས་ངོར་བླ་མ་གོང་མ་རྣམས་ཀྱི་གསུངས་འབུམ་ན་མེད་རྒྱུ་དཔེ་གསལ་ཡང་། འདིར་ཨོ་རྒྱན་ཆེན་པོས་བོད་ཀྱི་ལྷ་ཀླུ་གཞི་བདག་འདུལ་བའི་དོན་དུ་མཛད་པ་དང་། ཁུང་མེད་ཀྱང་མ་ཡིན་ཏེ་བསངས་གི་བྱུང་རབ་དང་། མདོ་སྡེ་རྣམས་ལས་ཀྱང་། ཙནྡན་དང་ཨ་ག་རུ་སོགས་ཀྱི་བདུག་པ་བྱ་བར་རྒྱ་ཆེར་བཤད་པ་དང་། སྔགས་ཆོག་རྣམས་སུ་ཆུ་ཆང་བདུད་རྩིས་བསངས་གཏོར་བྱ་བ་ལ་སྔགས་དང་བདུད་རྩིས་བསངས་བར་བཤད་ན། དེ་བས་ཀྱང་བསངས་བ་ལ་འགལ་བ་ཡང་མེད་དོ། །ཞུ་བསངས་སྐོར་དང་འཇམ་མགོན་དཔོན་སློབ་རིན་པོ་ཆེའི་ཆོས་སྐྱོང་ནོར་ལྷ་སོགས་ཀྱི་བསངས་སྒེར་པ་རྣམས་འདོན་ན་ཡང་རི་བོ་བསངས་མཆོད་ཀྱི་མགོར་སྦྱར་ན་ལེགས། ཡུལ་ལྷ་སོགས་འཁྲུངས་བསངས་མགོར་སྦྱར་ན་འཐད་དོ། །ཅེས་པའང་ཤེས་རབ་ཕུན་ཚོགས་ནས་བསངས་རྩོམ་པ་བསྐུལ་ཡང་གསར་རྩོམ་བྱས་པ་དགོས་མེད་སྟབས་སྨིན་གཏེར་གསུངས་ལ་བསྣོན་ཀ་ཕྲན་བུ་འདི་ཡང་ཆོས་ཀྱི་བློ་གྲོས་པས་སོ།། །།
[edit]

rgyun bsangs bdud rtsi'i sprin phung smin gling gter chen rin po che'i mdzad pa la gsal byed bsnon cha phran bus brgyan par spro na/__skyabs sems ni/__oM AHhU~M/__mkha' mnyam srid zhi'i skyabs kun snying po'i bcud/__/dbang drag rig 'dzin pad+ma thod phreng rtsal/__/khyed skur snang srid rgyal ba'i dkyil 'khor rdzogs/__/'gro kun srid las bsgral phyir skyabs su mchi/__/gsang mchog ye shes 'od gsal thig le'i gzhir/__/'gro kun sgrib gsum dag nas sku dang gsung /__/thugs kyi thig ler lhun grub snang bzhi'i ngang /__/gzhon nu bum skur grol bar sems bskyed do/__/shes rig ma bcos gnyug mar phyag 'tshal zhing /__/gting mtha' bral ba'i 'od gsal mchod pa 'bul/__/'khor ba myang 'das mnyam nyid klong du bshags/__/blo bral chos zad chen por rjes yi rangs/__/lhun grub rdzogs pa chen po'i chos 'khor bskor/__/'khor ba dong nas sprugs par gsol ba 'debs/__/'khor gsum dmigs mtha' bral ba'i pha mthar bsngo/__/lan gsum du bya/__hU~M/__ka dag chos sku'i rang rtsal nas/__/rnam rol dag pa rab 'byams sprin/__/snod kyi 'jig rten pad+ma 'od/__/dwangs gsal sgrib med gzhal yas khang /__/bcud kyi sems can zhi dang khro/__/sgyu 'phrul bkod pa mi zad rgyan/__/'dod yon mchod sprin rgya mtshor bcas/__/ye shes ngo mtshar rab 'byams dbus/__/pad sdong nyi zla'i gdan steng du/__/bdag nyid rig 'dzin pad+ma 'byung /__/khro 'dzum nyams ldan mtshan dper 'bar/__/gsang phod snam sbyar za ber dang /__/snyan zhu sgro dar brgyan can gsol/__/phyag g.yas rdo rje g.yon thod pa/__/kha T+wA~M ga ni gru mor brten/__/rgyal po rol pa'i 'dug stangs kyis/__snang srid dbang sdud tshul du bzhugs/__/rab 'byams rgyal ba thams cad kyis/__/'char gzhi chu zla'i rnam rol sku'i/__/gnas gsum yig 'bru gsum gyis mtshan/__/'od 'phros ye shes spyan drangs gyur/__kyai/__yul gyi ming ni rnga yab gling /__/pad+ma 'od kyi gzhal yas su/__/rig 'dzin pad+ma 'byung gnas la/__/pad+ma thod phreng