མཛད་བཅུ་ཐང་ཀ་སོ་སོའི་གཙོ་བོའི་སྨིན་མཚམས་ཨོཾ་སོགས་ཞལ་ཐང་རྒྱབ་བྱང་དང༌། ཨོཾ་སྭསྟི། ཟླ་མེད་སྟོན་པ་རྣམ་འདྲེན་ཤཱཀྱའི་ཏོག། སོགས་ཞལ་ཐང་རྒྱབ་བྱང་དང༌། ཨོཾ་སྭསྟི། དཔལ་མོ་དབྱིག་གི་མཛོད་འཛིན་བཅོམ་ལྡན་འདས། སོགས་ཞལ་ཐང་རྒྱབ་བྱང་དང༌། ཨོཾ་སྭསྟི། རྒྱལ་ཀུན་གསང་བའི་མཛོད་འཛིན་རྡོ་རྗེ་ཅན་ཞལ་ཐང་རྒྱབ་བྱང་བཅས།

From Khyentse Lineage - A Tsadra Foundation Project
Wylie title mdzad bcu thang ka so so'i gtso bo'i smin mtshams oM sogs zhal thang rgyab byang dang/ oM swasti/ zla med ston pa rnam 'dren shAkya'i tog/ sogs zhal thang rgyab byang dang/ oM swasti/ dpal mo dbyig gi mdzod 'dzin bcom ldan 'das/ sogs zhal thang rgyab byang dang/ oM swasti/ rgyal kun gsang ba'i mdzod 'dzin rdo rje can zhal thang rgyab byang bcas JKCL-KABUM-10-THA-074.pdf
Location chos kyi blo gros bka' 'bum
Volume 10, Text 74, Pages 577-581 (Folios 1a1 to 3a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. mdzad bcu thang ka so so'i gtso bo'i smin mtshams oM sogs zhal thang rgyab byang dang oM swasti zla med ston pa rnam 'dren shAkya'i tog sogs zhal thang rgyab byang dang oM swasti dpal mo dbyig gi mdzod 'dzin bcom ldan 'das sogs zhal thang rgyab byang dang oM swasti rgyal kun gsang ba'i mdzod 'dzin rdo rje can zhal thang rgyab byang bcas. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 577-581. Bir, H.P.: Khyentse Labrang, 2012.
Genre Printing Colophon Prayers - par byang smon tshig
Colophon

།ཅེས་ཞལ་བྱང་སྨོན་ཚིག་འདི་ཡང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དམིགས་ཡུལ་དེའི་སྡིག་སྒྲིབ་བྱང་ནས་མི་ཁོམ་པའི་གནས་ལས་བྲལ་ཞིང་དགེ་བའི་ཆོས་ཀྱིས་ཕྱུག་པའི་ལུས་རྟེན་གཙང་མ་ཐོབ་པའི་རྒྱུར་གྱུར་ཅིག།

/ces zhal byang smon tshig 'di yang 'jam dbyangs chos kyi blo gros pas gsol ba btab pa dmigs yul de'i sdig sgrib byang nas mi khom pa'i gnas las bral zhing dge ba'i chos kyis phyug pa'i lus rten gtsang ma thob pa'i rgyur gyur cig/

1 Texts in this Section (sde tshan or chos tshan)

[edit]
མཛད་བཅུ་ཐང་ཀ་སོ་སོའི་གཙོ་བོའི་སྨིན་མཚམས་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེའི་འོག་ཏུ་མུ་ནེ། ལྟེ་བར་སྭཱ། གསང་བར་ཧཱ། དེ་འོག་རྟེན་སྙིང་། སུ་པྲ་ཏིཥྛ་དང་བཛྲ་ཨ་ཡུ་ཥེ་སོགས་བྲི། དེ་འོག་འདོད་གསོལ་ཤྭ་ལོ་ཀ་རེ་བྲི་བ་ལ། དགའ་ལྡན་གནས་ནས་དམ་པ་ཏོག་དཀར་པོའི། །ཅོད་པན་མ་ཕམ་མགོན་པོའི་དབུར་བཅིངས་ནས། །གཟིགས་པ་རྣམ་ལྔས་འཛམ་བུའི་གླིང་དུ་གཤེགས། །དོན་ཀུན་གྲུབ་པས་དུས་གསུམ་ཤིས་གྱུར་ཅིག །སྒྱུ་འཕྲུལ་ལྷ་མོ་ས་ཟླའི་བཅོ་ལྔ་ལ། །གསོ་སྦྱོང་གནས་ཚེ་རྒྱལ་སྲས་དམ་པ་ནི། །གླང་ཆེན་ཐལ་དཀར་སྟབས་ཀྱིས་ལྷུམས་སུ་ཞུགས། །བཅོམ་ལྡན་ཤཱཀྱ་སེང་གེས་ཤིས་གྱུར་ཅིག །ལུམ་བའི་ཚལ་དུ་ཐུབ་པ་སྐུ་བལྟམས་ཤིང་། །ཚངས་སོགས་འཇིག་རྟེན་མཆོད་འོས་རྣམས་ཀྱིས་བཏུད། །མཚན་དཔེའི་དཔལ་འབར་བསོད་ནམས་བརྒྱ་པའི་སྐུ། །ཟས་གཙང་སྲས་པོས་བྱིན་བརླབས་སྣང་བ་སྩོལ། །གླང་ཆེན་འདུལ་དང་ཡི་གེ་རྐྱལ་ལ་སོགས། །དྲུག་ཅུ་རྩ་གཉིས་སྒྱུ་རྩལ་ལེགས་སྦྱང་ཞིང་། །གཞོན་ནུའི་རོལ་རྩེད་མཛད་པ་རྨད་བྱུང་བའི། །རྐང་གཉིས་གཙོ་བོས་ཕུན་ཚོགས་དགེ་ལེགས་སྩོལ། །འཇིག་རྟེན་ཚུལ་དང་མཐུན་པར་འཇུག་པ་ཡིས། །ཁབ་ཏུ་སྲིད་སྐྱོང་བཙུན་མོའི་འཁོར་གྱིས་བསྐོར། །གང་འདུལ་ཐབས་མཁས་ཕྲིན་ལས་ཕ་མཐའ་ཡས། །མི་ཡི་སེང་གེས་འདོད་དགུའི་གྲུ་ཆར་ཕོབས། །ངེས་འབྱུང་གིས་བསྐུལ་རྣམ་དག་དྲུང་དུ་གཤེགས། །མཐོན་མཐིང་དབུ་སྐྲ་སྔོ་སངས་རལ་གྲི་ཡིས། །བྲེགས་ནས་བརྒྱ་བྱིན་གྱིས་ཕུལ་ངུར་སྨྲིག་མཛེས། །མགོན་པོ་མཆོག་གྱུར་དེ་ཡིས་ཤིས་གྱུར་ཅིག །ཆུ་བོའི་འགྲམ་དུ་དཀའ་ཐུབ་ལ་བརྟེན་ནས། །མཁའ་ཁྱབ་ཏིང་འཛིན་ཆེ་ལ་ལོ་དྲག་གནས། །ལེགས་སྐྱེས་འོ་ཐུག་བསྙེན་བཀར་བཞེས་པ་ཡིས། །ཐུབ་ཆེན་གསེར་གྱི་མདོག་འབར་དེར་སྣང་ཤོག །རྩྭ་ཚོང་བཀྲ་ཤིས་དེ་ལས་རྩྭ་བླངས་ཏེ། །རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་པའི་དྲུང་། །སྐྱིལ་ཀྲུང་གཅིག་གིས་བྱང་ཆུབ་དམ་བཅའ་བརྟན། །བསྐལ་བཟང་རྣམ་འདྲེན་བཞི་པས་བདག་སྐྱོངས་ཤིག །བདུད་ཀྱི་ཡིད་འཁྲུགས་རྒོལ་བར་ལྷག་པ་དང་། །བརྟན་མས་དཔང་གྱུར་མཛེས་མའི་བསླུ་བྲིད་ཀྱིས། །མ་ཚུག་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ། །བྱམས་པའི་མཚོན་འཆང་ཐུབ་པས་འགྲོ་འདི་སྲུངས། །ས་ག་ཟླ་བའི་བཅོ་ལྔའི་ཐུན་གྱི་མཐར། །བྱང་ཆུབ་ཆེན་པོར་མངོན་པར་རྫོགས་སངས་རྒྱས། །ཡེ་ཤེས་རྒྱ་མཚོ་ཡོན་ཏན་འཛད་མེད་བདག །བཅོམ་ལྡན་ཤཱཀྱའི་རྒྱལ་པོས་དགེ་ལེགས་སྩོལ། །ཞག་གི་ཕུང་པོ་བདུན་ཕྲག་བདུན་གྱི་མཐར། །བཀྲ་ཤིས་སྣང་བའི་སྒོ་འཕར་རབ་ཕྱེས་ཏེ། །ཚངས་དང་བརྒྱ་བྱིན་གྱིས་བསྐུལ་ཆོས་འཁོར་བསྐོར། །ཉི་མའི་གཉེན་གྱི་གསུང་གིས་འཚོ་བར་ཤོག །བཅུ་ཕྲག་བརྒྱད་ཀྱི་ཐ་མར་དཔྱིད་ཟླ་ཡི། །བཅོ་ལྔའི་ནངས་པར་མགོན་པོ་མྱ་ངན་འདས། །ངེས་པའི་དོན་ལ་རྟག་བརྟན་ཆེན་པོར་བཞུགས། །སྲིད་ཞིའི་འདྲེན་པས་བྱང་ཆུབ་སར་འགོད་ཤོག། །། ༈ཨོཾ་སྭསྟི། ཟླ་མེད་སྟོན་པ་རྣམ་འདྲེན་ཤཱཀྱའི་ཏོག །རྩོད་ལྡན་ལྔ་བརྒྱའི་འགྲོ་བ་སྐྱོབས་པའི་གཉེན། །སྤངས་རྟོགས་ཡོན་ཏན་མཐའ་ཀླས་ཐུབ་དབང་ཆེའི། །སྣང་བརྙན་ལེགས་བྲིས་པིར་གྱིས་བྲིས་པ་འདིར། །ཡེ་ཤེས་སེམས་དཔའ་མི་འབྲལ་རྟག་བཞུགས་ནས། །བདག་སོགས་ཡིད་ཅན་སྡུག་བསྔལ་གྱིས་གཟིར་རྣམས། །ཐུབ་དབང་ཉི་མའི་མགོན་གྱི་སྣང་བ་ཡིས། །རྟག་ཏུ་སྲུངས་ནས་ལེགས་གསུངས་བཀའ་ཡི་ཆོས། །བཤད་དང་སྒྲུབ་པས་ཡུན་དུ་འཚོ་བར་ཤོག། །། ༈ཨོཾ་སྭསྟི། ཟབ་ཞི་སྤྲོས་བྲལ་འོད་གསལ་སྙིང་པོའི་དོན། །ཇི་