ཞིང་སྐྱོང་ཀུན་དགའ་གཞོན་ནུའི་རྒྱུན་བསྙེན་ཟབ་རྒྱ་ཅན།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-055
Wylie title zhing skyong kun dga' gzhon nu'i rgyun bsnyen zab rgya can JKCL-KABUM-11-DA-055.pdf
Location chos kyi blo gros bka' 'bum
Volume 11, Text 55, Pages 295-296 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. zhing skyong kun dga' gzhon nu'i rgyun bsnyen zab rgya can. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 295-296. Bir, H.P.: Khyentse Labrang, 2012.
Genre Daily Practice - rgyun khyer  ·  Protector Rituals - gsol mchod
Deity kun dga' gzhon nu
Colophon

པདྨ་ཡེ་ཤེས་རྡོ་རྗེས་ས་ཁྱི་ཧོར་ཟླ་བཞི་པའི་ཚེས་གསུམ་ལ་རྡོ་རྗེ་གླིང་དུ་ཡིད་ངོར་ཤར་བཞིན་བྲིས་པ་སླད་ནས་ཅུང་ཟད་དག་པར་བྱས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།

pad+ma ye shes rdo rjes sa khyi hor zla bzhi pa'i tshes gsum la rdo rje gling du yid ngor shar bzhin bris pa slad nas cung zad dag par byas pa dge zhing bkra shis par gyur cig/

1 Texts in this Section (sde tshan or chos tshan)

[edit]
ཞིང་སྐྱོང་ཀུན་དགའ་གཞོན་ནུའི་རྒྱུན་བསྙེན་ཟབ་རྒྱ་ཅན་བཞུགས་སོ། །ན་མོ་གུ་རུ་སེངྷེ་གཎྜེ་ཡེ། སྐྱབས་སེམས་སྔོན་དུ་འགྲོ་བས། སྣོད་བཅུད་མི་དམིགས་སྟོང་པའི་ངང་ཉིད་ལས། །གྲུ་གསུམ་དམར་ནག་ཁྲག་མཚོ་ཁོལ་མའི་ཀློང་། །བདུད་རྟ་ནག་པོ་སྒ་སྲབ་རྒྱན་ལྡན་སྟེང་། །བདག་ཉིད་ཞིང་སྐྱོང་མགོན་པོ་སེང་གེའི་གདོང་། །ཀུན་དགའ་གཞོན་ནུ་ལེགས་གྲུབ་རྡོ་རྗེ་ནི། །མཐིང་ནག་ཕྱག་གཡས་དར་ནག་རུ་མཚོན་ཕྱར། །གཡོན་པས་ཐོད་རློན་སྐྲ་བཅས་དམར་གཏོར་འཛིན། །དཔལ་འབར་དམར་ནག་སེང་ཞལ་ཕྱག་གཡས་ཀྱིས། །དགྲ་སྟྭ་རྩེ་གསུམ་མགུལ་ན་དར་དམར་འཕྱར། །གཡོན་གྱི་བྷནྡྷར་དགྲ་སྙིང་རློན་པ་བསྣམས། །ཡབ་ཀྱི་གཡོན་ནས་འཁྲིལ་ཚུལ་ཁྲོ་མོའི་ཆས། །དམ་ཡེ་དབྱེར་མེད་མེ་རླུང་འཁྲུགས་པར་བཞུགས། །སྤྱི་བོར་གུ་རུ་སེངྒེ་སྒྲ་སྒྲོགས་ནི། །སྐུ་མདོག་སྔོན་པོ་རྡོ་རྗེ་ལྕགས་སྡིག་འཛིན། །ཁྲོ་བོའི་ཆས་རྫོགས་མུ་སྟེགས་དམ་སྲིའི་སྟེང་། །ཞབས་གཉིས་དོར་སྟབས་བཞུགས་པ་གསལ་བ་ཡི། །སྙིང་གར་རྡོ་རྗེ་གྲོ་ལོད་བཞུགས་པར་བསྒོམ། །ཡབ་ཀྱི་ཐུགས་ཀར་ཉི་དཀྱིལ་ཧཱུྃ་སྔོན་པོ། །ཡུམ་གྱི་ཐུགས་ཀར་ཏྲི་དམར་གསལ་བ་དང་། །ཧཱུྃ་ཏྲི་གཉིས་ལས་སྔགས་ཀྱི་འོད་ཟེར་ནི། །སྤུ་གྲི་ལྟར་འཕྲོས་གནོད་བྱེད་དགྲ་གདོན་དང་། །དམ་སྲི་བགེགས་ཚོགས་མ་ལུས་ཚར་བཅད་བསམ། ཨོཾ་བཛྲ་སེདྷ་གཎྜེ་དྷརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ། ཅུང་ཟད་བཟླས་པས་གཉའ་མནན། ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སེདྷ་མུ་ཁ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཛ་ཛཿམ་ཧཱ་ཀཱ་ལ་སི་ན་ར་མ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཞེས་བཟླས་ཐུན་མཐར་ཆོས་སྐྱོང་ཡབ་ཡུམ་མི་དམིགས་དབྱིངས་སུ་བསྟིམ་ལ་མཉམ་པར་བཞག་གོ། གུ་ཧྱ། རྒྱ་རྒྱ་རྒྱ། པདྨ་ཡེ་ཤེས་རྡོ་རྗེས་ས་ཁྱི་ཧོར་ཟླ་བཞི་པའི་ཚེས་གསུམ་ལ་རྡོ་རྗེ་གླིང་དུ་ཡིད་ངོར་ཤར་བཞིན་བྲིས་པ་སླད་ནས་ཅུང་ཟད་དག་པར་བྱས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

Footnotes

Other Information