rtsal du grags/__/'khor du mkha' 'gro mang pos bskor/__/khyed kyi rjes su bdag sgrub kyis/__/byin gyis brlab phyir gshegs su gsol/__/gnas mchog 'di ru byin phob la/__/sgrub mchog bdag la dbang bzhi bskur/__/bgegs dang log 'dren bar chad sol/__/mchog dang thun mong dngos grub stsol/__/badz+ra sa mA dzaHdzaHhU~M ba~M ho/__zhes pas spyan drangs gnyis med bstim/__mchod bstod ni/__kyai/__zag med bde stong rol pa'i dpyid/__/phyi nang gsang ba bla med pa'i/__/ngo mtshar kun bzang mchod pa'i sprin/__/dpag yas nam mkha' bkang ste 'bul/__/oM badz+ra ar+g+haM pA d+yaM puSh+pe d+hU pe A lo ke gan+d+he ne bi d+yA shab+da ma hA pU dza hoHkyai/__zhi dang khro bo ma lus pa'i/__/dkyil 'khor rgya mtsho 'dus pa'i dpyid/__/rig 'dzin bla mar rnam rol pa/__/khyod la gus pas phyag 'tshal bstod/__/oM AHhU~M badz+ra gu ru pad+ma sid+d+hi hU~M/__zhes pa'i bzlas pa ci nus bya'o/__/gnyis pa bsang mchod dngos kyi rim pa la/__mchod gtor/__bsang rdzas/__ra~M ya~M kha~M/__gis bsreg gtor bkrus te sbyangs/__stong pa'i ngang las phyi nang gsang pa'i mchod pa'i rdzas thams cad ngo bo zag pa med pa'i ye shes kyi bdud rtsi rnam pa mchod rdzas so so'i rang bzhin byed las mgron rnams dgyes dgur 'char ba nam mkha' rab 'byams gang bar spel la/__oM badz+ra ar+g+haM=__nas shab+da'i bar dang /__oM na maHsarba ta thA ga te b+h+yo bi shwa mu khe b+h+yaHsarba tha khaM at+ga te s+pha ra Na i maM ga ga na khaM swA hA/__badz+ra s+pha ra Na khaM zhes mkha' khyab tu spel/__mgron spyan 'dren pa ni/__snyan pa'i rol mo dbyangs dang bcas pas/__kyai/__'gyur med mkha' khyab chos sku'i rtsal/__/bde chen ye shes sgyu ma'i sprin/__/rab 'byams rtsa gsum lha'i 'khor lo/__/mngon par 'char ba'i spro bsdu'i dpyid/__/byin rlabs mchog stsol bla ma dang /__/dngos grub char 'bebs yi dam lha/__/sangs rgyas byang chub sems dpa'i tshogs/__/dpa' bo mkha' 'gro rnal 'byor ma/__/bstan srung mgon po lcam dral sogs/__/'jig rten 'das dang skyongs pa yi/__/dregs pa'i lha srin mchod sbyin gyi/__/mgron du 'os pa gang mchis pa/__/thams cad dad pas spyan 'dren na/__/thogs pa med pa'i rdzu 'phrul gyis/__/'dir gshegs mthun pa'i gdan khri la/__/dgyes shing brtse bas bzhugs su gsol/__/zhes pas spyan drangs pa'i mgron rnams mdun gyi nam mkhar sprin gtibs pa bzhin bzhugs par bsam mo/__/kyai/__kun bzang 'byor pa rgya mtsho'i phul/__/yan lag brgyad ldan khrus kyi chab/__/rnam bkra'i me tog spos sprin gtibs/__/snang gsal sgron me dri chab mtsho/__/ro ldan zhal zas snyan 'jebs sgra/__/'dod yon lnga dang rin chen bdun/__/bkra shis rtags rdzas 'chi med sman/__/dmar chen khrag dang ba liM ta/__/gser