བཞིན་གཟིགས་པ་དམ་པའི་མཐར་ཐུག་ཀྱང་། །འདུལ་བའི་སླད་དུ་དྲང་སྲོང་ནགས་ཀྱི་ཚལ། །ཞི་བའི་དབྱིངས་སུ་སྙོམས་ཞུགས་བསྟན་པ་ན། །ཚངས་དང་བརྒྱ་བྱིན་ལ་སོགས་འཁོར་ཚོགས་ནི། །མང་པོར་འདུས་ཏེ་ཆོས་ཀྱི་འཁོར་ལོ་ཆེ། །བསྐོར་བར་གསོལ་བཏབ་བདེན་བཞིའི་ཆོས་འཁོར་ནི། །ལྔ་སྡེའི་ཚོགས་ལ་ཐོག་མར་བཀའ་སྩལ་ཞིང་། །གདུལ་བྱའི་ཁམས་དབང་བསམ་པའི་རིམ་པ་བཞིན། །ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་པོ་ཡི། །བཀྲ་ཤིས་དགེ་མཚན་དཔལ་དུ་འབར་བ་དེའི། །བཀོད་པའི་སྣང་བརྙན་དུས་གསུམ་རྒྱལ་གྱུར་ཅིག། །། ༈ཨོཾ་སྭསྟི། དཔལ་མོ་དབྱིག་གི་མཛོད་འཛིན་བཅོམ་ལྡན་འདས། །དགེ་ལེགས་བྱེ་བས་བརྒྱན་པའི་ལྷ་མོ་ཆེ། །ངལ་བསོས་པོ་དང་གནོད་གནས་དབང་པོ་རྣམས། །སྣང་བརྙན་འདི་ལ་བརྟན་པར་བཞུགས་སུ་གསོལ། །ཕུ་ཆུ་སྙན་པའི་སྒྲ་སྒྲོགས་མི་ཟད་གཏེར། །རླབས་ཕྲེང་ཆིལ་ཆིལ་གཡོ་ལས་འདོད་འཇོའི་མ྄༷། །དཔལ་ཆེན་ཞེས་པ་རྒྱལ་བས་མངོན་པར་བསྔགས། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་སླར་དགོངས་ནས། །བརྟན་དང་གཡོ་བའི་དྭངས་མ་བཅུ་བཞི་པོ། །མ་འབད་མཁའ་ལ་ཆུ་འཛིན་བཞིན་དུ་འདུ། །ལོག་འཚོ་དང་བྲལ་ཆོས་མཐུན་འབྱོར་པས་ཕྱུག །རང་བཞིན་དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པའི་ཞལ་བྱང་སྨོན་ཚིག་འདི་ཡང་འཇམ་དཔལ་དགའ་བའི་གོ་ཆས་རྩེ་གཅིག་གསོལ་བ་བཏབ་བཞིན་བྲིས་པ་ཕུན་སུམ་ཚོགས་པའི་འདོད་རྒུ་ལ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག །དགེའོ།། །། ༈ ཨོཾ་སྭསྟི། རྒྱལ་ཀུན་གསང་བའི་མཛོད་འཛིན་རྡོ་རྗེ་ཅན། །འཇམ་དཔལ་དབྱངས་དང་པད་དཀར་འཆང་བ་ཡི། །སྣང་བརྙན་བཞེངས་ལས་ཀུན་དགའ་ཕྲིན་ལས་ཀྱི། །སྡིག་སྒྲིབ་བྱང་ཞིང་དུཿཁའི་སྐྱེ་སྒོ་ཁེགས། །ལྕང་ལོ་ཅན་དང་བདེ་ཅན་ཞིང་ཁམས་སུ། །བརྫུས་ཏེ་སྐྱེས་ནས་རྒྱལ་བ་ཞལ་མཐོང་ཞིང་། །གཙང་མའི་གནས་སུ་དལ་གྱིས་འབྱོར་ཐོབ་ནས། །ཚེ་ཆོས་བསོད་ནམས་དཔལ་གྱིས་ཕྱུག་པར་ཤོག །ཅེས་ཞལ་བྱང་སྨོན་ཚིག་འདི་ཡང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དམིགས་ཡུལ་དེའི་སྡིག་སྒྲིབ་བྱང་ནས་མི་ཁོམ་པའི་གནས་ལས་བྲལ་ཞིང་དགེ་བའི་ཆོས་ཀྱིས་ཕྱུག་པའི་ལུས་རྟེན་གཙང་མ་ཐོབ་པའི་རྒྱུར་གྱུར་ཅིག། །།
[edit]

mdzad bcu thang ka so so'i gtso bo'i smin mtshams oM/__mgrin par AH__thugs kar hU~M/__de'i 'og tu mu ne/__lte bar swA/__gsang bar hA/__de 'og rten snying /__su pra tiSh+Tha dang badz+ra a yu She sogs bri/__de 'og 'dod gsol shwa lo ka re bri ba la/__dga' ldan gnas nas dam pa tog dkar po'i/__/cod pan ma pham mgon po'i dbur bcings nas/__/gzigs pa rnam lngas 'dzam bu'i gling du gshegs/__/don kun grub pas dus gsum shis gyur cig__/sgyu 'phrul lha mo sa zla'i bco lnga la/__/gso sbyong gnas tshe rgyal sras dam pa ni/__/glang chen thal dkar stabs