ལེགས་ལྡན་སྟག་ཞོན་ནག་པོའི་བསྐངས་བ་ཕྲིན་ལས་མྱུར་འགྲུབ།

From Khyentse Lineage - A Tsadra Foundation Project
Wylie title legs ldan stag zhon nag po'i bskangs ba phrin las myur 'grub JKCL-KABUM-11-DA-015.pdf
Location chos kyi blo gros bka' 'bum
Volume 11, Text 15, Pages 101-104 (Folios 1a1 to 2b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. legs ldan stag zhon nag po'i bskangs ba phrin las myur 'grub. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 101-104. Bir, H.P.: Khyentse Labrang, 2012.
Genre Mending Rituals - bskang chog
Deity legs ldan stag zhon nag po
Colophon

།ཅེས་པའང་རྨི་ལམ་ཟ་ཟིའི་རྐྱེན་ལ་བརྟེན་སྔགས་རིག་འཆང་བ་ཀུན་དགའ་ཕྲིན་ལས་རྒྱ་མཚོས་ས་བྱི་མགོ་ཟླའི་ཚེས་བཅུ་གསུམ་ལ་ཤར་མར་བྲིས་པ་དགེ།

/ces pa'ang rmi lam za zi'i rkyen la brten sngags rig 'chang ba kun dga' phrin las rgya mtshos sa byi mgo zla'i tshes bcu gsum la shar mar bris pa dge/