skyems phye mar bdud rtsi'i zas/__/gos rgyan nor dbyig dkor nor rdzas/__/rgyal mtshan ru mtshon lhab lhub 'phan/__/phyi nang gsang ba bla med pa'i/__/ngo mtshar mchod pa chen po'i sprin/__/'bul lo dgyes par bzhes su gsol/__kyai/__zag med ye shes rdo rje bzhi'i/__/ngo bo gdod nas ro mnyam pa'i/__/'khor 'das dag pa rab 'byams lhar/__/gus pas bstod do phrin las mdzod/__kyai/__dkon mchog gsum gyi bden pa dang /__/ting 'dzin sngags dang phyag rgya'i mthus/__/'dod yon bsang gi mchod pa'i sprin/__/rang rang dgyes dgur 'char gyur cig__/chos kun spros pa bral ba'i dbyings/__/mkha' ltar dag pa'i bde chen rtsal/__/snod bcud lha dang gzhal yas khang /__/dag pa rab 'byams 'khor lor sad/__/de phyir bsang bya bsang byed kyi/__/ma dag dri ma dmigs med kyang /__/sgyu ma mkhan gyis sgyu ma yi/__/'dod yon rol pa ji bzhin bsangs/__kyai/__brtan g.yo kun gyi dwangs ma'i dpyid/__/'chi med bdud rtsi'i sman du skyes/__/lha dang grub pa thams cad kyi/__/bdud rtsi chen por gzi byin bskyed/__/nad gdon grib dang mi gtsang rkyen/__/dag byed dri bsung phun tshogs pa'i/__/ngo mtshar ldan pa'i 'chi med sman/__/thams cad sbyar ba'i 'byor pa'i tshogs/__/'bar byed me yis bsregs shing bzhu/__/dwangs ma bdud rtsi'i sprin du 'khrigs/__/dgyes dgus 'dod yon char bzhin du/__/'bebs pa'i kun bzang mchod pas bsangs/__/kyai/__kun tu bzang po nas bzung ste/__/drin can rtsa ba'i bla ma'i bar/__/dgongs brda snyan nas brgyud pa yi/__/bka' gter brgyud pa'i bla ma bsangs/__/thub dbang byams pa 'jam dpal dbyangs/__/klu sgrub thogs med la sogs pa'i/__/'dzam gling rgyan mchog thams cad dang /__/grub chen brgyad cu rtsa bzhi=____/gser gling pa dang a ti sha/__rin bzang nag tsho khu rdog 'brom/__/'jam dbyangs tsong kha pa la sogs/__/bka' gdams gsar rnying brgyud pa=____/rnal 'byor dbang phyug bir wa pa/__/nag po DA ma ru pa dang /__/a wa d+hU ti sprin shugs 'dzin/__/'brog mi se zhang 'khon sogs=____/brtse ba chen po sa skya pa/__/bsod rtse grags pa rgyal mtshan dang /__/dpal ldan chos rje paN+Di ta/__/'phags chen blo gros rgyal mtshan bsangs/__/rigs gsum sprul pa'i gar bsgyur ba/__/'od gsal 'khon gdung nor bu'i phreng /__/mtha' yas bstan 'gro'i rtsa lag mchog__/rim byon brgyud par bcas kun=____/rgyal bas lung bstan e wa~M pa/__/gsang sngags mdzod 'dzin rdzong pa dang /__/mthu stobs dbang phyug tshar pa sogs/__/lam 'bras brgyud pa thams cad=____/rdor 'chang te lo nA ro dang /__/mar mi dwags po rdo rje rgyal/__/gdan 'brug 'bri stag la sogs pa/__/bka' brgyud che bzhi chung brgyad=____/dam pa rgya gar lab sgron sogs/__/zhi gcod brgyud pa thams cad dang /__/chos rgyal rigs