རྫོང་སར་གཡར་གནས་ཚུལ་ཤིང་བྱང་།

From Khyentse Lineage - A Tsadra Foundation Project
Wylie title rdzong sar g.yar gnas tshul shing byang JKCL-KABUM-10-THA-067.pdf
Location chos kyi blo gros bka' 'bum
Volume 10, Text 67, Pages 555-558 (Folios 1a to 2b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rdzong sar g.yar gnas tshul shing byang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 555-558. Bir, H.P.: Khyentse Labrang, 2012.
Genre Ritual and Liturgical Texts - cho ga phyag len  ·  Vows - sdom pa
Colophon

མཁན་པོ་བསྟན་འཛིན་བློ་གྲོས་ཀྱི་ངོར་ཆོས་ཀྱི་བློ་གྲོས་པས་བྲིས།།

mkhan po bstan 'dzin blo gros kyi ngor chos kyi blo gros pas bris//

1 Texts in this Section (sde tshan or chos tshan)

[edit]
༄༅། །རྫོང་སར་གཡར་གནས་ཚུལ་ཤིང་བྱང་བཞུགས། ། ཨོཾ་སྭསྟི། སྲིད་ཞིའི་ཁམས་ན་ཟླ་མེད་པ། །རྐང་གཉིས་ཁྱུ་མཆོག་ཉི་མའི་གཉེན། །རྣམ་འདྲེན་སྟོང་གི་དབུས་ན་བརྗིད། །བདེ་གཤེགས་གསེར་གྱི་རི་དབང་རྒྱལ། ༡། དེས་གསུང་བསྟན་པའི་གཞི་མ་དམ་པའི་ཆོས། །འདུལ་བ་འབུམ་སྡེའི་སྡུད་པོ་ཉེ་བ་འཁོར། །གངས་ཁྲོད་ཐུབ་དབང་གཉིས་པ་ཞི་བ་འཚོར། །ཐུབ་བསྟན་གསལ་མཛད་ཤཱཀྱ་ཤྲཱིར་ལ་འདུད། ༢། གང་ཞིག་བསྟན་ན་ཉེས་ཀུན་ཟད་པར་བྱེད། །སྲིད་པའི་མེ་དཔུང་མ་ལུས་གཞིལ་བར་མཛད། །བདུད་ཀྱི་བུ་མོའི་བཞིན་རས་ཟུམ་བྱེད་པ། །སོ་སོར་ཐར་པའི་མདོ་འདི་སྤྱི་བོས་མཆོད། ༣། སངས་རྒྱས་བསྟན་པའི་རིན་ཆེན་སྒྲོན་མེ་ནི། །ཐུབ་པའི་བཏུལ་ཞུགས་འཛིན་པའི་དགེ་འདུན་སྡེ། །དམར་སེར་ངང་པའི་རྒྱལ་པོའི་ཚོགས་ཆེན་པོ། །གང་ན་རྒྱས་པ་དེ་ན་བསྟན་པ་གནས། ༤། བསླབ་པའི་ཚུལ་ཁྲིམས་ཉམས་པ་མེད་པ་དང་། །གནས་རལ་གྲུམ་པ་བཅོས་ཤིང་ཁ་ཏོན་འཕེལ། །དེ་སོགས་དགོས་པ་མང་ལྡན་དབྱར་གནས་པ། །ཚུལ་འདིས་བསྟན་པ་ཡུན་དུ་གནས་པར་བྱེད། ༠། དེ་ཕྱིར་བསྐལ་བཟང་ཆོས་ཀྱི་དགའ་བའི་ཚལ། །སྔོན་བྱོན་དགྲ་བཅོམ་ཚོགས་ཀྱིས་བརྟན་པའི་གནས། །གཞི་གསུམ་པདྨ་དཀར་པོའི་ཕྲེང་བ་བསྟར། །ད་དུང་དུ་ཡང་དད་དང་བརྩོན་པས་འཛིན། ༥། རབ་བྱུང་བཅུ་དྲུག་པ་ཡི་ནང་གསེས་སུ། །དངོས་པོ་ཞེས་པ་ཤིང་ཕོ་ཁྱི་ཡི་ལོར། །མ་སྨད་བསམ་སྦྱོར་གངས་རི་ལྟར་དཀར་བས། །བསྟན་པའི་རྣམ་བཞག་སྙིང་པོ་ཉམས་སུ་མྱོང་། ༠། དེ་ཡང་ངང་མོས་བག་ཡོད་ལྷུར་ལེན་པ། །བསྟན་འཛིན་རབ་ཏུ་རྒྱས་པའི་བློ་གྲོས་ཅན། །བདག་གི་སོ་སོ་ཐར་པའི་མདོ་བཏོན་ཤིང་། །དྲི་མེད་གཞུང་ལུགས་ལེགས་པར་བཤད་པ་བྱས། ༦། དགེ་སློང་བཅུ་ཕྲག་བདུན་ལ་དགུས་ལྷག་པ། །དགེ་བའི་ཚུལ་གནས་བརྒྱད་ལ་གཅིག་གི་མཛེས། །ཚུལ་ཤིང་བླངས་ཏེ་དབྱར་གྱི་ཆོ་ག་སྒྲུབ། །ལེགས་པར་གྲུབ་པའང་ཐུབ་དབང་འཁོར་བཅས་དྲིན། ༧། དེ་སླད་བྱང་ཆུབ་བར་དུ་གུས་མཆོད་ཅིང་། །རྣམ་གསུམ་གཙང་མའི་གོས་ཀྱི་མཛེས་བྱས་ཏེ། །སྡོམ་པའི་ཚུལ་ཁྲིམས་སྐྱོན་མེད་ལ་གནས་པའི། །འདུས་པའི་ཚོགས་ཀྱིས་ས་སྟེང་གང་གྱུར་ཅིག༨། འདི་ཡི་དགེ་ཚོགས་བསགས་ལས་ཐོབ་པ་ཡི། །རྣམ་དཀར་དང་པོ་ཇི་སྙེད་མཆིས་པ་རྣམས། །བསྟན་དང་འགྲོ་ལ་ཕན་བདེའི་ཕྱིར་བསྔོའོ། །དོན་གཉིས་ཕུན་ཚོགས་བཀྲ་ཤིས་དགེ་ལེགས་ཤོག༩། སརྦ་ཛ་ག་ཏཾ། མངྒ་ལཾ། མཁན་པོ་བསྟན་འཛིན་བློ་གྲོས་ཀྱི་ངོར་ཆོས་ཀྱི་བློ་གྲོས་པས་བྲིས།། །།
[edit]

