ཨོཾ་སྭསྟི། རྒྱལ་གསུངས་བཀའ་དང་དགོངས་འགྲེལ་སོགས་ཚད་མ་ཀུན་ལས་བཏུས་པའི་པར་བྱང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-071
Wylie title oM swasti/ rgyal gsungs bka' dang dgongs 'grel sogs tshad ma kun las btus pa'i par byang JKCL-KABUM-10-THA-071.pdf
Location chos kyi blo gros bka' 'bum
Volume 10, Text 71, Pages 569 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. oM swasti rgyal gsungs bka' dang dgongs 'grel sogs tshad ma kun las btus pa'i par byang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 569. Bir, H.P.: Khyentse Labrang, 2012.
Genre Printing Colophon Prayers - par byang smon tshig
Colophon

།ཅེས་པའང་རྣམ་དཀར་སྒྲུབས་པོ་རང་ཉིད་ཀྱིས་སྨོན་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་མངྒ་ལཾ། ཤུབྷཾ།།

/ces pa'ang rnam dkar sgrubs po rang nyid kyis smon pa dge legs rnam par rgyal bar gyur cig__/sarba mang+ga laM/__shub+haM//

1 Texts in this Section (sde tshan or chos tshan)

[edit]
ཨོཾ་སྭསྟི། རྒྱལ་གསུངས་བཀའ་དང་དགོངས་འགྲེལ་ཐམས་ཅད་ཀྱི། །བསྟན་དོན་རིག་པའི་ལམ་ནས་གསལ་བྱེད་ཅིང་། །སྟོན་པའང་རྣམ་དག་ཚད་མར་སྒྲུབ་བྱེད་པའི། །བསྟན་བཅོས་འདི་ནི་འགྲོ་བ་ཀུན་གྱི་མིག༡། བསྟན་པའི་འཁོར་ལོས་ཕྱོགས་ཀྱི་གླང་པོ་ལ། །གསུངས་གིས་བསྐུལ་བའི་ཚད་མ་ཀུན་ལས་བཏུས། །དེ་དོན་རྣམ་པར་འགྲེལ་བའི་གཞུང་བཟང་འདི། །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པས་ཕྱེས། ༢། གཞུང་འདི་སྣང་བའི་མོད་ལ་མུ་སྟེགས་རྣམས། །ས་འོག་མུན་པའི་ཁང་བུར་ཞུགས་པ་དང་། །ཐུབ་བསྟན་རྣམ་པར་རྒྱལ་བའི་རྒྱལ་མཚན་ཆེ། །སྲིད་རྩེར་བསྒྲེངས་པ་བསྟན་བཅོས་འདི་ཡིས་མཐུ། ༣། དེ་ཕྱིར་མཁས་འདོད་རྣམས་ཀྱིས་བསླབ་དགོས་དང་། །འཇ྄༵མ་དཔལ་དབྱང྄༵ས་ཀྱི་བྱིན་བརླབ་སྣང་བ་ཡིས། །ཆ྄ོ༵ས་ཀྱ྄ི༵་ཚུལ་ལ་བླ྄ོ༵་གྲོས྄༵་གོམ་བྱའི་ཕྱིར། །ཆོས་སྦྱིན་སྤར་གྱི་འཕྲུལ་ཆེན་དབྱེ་བ་ལས། །ཐོབ་པའི་ལེགས་བྱས་ཇི་སྙེད་མཆིས་པ་རྣམས། །བདེ་བར་གཤེགས་ཀྱི་བསྟན་པ་རྒྱས་ཕྱིར་བསྔོ། །ཚེ་རབ་ཀུན་ཏུ་སྟོན་པ་ཚད་མ་ཡི། །རྗེས་སུ་སློབ་ཅིང་རིག་བཞིར་དབང་འབྱོར་ཤོག །ཅེས་པའང་རྣམ་དཀར་སྒྲུབས་པོ་རང་ཉིད་ཀྱིས་སྨོན་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་མངྒ་ལཾ། ཤུབྷཾ།། །།

Footnotes

Other Information