ldan jo zhal sogs/__/sbyor drug brgyud pa'i bla ma=____/khyung po rnal 'byor rin chen bdun/__mi tra dzo ki tshem bu pa/__/o rgyan pa dang thang rgyal sogs/__/gdams ngag brgyud pa thams cad=____/thon mi bA+e ro ska cog zhang /__/thub pas lung bstan rngog lo che/__/pa tshab bu bzhi seng chen brgyad/__/mtsho sna sher bzang mchi ma sogs=____/sangs rgyas dpal dang rong ston rje/__/rdzong dkar shaka mchog stag tshang ba/__/kun mkhyen bsod nams seng ge sogs/__/bshad brgyud 'dzin pa'i bla ma=____/'dus pa mdo dang sgyu 'phrul rgyan/__/sgrub pa chen po bka' brgyad 'dus/__/zhi dang khro bo rab 'byams lha'i/__/yi dam dkyil 'khor lha tshogs=____/rigs gsum rnam byang 'khor lo che/__rdor dbyings sbyongs dkyil dpal mchog dang /__/rdo rje rtse mo la sogs pa/__/bya spyod rnal 'byor lha tshogs=____/gsang 'dus gshin rje 'khor lo sdom/__/gdan bzhi ma hA ma ya dang /__/sangs rgyas thod pa ral cig ma/__/dus kyi 'khor lo la sogs=____/khyad par bcom ldan he badz+ra/__/gau ri la sogs lha mo brgyad/__sku dang gsung dang thugs rdo rje'i/__/lha tshogs 'khor dang bcas pa=____/'jam dpal dpa' bo dus dgra'i dbang /__/rdo rje 'jig mdzad 'jigs byed pa/__/phyogs skyong las kyi gshen rje sogs/__/ya man+ta ka'i lha tshogs=____/gsang mtha'i yang snying bklags pas 'grub/__/mkha' spyod rnal 'byor ma dpal dang /__/phag mo dmar nag la sogs pa/__/mkha' 'gro bye ba 'bum sde=____/tshe dpag rta mgrin spyan gzigs dang /__/gsang bdag sgrol ma sme brtsegs 'khyil/__/rnam 'joms gdugs dkar 'od zer can/__/rnam rgyal seng ge'i gdong can=____/rje btsun ku ru kul+le dang /__/dpal mo gser gyi snying thag can/__/nor rgyun dmar mo ti nu sogs/__/dbang rgyas lha tshogs thams cad=____/rkang gnyis gtso bo sangs rgyas dang /__/zhi ba chags bral dam pa'i chos/__/tshogs mchog 'phags pa'i dge 'dun te/__/dkon mchog rin chen rnam gsum=____/mi bskyod rdo rje'i rnam par 'phrul/__/bstan srung yongs kyi sde dpon che/__/ma ha kA la gur gyi mgon/__/sprul pa khro tshogs bcas pa=____/yum chen e ka tsa tri dang /__/lha mo 'dod khams dbang phyug ma/__/las mgon mched lnga ru 'dren sogs/__/bstan srung lcam bral 'khor bcas=____/stobs 'phrog dbang po gdong bzhi pa/__/yum chen sring mo bzhi po dang /__/dur bdag yab yum re ma ti/__/dregs pa lcam sring 'khor bcas=____/legs ldan tshogs bdag phyag bzhi pa/__/ma ning stag zhon bde gri gug__/seng zhon trak+shad la sogs pa'i/__/pho rgyud mgon po thams cad=____/sngags srung ma mo ral gcig ma/__/re ti mched bzhi tsan+Di ka__/srog sgrub zhing skyong ma mo sogs/__/mo rgyud lha mo thams cad=____/lha chen khyab 'jug las gshin sogs/__/sde dpon sum cu dregs