ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གཏོར་ཆོག་བསྡུས་པ་ཕྲིན་ལས་མྱུར་འགྲུབ།

From Khyentse Lineage - A Tsadra Foundation Project
Wylie title ye shes mgon po phyag bzhi pa'i gtor chog bsdus pa phrin las myur 'grub JKCL-KABUM-11-DA-012.pdf
Location chos kyi blo gros bka' 'bum
Volume 11, Text 12, Pages 89-91 (Folios 1a1 to 2a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. ye shes mgon po phyag bzhi pa'i gtor chog bsdus pa phrin las myur 'grub. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 89-91. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod  ·  Torma-offering Rituals - gtor chog
Colophon

།ཞེས་པའང་བཤད་སྒྲུབ་དར་རྒྱས་གླིང་གི་འདུས་པའི་སྡེས་ཐུགས་དམ་རྒྱུན་ཁྱེར་དུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་མགོ་ཟླའི་ཚེས་ཉེར་ལྔ་ལ་བྲིས་པ་འདིས་ཀྱང་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ་བར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

/zhes pa'ang bshad sgrub dar rgyas gling gi 'dus pa'i sdes thugs dam rgyun khyer du 'jam dbyangs chos kyi blo gros pas mgo zla'i tshes nyer lnga la bris pa 'dis kyang bshad sgrub kyi bstan pa dar zhing bar chad bdud sde'i g.yul las rgyal bar gyur cig__/sarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གཏོར་ཆོག་བསྡུས་པ་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །ན་མཿཤྲཱི་མ་ཧཱ་ཀཱ་ལ་ཡ། རྒྱལ་བའི་བསྟན་སྲུང་ཆེན་པོ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གཏོར་ཆོག་མདོར་བསྡུས་པའི་ཚུལ་དུ་འབུལ་ན། གཏོར་མ་ལ་དམིགས་ཏེ་རྒྱ་དང་བཅས། ཨོཾ་ཨཱཿཧཱུྃ་ཧོཿཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འོག་མིན་ཆེན་པོ་ནས་གྲུབ་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། རྡོར་དྲིལ་འཛིན་ཞིང་། རྡོ་རྗེ་གཡབ་སྟེ། ཧཱུྃ། རྒྱ་གར་དབུས་ཀྱི་རྡོ་རྗེ་གདན། །འགྱུར་མེད་རྒྱུན་དུ་རྟག་པའི་གནས། །དུས་གསུམ་སངས་རྒྱས་བྱོན་པའི་ཡུལ། །རྡོ་རྗེ་གདན་གྱི་ཤར་ཕྱོགས་ན། །གཙུག་ལག་ཁང་ཆེན་ན་ལེནྡྲའི། །ཆོས་སྐྱོང་སྲུང་མར་མངའ་གསོལ་བའི། །ཡེ་ཤེས་མགོན་པོ་བྱ་རོག་མཚན། །ཁྲག་འཐུང་རྒྱལ་བའི་སྤྲུལ་པ་སྟེ། །བསྟན་པ་སྲུང་ཕྱིར་འཇིགས་པའི་གཟུགས། །ནག་པོ་ཆེན་པོ་མཐུ་སྟོབས་ཅན། །སྐུ་ནི་མཐིང་ནག་ཆེན་པོ་ལ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །གཡས་གཉིས་རལ་གྲི་གྲི་གུག་དང་། །གཡོན་གཉིས་ཏྲི་ཤུལ་ཐོད་ཁྲག་འཛིན། །མཆེ་གཙིགས་ལྗགས་འདྲིལ་དབུ་སྐྲ་སེར། །རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན། །མི་མགོའི་དབུ་རྒྱན་དོ་ཤལ་དང་། །སྟག་གི་པགས་པའི་ཤམ་ཐབས་གསོལ། །པད་ཟླ་མི་རོའི་གདན་སྟེང་དུ། །དཔའ་བོ་རོལ་པའི་སྟབས་ཀྱིས་བཞུགས། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །ཁམས་གསུམ་མ་ལུས་དབང་དུ་སྡུས། །དགྲ་བགེགས་མ་ལུས་རྡུལ་དུ་རློག །བདུད་དགྲ་འདུལ་མཛད་གཤེགས་སུ་གསོལ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿརྡོ་རྗེ་བསྡུ་བའི་རྒྱས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ། གྱིས་གདན་ཕུལ། ལག་གཉིས་རྡོར་ཐལ་ཁ་ཕྱེས་ཏེ། ཨོཾ་བཛྲ་མ་ཧཱ་ཀ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ལན་གསུམ་མམ་བདུན་གྱིས་གཏོར་མ་འབུལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱི་ཕྱི་མཆོད་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ་མཐར། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་། །འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། སོགས་ཀྱིས་འདོད་དོན་ཞུ། རྡོར་དྲིལ་དང་བཅས། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་མཆོག །གྲུབ་པའི་རྡོ་རྗེ་ནག་པོ་ཆེ། །ཞིང་རྣམས་སྐྱོང་མཛད་ཁྱོད་ལ་བསྟོད། །བདེ་སྐྱོང་མ་ཤ་འབྲས་ཆན་དང་། །ཉ་དང་ཤ་དང་ཁྲག་དང་ཆང་། །ཉེར་སྤྱོད་བདུད་རྩི་ལྔས་བཀང་སྟེ། །གྲུབ་པའི་ནག་པོ་ཆེ་ལ་འབུལ། །རྒྱལ་བའི་བསྟན་པ་སྲུང་བ་དང་། །བདག་ཅག་འཁོར་བཅས་སྐྱོང་བ་དང་། །སྐྱེ་འགྲོ་བདེ་ཞིང་སྐྱིད་པ་སོགས། །འདོད་པའི་དངོས་གྲུབ་སྩལ་དུ་གསོལ། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ་བར་བྱའོ། །བཟླས་པ་ནི། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ། སྙིང་པོའོ། །ཞེས་པའང་བཤད་སྒྲུབ་དར་རྒྱས་གླིང་གི་འདུས་པའི་སྡེས་ཐུགས་དམ་རྒྱུན་ཁྱེར་དུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་མགོ་ཟླའི་ཚེས་ཉེར་ལྔ་ལ་བྲིས་པ་འདིས་ཀྱང་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ་བར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
[edit]