1 Texts in this Section (sde tshan or chos tshan)

[edit]
ལེགས་ལྡན་སྟག་ཞོན་ནག་པོའི་བསྐངས་བ་ཕྲིན་ལས་མྱུར་འགྲུབ་བཞུགས་སོ། །བླ་མ་དང་རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་སྐོངས་རྫས་ཅི་འབྱོར་བ་བཤམས་ལ་བྱིན་རླབས་སྤྱི་ལྟར་བྱ། ཧཱུྃ་ཧྲཱིཿ འོག་མིན་གནས་དང་དུར་ཁྲོད་བརྒྱད། །ལྕང་ལོ་ཅན་དང་མ་ལ་ཡ། །གནས་ཡུལ་དུར་ཁྲོད་ཆེན་པོ་ནས། །ལེགས་ལྡན་སྟག་ཞོན་འཁོར་བཅས་རྣམས། །སྔོན་གྱི་དམ་བཅའ་ཉེར་དགོངས་ཏེ། །དད་པ་དང་ནི་དམ་ཚིག་གི །སྒྲུབ་པའི་གནས་འདིར་དགྱེས་བཞུགས་ནས། །དགྲ་བགེགས་བསྒྲལ་བའི་ཁྲག་གི་སྐྱེམས། །དམར་ཆེན་རཀྟའི་སྦུ་ཕྲེང་ཅན། །བྱོན་སྐྱེམས་དགྱེས་པར་བཞེས་ནས་ཀྱང་། །ཕྲིན་ལས་རྣམ་བཞི་མྱུར་འགྲུབ་མཛོད། ཧཱུྃ། ཆོས་སྐྱོངས་ཁྱེད་ལ་བརྟེན་པའི་དམ་རྫས་ནི། །སྐུ་གཟུགས་བླ་རྡོ་གསང་སྔགས་སྲོག་འཁོར་དང་། །ཐུགས་རྟེན་རྡོ་རྗེ་བིང་ཆེན་ལྕགས་པར་སོགས། །སྐུ་གསུང་ཐུགས་ཀྱི་རྟེན་རྫས་དམ་པ་དང་། །རབ་ཡངས་བདེ་སྐྱོངས་མཚན་ལྡན་ཛ་གད་དང་། །རིན་ཆེན་འབྲུ་དང་སྨན་སྣ་བཟང་པོས་བཀང་། །གནག་པའི་ཞྭ་གོས་བེར་ཆེན་དུར་ཁྲོད་ཆས། །རུས་རྒྱན་མགོ་ཕྲེང་སྐམ་རློན་ལ་སོགས་དང་། །རྟ་ནག་གཡག་ནག་ལུག་ནག་ཁྱི་ནག་ཚོགས། །བརྗིད་པའི་ར་སྐྱེས་ཁམ་པ་དྲེལ་བོང་དང་། །གླང་ཆེན་མ་ཧེ་འབྲོང་ཆེན་དར་མ་སོགས། །སྤྲུལ་བའི་ཁྱུང་ཆེན་དུང་གི་བྱ་ཁྲ་དང་། །བྱ་ནག་འབུམ་སྡེ་མི་ནག་འོ་དོད་འབོད། །སྟག་ཆེན་བྲུས་མ་གཟིགས་དོམ་དྲེད་འཕར་བ། །ལྕགས་སྤྱང་ལ་སོགས་གཅན་གཟན་མང་པོ་དང་། །སེངྒེ་དཀར་མོ་གཡུ་རལ་གནམ་དུ་འཕྱོ། །སྤུ་སྡུག་མཛེས་པའི་རི་དྭགས་སྣ་ཚོགས་དང་། །ཞི་བའི་ཉེར་སྤྱོད་མཆོད་པ་བཀྲ་ཤིས་པའི། །རྫས་རྟགས་སྣ་བདུན་རིན་ཆེན་བུམ་པ་བཟང་། །གསེར་དངུལ་བྱེ་རུ་བཻཌཱུར་ཕ་ལམ་སོགས། །གོ་ཁྲབ་གོས་དར་མདའ་མདུང་མཚོན་ཆའི་རིགས། །དགྲ་བགེགས་བསྒྲལ་བ་ལས་བྱུང་འདོད་ཡོན་ལྔ། །ཤ་ཁྲག་རུས་པའི་གཏོར་ཚོགས་ཆེན་པོ་དང་། །དུར་ཁྲོད་དྲག་པོའི་གཞལ་མེད་ཁང་ཆེན་པོ། །པད་ཉི་རོ་གདན་རོ་དང་རོ་ལངས་རྒྱུགས། །ཁྲག་ཞག་འདམ་རྫས་དམ་ཉམ་དགྲ་བགེགས་ཀྱི། །རཱུ་པ་སྒྲོལ་བྱེད་ཐུན་རྫས་མཚོན་རྣོན་དང་། །མནན་སྲེག་འཕང་བའི་ཟོར་གྱི་རྫས་ལ་སོགས། །དྲག་པོའི་རྟེན་སྐོངས་སྒྲུབ་པའི་དམ་ཚིག་རྫས། །ཞིང་ཆེན་གཡང་གཞིའི་འཕན་གདུགས་བླ་བྲེ་དང་། །མི་རོའི་རྒྱལ་མཚན་ནལ་བུའི་ཤ་ཁྲག་དང་། །གསང་རྟེན་གྲི་སྙིང་རྔ་ཐུག་རོལ་མོའི་ཚོགས། །དུང་དང་རྔ་ཆེན་འཁར་རྔ་ཆ་ལང་དང་། །ཐོད་རྔ་གསང་བའི་རྔེའུ་ཆུང་རྐང་གླིང་སོགས། །འབོད་པའི་གཡབ་དར་བམ་ཆེན་ཚོགས་འཁོར་ལོ། །སྨན་དང་རཀྟའི་རྒྱ་མཚོ་ཆེན་པོ་དང་། །དཀར་མངར་ཁྲག་གི་སྐྱེམ་ཕུད་ལ་སོགས་པ། །ཕྱི་ཡི་སྐོངས་རྫས་སྲིད་ཞིའི་ཁམས་བཀང་བས། །ལེགས་ལྡན་སྟག་ཞོན་ནག་པོའི་ཐུགས་དམ་བསྐངས། །ནང་དུ་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་། །ལེགས་ལྡན་རྡོ་རྗེ་སྲིན་པོར་ལྷུན་གྱིས་གྲུབ། །ཨེ་ཡིག་གྲུ་གསུམ་འབར་བའི་ཀློང་ཆེན་པོར། །རང་བྱུང་བཞུགས་པའི་སྟག་ཞོན་ནག་པོ་ཆེར། །འབར་འཛགས་དགའ་བཞིའི་མཆོད་པས་ཐུགས་དམ་བསྐངས། །གསང་བ་རང་སེམས་རིག་པའི་དཔའ་བོ་ཆེ། །མ་ཧཱ་ཀཱ་ལར་ངེས་པའི་ཤེས་པ་ནི། །རང་རིག་འཛིན་པ་བྲལ་བའི་ངང་བཞག་པས། །ཆོས་སྐུ་སྟག་ཞོན་ནག་པོའི་ཐུགས་དམ་ནི། །བསྐངས་བྱ་སྐོངས་བྱེད་བྲལ་བའི་ངང་དུ་བསྐང་། །མཆོད་དུ་མེད་དེ་བདེ་ཆེན་རོལ་པས་མཆོད། །དེ་ལྟར་ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱི། །བདག་ཅག་རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱི། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་བཤགས། །རྟེན་རྫས་མ་ཚོགས་དམ་རྫས་མ་ཚང་དང་། །དུས་ཀྱི་མཆོད་གཏོར་ཆགས་པ་ལ་སོགས་པ། །ནོངས་ཤིང་འཁྲུལ་པའི་ཉེས་ཚོགས་ཅི་མཆིས་པ། །ལེགས་ལྡན་སྟག་ཞོན་འཁོར་བཅས་སྤྱན་སྔར་བཤགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་གསོས། །ཀློངས་ཡངས་ཆེན་པོའི་ངང་དུ་བཟོད་པར་བཞེས། །སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་ཡིག་བརྒྱ་བཟླའོ། །བསྐངས་བཤགས་འདི་སྦྱར་དགེ་བའི་མཐུས། །བསྟན་དགྲ་རྡུལ་དུ་བརླག་པ་དང་། །རྣལ་འབྱོར་མཆོག་ལ་སྙིང་ཉེ་ཞིང་། །མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །ཅེས་པའང་རྨི་ལམ་ཟ་ཟིའི་རྐྱེན་ལ་བརྟེན་སྔགས་རིག་འཆང་བ་ཀུན་དགའ་ཕྲིན་ལས་རྒྱ་མཚོས་ས་བྱི་མགོ་ཟླའི་ཚེས་བཅུ་གསུམ་ལ་ཤར་མར་བྲིས་པ་དགེ། །།
[edit]

