མགོན་པོ་མ་ཧཱ་ཀཱ་ལ་ལ་བསྟོད་པ་འཆི་བདག་བདུད་ལས་རྣམ་རྒྱལ།

From Khyentse Lineage - A Tsadra Foundation Project
Wylie title mgon po ma hA kA la la bstod pa 'chi bdag bdud las rnam rgyal JKCL-KABUM-11-DA-009.pdf
Location chos kyi blo gros bka' 'bum
Volume 11, Text 9, Pages 73-74 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. mgon po ma hA kA la la bstod pa 'chi bdag bdud las rnam rgyal. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 73-74. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity nag po chen po
Colophon

།དེ་ལྟར་ནག་པོ་ཆེན་པོ་ལ་བསྟོད་པ་འདིའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རང་ལོ་ཉེར་བཞི་པར་ཅུང་ཟད་བྲོ་འཚལ་བ་ན་རྩེ་གཅིག་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག།

/de ltar nag po chen po la bstod pa 'di'ang 'jam dbyangs chos kyi blo gros pas rang lo nyer bzhi par cung zad bro 'tshal ba na rtse gcig gsol ba btab pa dge legs su gyur cig/

1 Texts in this Section (sde tshan or chos tshan)

[edit]
མགོན་པོ་མ་ཧཱ་ཀཱ་ལ་ལ་བསྟོད་པ་འཆི་བདག་བདུད་ལས་རྣམ་རྒྱལ་ཞེས་བྱ་བ། ཧཱུྃ། འཇིགས་རུང་ཧེ་རུ་ཀཿདཔལ་དཔའ་བོ་ཆེ། །མི་བཟད་བདུད་ཀྱི་སྟོབས་འཕྲོག་རྡོ་རྗེ་གུར། །རབ་འཇིགས་ནག་པོ་སྲིན་པོའི་གཟུགས་ཅན་ལ། །རྡོ་རྗེའི་གད་མོ་ཆེན་པོས་བསྟོད་པར་བགྱི། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་ལས་སྐྱོབས། །བསྒོམ་པ་ཙམ་གྱིས་བར་ཆད་གཡུལ་ལས་རྒྱལ། །གསོལ་བཏབ་ཙམ་གྱིས་དངོས་གྲུབ་ལྷུག་པར་འཇོ། །མགོན་པོ་སྟོབས་པོ་ཆེན་པོ་དཔའ་བོ་ཆེ། །རབ་འཇིགས་ཧ་ལ་ནག་པོའི་མདངས་ལྡན་ཞིང་། །ཧ་ཧ་ཧཱུྃ་དང་ཕཊ་ཕེཾ་སྒྲ་སྒྲོགས་པ། །མི་བཟད་བསྐལ་མེའི་ཤུགས་ལྡན་ནག་པོ་ཆེར། །རྔམས་པའི་སྟབས་དང་དབྱངས་ཀྱིས་བསྟོད་པར་བགྱི། །རྣམ་པར་སྣང་མཛད་ཤྲཱིཿཧེ་བཛྲ། །གསང་གསུམ་ལས་ཕྱུང་མ་ཧཱ་ཀཱ་ལ་ནི། །སྲིན་པོའི་གཟུགས་ཅན་ལྷ་མིན་གཡུལ་ངོ་བཟློག །ལངྐ་པུ་རིའི་གྲོང་ཁྱེར་སུམ་བརྩེགས་བཅོམ། །ཤུགས་དྲག་སྟོབས་ལྡན་དཔའ་བོ་ཁྱོད་ལ་བསྟོད། །ཁྲོས་པའི་ཞབས་བརྡབ་སྟོང་གསུམ་ཡོམ་ཡོམ་འགུལ། །བཞད་པའི་ང་རོས་སྣང་སྲིད་དབང་དུ་བསྡུད། །བསྟན་ལ་གནོད་ཅིང་འཚེ་བའི་དམ་སྲི་རྣམས། །ཟ་བྱེད་ནག་པོ་ཆེན་པོ་ཁྱོད་ལ་བསྟོད། །རྒྱུད་གསུམ་ལྕམ་དྲལ་དྲེགས་པའི་ཚོགས་རྣམས་ཀུན། །རྡོ་རྗེའི་ལུས་ཀྱི་ཙིཏྟའི་གྲོང་ཁྱེར་ན། །ངེས་དོན་མགོན་པོ་མཁའ་སྤྱོད་དབུ་མར་རོལ། །ཟུང་འཇུག་དོན་དམ་ཆེན་པོར་བསྟོད་པར་བགྱི། །རིགས་སྔགས་བཟླས་དང་རིམ་གཉིས་བསྒོམ་པ་ལ། །བརྩོན་པའི་རྣལ་འབྱོར་གང་གི་འདོད་དོན་སྒྲུབ། །རྩ་རླུང་ཐིག་ལེའི་ཁམས་རྣམས་དག་པ་ན། །མཆོག་གི་དངོས་གྲུབ་སྩོལ་བར་མཛད་ལ་བསྟོད། །མི་ཟད་རྒྱན་འཁོར་ལྔ་ཡི་བང་མཛོད་ལས། །ཕྱུང་བའི་རྣམ་འཕྲུལ་བྱེ་བ་མཐའ་ཡས་པས། །ཕྱི་ནང་གསང་བའི་དགྲ་བགེགས་ཕྱེ་མར་འཐག །མཐུ་ཆེན་གཏུམ་པོ་ཆེ་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་འདིས་རྣལ་འབྱོར་བདག་ཅག་གི །མི་མཐུན་འགལ་རྐྱེན་ཉེར་འཚེ་ཀུན་ཞི་ནས། །ཡིད་ལ་བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ། །འཆི་བདག་དགྲ་ལས་རྣམ་པར་རྒྱལ་གྱུར་ཅིག །དེ་ལྟར་ནག་པོ་ཆེན་པོ་ལ་བསྟོད་པ་འདིའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རང་ལོ་ཉེར་བཞི་པར་ཅུང་ཟད་བྲོ་འཚལ་བ་ན་རྩེ་གཅིག་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།
[edit]