ye shes mgon po phyag bzhi pa'i gtor chog bsdus pa phrin las myur 'grub ces bya ba bzhugs so/__/na maHshrI ma hA kA la ya/__rgyal ba'i bstan srung chen po ye shes mgon po phyag bzhi pa'i gtor chog mdor bsdus pa'i tshul du 'bul na/__gtor ma la dmigs te rgya dang bcas/__oM AHhU~M hoHoM AHhU~M ha ho hrIHlan gsum/__rang gi snying ga nas 'od zer 'phros pas 'og min chen po nas grub pa'i dpal rdo rje nag po chen po mdun gyi nam mkhar spyan drangs par gyur/__rdor dril 'dzin zhing /__rdo rje g.yab ste/__hU~M/__rgya gar dbus kyi rdo rje gdan/__/'gyur med rgyun du rtag pa'i gnas/__/dus gsum sangs rgyas byon pa'i yul/__/rdo rje gdan gyi shar phyogs na/__/gtsug lag khang chen na len+d+ra'i/__/chos skyong srung mar mnga' gsol ba'i/__/ye shes mgon po bya rog mtshan/__/khrag 'thung rgyal ba'i sprul pa ste/__/bstan pa srung phyir 'jigs pa'i gzugs/__/nag po chen po mthu stobs can/__/sku ni mthing nag chen po la/__/zhal gcig pa la phyag bzhi pa/__/g.yas gnyis ral gri gri gug dang /__/g.yon gnyis tri shul thod khrag 'dzin/__/mche gtsigs ljags 'dril dbu skra ser/__/rin po che dang sbrul gyis brgyan/__/mi mgo'i dbu rgyan do shal dang /__/stag gi pags pa'i sham thabs gsol/__/pad zla mi ro'i gdan steng du/__/dpa' bo rol pa'i stabs kyis bzhugs/__/lha srin sde brgyad 'khor gyis bskor/__/khams gsum ma lus dbang du sdus/__/dgra bgegs ma lus rdul du rlog__/bdud dgra 'dul mdzad gshegs su gsol/__/oM shrI badz+ra ma hA kA la sa pA ri wA ra oM badz+ra sa mA dzaHrdo rje bsdu ba'i rgyas spyan drangs/__pad+ma ka ma la ya s+t+waM/__gyis gdan phul/__lag gnyis rdor thal kha phyes te/__oM badz+ra ma hA ka la i daM ba liM ta kha kha khA hi khA hi hU~M phaT/__lan gsum mam bdun gyis gtor ma 'bul/__oM shrI ma hA kA la sa pA ri wA ra ar+g+haM sogs kyi phyi mchod dang /__oM shrI ma hA kA la sa pA ri wA ra oM AHhU~M gis nang mchod phul mthar/__dpal ye shes kyi mgon po phyag bzhi pa'i zhal du mchod pa dam pa 'bul lo/__/sangs rgyas kyi bstan pa rgyas pa dang /__/'jig rten du dge legs rgya chen po 'byung ba dang /__/bdag cag dpon slob 'khor dang bcas pa rnams kyi 'gal rkyen bar chad thams cad zhi zhing mthun rkyen thams cad yid bzhin du 'grub par mdzad du gsol/__sogs kyis 'dod don zhu/__rdor dril dang bcas/__hU~M/__dus gsum sangs rgyas thams cad kyi/__/sku gsung thugs kyi sprul pa mchog__/grub pa'i rdo rje nag po che/__/zhing rnams skyong mdzad khyod la bstod/__/bde skyong ma sha 'bras chan dang /__/nya dang sha dang khrag dang chang /__/nyer spyod bdud rtsi lngas bkang ste/__/grub pa'i nag po che la 'bul/__/rgyal ba'i bstan pa srung ba dang /__/bdag cag 'khor bcas skyong ba dang /__/skye 'gro bde zhing skyid pa sogs/__/'dod pa'i dngos grub stsal du gsol/__/ces bstod cing phrin las bcol bar bya'o/__/bzlas pa ni/__oM badz+ra ka wu wa ma hA kA la hU~M hU~M phaT/__snying po'o/__/zhes pa'ang bshad sgrub dar rgyas gling gi 'dus pa'i sdes thugs dam rgyun khyer du 'jam dbyangs chos kyi blo gros pas mgo zla'i tshes nyer lnga la bris pa 'dis kyang bshad sgrub kyi bstan pa dar zhing bar chad bdud sde'i g.yul las rgyal bar gyur cig__/sarba dA mang+ga laM//__//

Footnotes

Other Information