legs ldan stag zhon nag po'i bskangs ba phrin las myur 'grub bzhugs so/__/bla ma dang rdo rje srin po la phyag 'tshal lo/__/phyi nang gsang ba'i skongs rdzas ci 'byor ba bshams la byin rlabs spyi ltar bya/__hU~M hrIH'og min gnas dang dur khrod brgyad/__/lcang lo can dang ma la ya/__/gnas yul dur khrod chen po nas/__/legs ldan stag zhon 'khor bcas rnams/__/sngon gyi dam bca' nyer dgongs te/__/dad pa dang ni dam tshig gi__/sgrub pa'i gnas 'dir dgyes bzhugs nas/__/dgra bgegs bsgral ba'i khrag gi skyems/__/dmar chen rak+ta'i sbu phreng can/__/byon skyems dgyes par bzhes nas kyang /__/phrin las rnam bzhi myur 'grub mdzod/__hU~M/__chos skyongs khyed la brten pa'i dam rdzas ni/__/sku gzugs bla rdo gsang sngags srog 'khor dang /__/thugs rten rdo rje bing chen lcags par sogs/__/sku gsung thugs kyi rten rdzas dam pa dang /__/rab yangs bde skyongs mtshan ldan dza gad dang /__/rin chen 'bru dang sman sna bzang pos bkang /__/gnag pa'i zhwa gos ber chen dur khrod chas/__/rus rgyan mgo phreng skam rlon la sogs dang /__/rta nag g.yag nag lug nag khyi nag tshogs/__/brjid pa'i ra skyes kham pa drel bong dang /__/glang chen ma he 'brong chen dar ma sogs/__/sprul ba'i khyung chen dung gi bya khra dang /__/bya nag 'bum sde mi nag 'o dod 'bod/__/stag chen brus ma gzigs dom dred 'phar ba/__/lcags spyang la sogs gcan gzan mang po dang /__/seng+ge dkar mo g.yu ral gnam du 'phyo/__/spu sdug mdzes pa'i ri dwags sna tshogs dang /__/zhi ba'i nyer spyod mchod pa bkra shis pa'i/__/rdzas rtags sna bdun rin chen bum pa bzang /__/gser dngul bye ru baiDUr pha lam sogs/__/go khrab gos dar mda' mdung mtshon cha'i rigs/__/dgra bgegs bsgral ba las byung 'dod yon lnga/__/sha khrag rus pa'i gtor tshogs chen po dang /__/dur khrod drag po'i gzhal med khang chen po/__/pad nyi ro gdan ro dang ro langs rgyugs/__/khrag zhag 'dam rdzas dam nyam dgra bgegs kyi/__/rU pa sgrol byed thun rdzas mtshon rnon dang /__/mnan sreg 'phang ba'i zor gyi rdzas la sogs/__/drag po'i rten skongs sgrub pa'i dam tshig rdzas/__/zhing chen g.yang gzhi'i 'phan gdugs bla bre dang /__/mi ro'i rgyal mtshan nal bu'i sha khrag dang /__/gsang rten gri snying rnga thug rol mo'i tshogs/__/dung dang rnga chen 'khar rnga cha lang dang /__/thod rnga gsang ba'i rnge'u chung rkang gling sogs/__/'bod pa'i g.yab dar bam chen tshogs 'khor lo/__/sman dang rak+ta'i rgya mtsho chen po dang /__/dkar mngar khrag gi skyem phud la sogs pa/__/phyi yi skongs rdzas srid zhi'i khams bkang bas/__/legs ldan stag zhon nag po'i thugs dam bskangs/__/nang du rdo rje'i lus kyi rtsa thig rlung /__/legs ldan rdo rje srin por lhun gyis grub/__/e yig gru gsum 'bar ba'i klong chen por/__/rang byung bzhugs pa'i stag zhon nag po cher/__/'bar 'dzags dga' bzhi'i mchod pas thugs dam bskangs/__/gsang ba rang sems rig pa'i dpa' bo che/__/ma hA kA lar nges pa'i shes pa ni/__/rang rig 'dzin pa bral ba'i ngang bzhag pas/__/chos sku stag zhon nag po'i thugs dam ni/__/bskangs bya skongs byed bral ba'i ngang du bskang /__/mchod du med de bde chen rol pas mchod/__/de ltar thugs dam bskangs ba'i byin rlabs kyi/__/bdag cag rnal 'byor yon mchod 'khor bcas kyi/__/rtsa ba yan lag dam tshig nyams chags bshags/__/rten rdzas ma tshogs dam rdzas ma tshang dang /__/dus kyi mchod gtor chags pa la sogs pa/__/nongs shing 'khrul pa'i nyes tshogs ci mchis pa/__/legs ldan stag zhon 'khor bcas spyan sngar bshags/__/sku gsung thugs kyi dam tshig nyams pa gsos/__/klongs yangs chen po'i ngang du bzod par bzhes/__/sgrib med tshangs pa'i dngos grub stsal du gsol/__/zhes yig brgya bzla'o/__/bskangs bshags 'di sbyar dge ba'i mthus/__/bstan dgra rdul du brlag pa dang /__/rnal 'byor mchog la snying nye zhing /__/mi 'bral rtag tu 'grogs par shog__/ces pa'ang rmi lam za zi'i rkyen la brten sngags rig 'chang ba kun dga' phrin las rgya mtshos sa byi mgo zla'i tshes bcu gsum la shar mar bris pa dge/__//__

Footnotes

Other Information