pa ni/__/bco brgyad bdud mgon ging dang btsan/__/mthu chen dregs pa thams cad=____/mgon dkar yid bzhin nor bu dang /__/tshogs bdag dmar chen 'dod pa'i rgyal/__/dzam lha rigs lnga dbyu gu mched/__/sman btsun mched lnga 'khor bcas=____/rnam thos sras sogs rgyal chen bzhi/__/phyogs skyongs lha klu gza' skar dang /__/'jigs byed dgu dang ma sring sogs/__/'jig rten skyong ba thams cad=____/phyi nang gsang ba gab sbas dang /__/bstan skyong rtag cing chags pa sogs/__/snang zhing srid pa'i lha ma srin/__/sde brgyad 'khor dang bcas pa=____/bod skyong brtan ma bcu gnyis dang /__/rje 'bangs mgur lha srog lha sogs/__/dben gnas chos 'khor srung ma dang /__/yul lha gzhi bdag thams cad=____/bod khams dkar phyogs skyongs ba'i rje/__/lha chen rdo rje 'bar ba rtsal/__/gter bdag rma rgyal spom ra rje/__/mched yum sras blon 'khor bcas=____/snyigs dus nag phyogs 'dul ba'i gshed/__/sku rje seng chen rgyal po la/__/ne ne gnam sman dkar mo dang /__/dgra lha khri 'bum dmag tshogs=____/kyai/__khyad par bdag cag 'khor bcas la/__/'go zhing sdong grogs mi g.yel bar/__/bsam pa'i don kun 'grub pa yi/__/dgra lha gnyen po thams cad=____/lus bde ngag snyan sems rig bkra/__/dpa' rtsal mthu chen dbang po gsal/__/sra ba'i go dang rno ba'i mtshon/__/myur mgyogs dgra lha thams cad=____/mtho la zhu dang dma' la bsgo/__/kha 'dzin gshags 'byed phyogs su 'gro/__/tshong dang dmag jag las la sogs/__/bya ba kun gyi dgra lha=____/zhing dang phyugs lha sgo dang lam/__/pha mes mi rabs chos brgyud la/__/'go ba'i dgra lha thams cad bsangs/__/mdor na mchod par 'os pa'i mgron/__/gang mchis ming du ma 'tshal ba/__/bdud rtsi bsangs kyi mchod pa 'dis/__/bsangs shing gsol lo dgyes par mdzod/__bar 'dir/__b+h+rU~M/__rin chen sna tshogs dwangs ma'i=__sogs/__ri bo bsangs mchod dang /__sde dge'i 'khrungs bsangs si tu rin po ches mdzad pa btang /__skabs rer kun blo'i dag snang brtan ma'i gsol mchod sbyar grub na legs/__spro na dgra lha bcu gsum dang rta thub dgra lha sogs dang /__lam lha kha 'dzin rlung rta rnams 'don kyang chog__/de nas nyams grib bshags pa ni/__kyai/__ye shes gcig nyid mkha' yi zla/__/du ma'i snod du chu zla'i gar/__/ston mdzad mchod yul mgron kun la/__dag byed bsangs kyi mchod pa'i mthus/__/mi gtsang zas zos gos gyon zhing /__/rme mnol mdze yug dam nyams dang /__/'grogs shing spyod lam 'dres pa yis/__/nyams grib mkhon grib thams cad bsangs/__/gzhan yang mi shes bag med pas/__/sdom pa gsum dang 'gal ba yi/__/nyams grib lha la phog gyur pa/__/thams cad bsangs ngo dag gyur cig__/skabs 'dir sde brgyad mchod pa btang ngo /__'dod don gsol ba ni/__kyai/__de