kyis lhums su zhugs/__/bcom ldan shAkya seng ges shis gyur cig__/lum ba'i tshal du thub pa sku bltams shing /__/tshangs sogs 'jig rten mchod 'os rnams kyis btud/__/mtshan dpe'i dpal 'bar bsod nams brgya pa'i sku/__/zas gtsang sras pos byin brlabs snang ba stsol/__/glang chen 'dul dang yi ge rkyal la sogs/__/drug cu rtsa gnyis sgyu rtsal legs sbyang zhing /__/gzhon nu'i rol rtsed mdzad pa rmad byung ba'i/__/rkang gnyis gtso bos phun tshogs dge legs stsol/__/'jig rten tshul dang mthun par 'jug pa yis/__/khab tu srid skyong btsun mo'i 'khor gyis bskor/__/gang 'dul thabs mkhas phrin las pha mtha' yas/__/mi yi seng ges 'dod dgu'i gru char phobs/__/nges 'byung gis bskul rnam dag drung du gshegs/__/mthon mthing dbu skra sngo sangs ral gri yis/__/bregs nas brgya byin gyis phul ngur smrig mdzes/__/mgon po mchog gyur de yis shis gyur cig__/chu bo'i 'gram du dka' thub la brten nas/__/mkha' khyab ting 'dzin che la lo drag gnas/__/legs skyes 'o thug bsnyen bkar bzhes pa yis/__/thub chen gser gyi mdog 'bar der snang shog__/rtswa tshong bkra shis de las rtswa blangs te/__/rdo rje gdan gyi byang chub ljon pa'i drung /__/skyil krung gcig gis byang chub dam bca' brtan/__/bskal bzang rnam 'dren bzhi pas bdag skyongs shig__/bdud kyi yid 'khrugs rgol bar lhag pa dang /__/brtan mas dpang gyur mdzes ma'i bslu brid kyis/__/ma tshug bdud kyi g.yul las rnam par rgyal/__/byams pa'i mtshon 'chang thub pas 'gro 'di srungs/__/sa ga zla ba'i bco lnga'i thun gyi mthar/__/byang chub chen por mngon par rdzogs sangs rgyas/__/ye shes rgya mtsho yon tan 'dzad med bdag__/bcom ldan shAkya'i rgyal pos dge legs stsol/__/zhag gi phung po bdun phrag bdun gyi mthar/__/bkra shis snang ba'i sgo 'phar rab phyes te/__/tshangs dang brgya byin gyis bskul chos 'khor bskor/__/nyi ma'i gnyen gyi gsung gis 'tsho bar shog__/bcu phrag brgyad kyi tha mar dpyid zla yi/__/bco lnga'i nangs par mgon po mya ngan 'das/__/nges pa'i don la rtag brtan chen por bzhugs/__/srid zhi'i 'dren pas byang chub sar 'god shog/___//__!oM swasti/__zla med ston pa rnam 'dren shAkya'i tog__/rtsod ldan lnga brgya'i 'gro ba skyobs pa'i gnyen/__/spangs rtogs yon tan mtha' klas thub dbang che'i/__/snang brnyan legs bris pir gyis bris pa 'dir/__/ye shes sems dpa' mi 'bral