mgon po ma hA kA la la bstod pa 'chi bdag bdud las rnam rgyal zhes bya ba/__hU~M/__'jigs rung he ru kaHdpal dpa' bo che/__/mi bzad bdud kyi stobs 'phrog rdo rje gur/__/rab 'jigs nag po srin po'i gzugs can la/__/rdo rje'i gad mo chen pos bstod par bgyi/__/dran pa tsam gyis srid zhi'i 'jigs las skyobs/__/bsgom pa tsam gyis bar chad g.yul las rgyal/__/gsol btab tsam gyis dngos grub lhug par 'jo/__/mgon po stobs po chen po dpa' bo che/__/rab 'jigs ha la nag po'i mdangs ldan zhing /__/ha ha hU~M dang phaT pheM sgra sgrogs pa/__/mi bzad bskal me'i shugs ldan nag po cher/__/rngams pa'i stabs dang dbyangs kyis bstod par bgyi/__/rnam par snang mdzad shrIHhe badz+ra/__/gsang gsum las phyung ma hA kA la ni/__/srin po'i gzugs can lha min g.yul ngo bzlog__/lang+ka pu ri'i grong khyer sum brtsegs bcom/__/shugs drag stobs ldan dpa' bo khyod la bstod/__/khros pa'i zhabs brdab stong gsum yom yom 'gul/__/bzhad pa'i nga ros snang srid dbang du bsdud/__/bstan la gnod cing 'tshe ba'i dam sri rnams/__/za byed nag po chen po khyod la bstod/__/rgyud gsum lcam dral dregs pa'i tshogs rnams kun/__/rdo rje'i lus kyi tsit+ta'i grong khyer na/__/nges don mgon po mkha' spyod dbu mar rol/__/zung 'jug don dam chen por bstod par bgyi/__/rigs sngags bzlas dang rim gnyis bsgom pa la/__/brtson pa'i rnal 'byor gang gi 'dod don sgrub/__/rtsa rlung thig le'i khams rnams dag pa na/__/mchog gi dngos grub stsol bar mdzad la bstod/__/mi zad rgyan 'khor lnga yi bang mdzod las/__/phyung ba'i rnam 'phrul bye ba mtha' yas pas/__/phyi nang gsang ba'i dgra bgegs phye mar 'thag__/mthu chen gtum po che la phyag 'tshal bstod/__/de ltar bstod 'dis rnal 'byor bdag cag gi__/mi mthun 'gal rkyen nyer 'tshe kun zhi nas/__/yid la bsam pa'i don rnams lhun gyis grub/__/'chi bdag dgra las rnam par rgyal gyur cig__/de ltar nag po chen po la bstod pa 'di'ang 'jam dbyangs chos kyi blo gros pas rang lo nyer bzhi par cung zad bro 'tshal ba na rtse gcig gsol ba btab pa dge legs su gyur cig/__//__

Footnotes

Other Information