ltar mchod sbyin mgron rnams kun/__/bdud rtsi bsangs kyi mchod sprin gyis/__/thugs kyi dgyes pa skongs gyur nas/__/'dod pa'i don kun bsgrub par mdzod/__/phan bde'i 'byung gnas sangs rgyas kyi/__/bstan pa dar zhing rgyas pa dang /__/dkon mchog dbu 'phang mtho zhing btsan/__/'gro kun bde skyid ldan par mdzod/__/khyad par bdag cag 'khor bcas kyi/__/nad gdon bgegs dang bar chad sol/__/tshe dang bsod nams dpal 'byor stobs/__/mnga' thang longs spyod rgyas par mdzod/__/mi dang mi min srid zhi'i dpal/__/thams cad dbang du 'du ba dang /__/dgra bgegs bdud sde'i g.yul ngo las/__/rtag tu rnam par rgyal bar mdzod/__/mdor na gnas skabs mthar thugs gi__/legs pa'i yon tan kun 'grub cing /__/bkra shis phun sum tshogs pa'i dpal/__/dbyar mtsho bzhin du rgyas par mdzod/__/rjes chog la gtang rag mchod bstod spro na/__kye/__kun bzang 'byor pa rgya mtsho'i phul/__/sogs nas/__gus pas bstod do phrin las mdzod/__bar 'don/__mchod bstod ma byas kyang chog__/ma 'byor pa dang =__sogs kyis bzod gsol byas la/__gshegs su gsol ba ni/__kyai/__mchod sbyin mgron rnams ma lus pa/__/sku gsum zhing khams so sor gshegs/__/ngo bo gdod nas skye med dbyings/__/rol pa 'gag med badz+ra muHzhes mgron rnams rang gnas su gshegs par bsam/__dge ba 'di yi skye bo kun/__sogs dang /__mchod sbyin rgya chen gyur pa 'di yi mthus/__sogs bsngo smon ci rigs dang /__ston mchog dam pa=__sogs kyis shis brjod bya'o/__/sa lugs la 'khon rgya gar sher bzang gi mdzad pa'i thugs rje tshad med dang /__de'i ljags bsgrigs dpon slob rin po che'i gsungs bzhugs kyang /__rgyun bsangs rgyas bsdus 'tshams pa 'di bzhin byas kyang mi 'gal lo/__/spyir gsar ma rang lugs la bsangs zer ba 'byung srol med pa sngar gyi sa ngor bla ma gong ma rnams kyi gsungs 'bum na med rgyu dpe gsal yang /__'dir o rgyan chen pos bod kyi lha klu gzhi bdag 'dul ba'i don du mdzad pa dang /__khung med kyang ma yin te bsangs gi byung rab dang /__mdo sde rnams las kyang /__tsan+dan dang a ga ru sogs kyi bdug pa bya bar rgya cher bshad pa dang /__sngags chog rnams su chu chang bdud rtsis bsangs gtor bya ba la sngags dang bdud rtsis bsangs bar bshad na/__de bas kyang bsangs ba la 'gal ba yang med do/__/zhu bsangs skor dang 'jam mgon dpon slob rin po che'i chos skyong nor lha sogs kyi bsangs sger pa rnams 'don na yang ri bo bsangs mchod kyi mgor sbyar na legs/__yul lha sogs 'khrungs bsangs mgor sbyar na 'thad do/__/ces pa'ang shes rab phun tshogs nas bsangs rtsom pa bskul yang gsar rtsom byas pa dgos med stabs smin gter gsungs la bsnon ka phran bu 'di yang chos kyi blo gros pas so//__//

Footnotes

Other Information