rtag bzhugs nas/__/bdag sogs yid can sdug bsngal gyis gzir rnams/__/thub dbang nyi ma'i mgon gyi snang ba yis/__/rtag tu srungs nas legs gsungs bka' yi chos/__/bshad dang sgrub pas yun du 'tsho bar shog/___//__!oM swasti/__zab zhi spros bral 'od gsal snying po'i don/__/ji bzhin gzigs pa dam pa'i mthar thug kyang /__/'dul ba'i slad du drang srong nags kyi tshal/__/zhi ba'i dbyings su snyoms zhugs bstan pa na/__/tshangs dang brgya byin la sogs 'khor tshogs ni/__/mang por 'dus te chos kyi 'khor lo che/__/bskor bar gsol btab bden bzhi'i chos 'khor ni/__/lnga sde'i tshogs la thog mar bka' stsal zhing /__/gdul bya'i khams dbang bsam pa'i rim pa bzhin/__/chos kyi 'khor lo rim pa gsum po yi/__/bkra shis dge mtshan dpal du 'bar ba de'i/__/bkod pa'i snang brnyan dus gsum rgyal gyur cig/___//__!oM swasti/__dpal mo dbyig gi mdzod 'dzin bcom ldan 'das/__/dge legs bye bas brgyan pa'i lha mo che/__/ngal bsos po dang gnod gnas dbang po rnams/__/snang brnyan 'di la brtan par bzhugs su gsol/__/phu chu snyan pa'i sgra sgrogs mi zad gter/__/rlabs phreng chil chil g.yo las 'dod 'jo'i ma?X/__/dpal chen zhes pa rgyal bas mngon par bsngags/__/sngon gyi thugs bskyed dam bca' slar dgongs nas/__/brtan dang g.yo ba'i dwangs ma bcu bzhi po/__/ma 'bad mkha' la chu 'dzin bzhin du 'du/__/log 'tsho dang bral chos mthun 'byor pas phyug__/rang bzhin don kun 'grub pa'i rgyur gyur cig__/ces pa'i zhal byang smon tshig 'di yang 'jam dpal dga' ba'i go chas rtse gcig gsol ba btab bzhin bris pa phun sum tshogs pa'i 'dod rgu la longs spyod pa'i rgyur gyur cig__/dge'o//___//__!__oM swasti/__rgyal kun gsang ba'i mdzod 'dzin rdo rje can/__/'jam dpal dbyangs dang pad dkar 'chang ba yi/__/snang brnyan bzhengs las kun dga' phrin las kyi/__/sdig sgrib byang zhing duHkha'i skye sgo khegs/__/lcang lo can dang bde can zhing khams su/__/brdzus te skyes nas rgyal ba zhal mthong zhing /__/gtsang ma'i gnas su dal gyis 'byor thob nas/__/tshe chos bsod nams dpal gyis phyug par shog__/ces zhal byang smon tshig 'di yang 'jam dbyangs chos kyi blo gros pas gsol ba btab pa dmigs yul de'i sdig sgrib byang nas mi khom pa'i gnas las bral zhing dge ba'i chos kyis phyug pa'i lus rten gtsang ma thob pa'i rgyur gyur cig/___//__

Footnotes

Other Information