@#/__/rdzong sar g.yar gnas tshul shing byang bzhugs/__/ oM swasti/__srid zhi'i khams na zla med pa/__/rkang gnyis khyu mchog nyi ma'i gnyen/__/rnam 'dren stong gi dbus na brjid/__/bde gshegs gser gyi ri dbang rgyal/__1/__des gsung bstan pa'i gzhi ma dam pa'i chos/__/'dul ba 'bum sde'i sdud po nye ba 'khor/__/gangs khrod thub dbang gnyis pa zhi ba 'tshor/__/thub bstan gsal mdzad shAkya shrIr la 'dud/__2/__gang zhig bstan na nyes kun zad par byed/__/srid pa'i me dpung ma lus gzhil bar mdzad/__/bdud kyi bu mo'i bzhin ras zum byed pa/__/so sor thar pa'i mdo 'di spyi bos mchod/__3/__sangs rgyas bstan pa'i rin chen sgron me ni/__/thub pa'i btul zhugs 'dzin pa'i dge 'dun sde/__/dmar ser ngang pa'i rgyal po'i tshogs chen po/__/gang na rgyas pa de na bstan pa gnas/__4/__bslab pa'i tshul khrims nyams pa med pa dang /__/gnas ral grum pa bcos shing kha ton 'phel/__/de sogs dgos pa mang ldan dbyar gnas pa/__/tshul 'dis bstan pa yun du gnas par byed/__0/__de phyir bskal bzang chos kyi dga' ba'i tshal/__/sngon byon dgra bcom tshogs kyis brtan pa'i gnas/__/gzhi gsum pad+ma dkar po'i phreng ba bstar/__/da dung du yang dad dang brtson pas 'dzin/__5/__rab byung bcu drug pa yi nang gses su/__/dngos po zhes pa shing pho khyi yi lor/__/ma smad bsam sbyor gangs ri ltar dkar bas/__/bstan pa'i rnam bzhag snying po nyams su myong /__0/__de yang ngang mos bag yod lhur len pa/__/bstan 'dzin rab tu rgyas pa'i blo gros can/__/bdag gi so so thar pa'i mdo bton shing /__/dri med gzhung lugs legs par bshad pa byas/__6/__dge slong bcu phrag bdun la dgus lhag pa/__/dge ba'i tshul gnas brgyad la gcig gi mdzes/__/tshul shing blangs te dbyar gyi cho ga sgrub/__/legs par grub pa'ang thub dbang 'khor bcas drin/__7/__de slad byang chub bar du gus mchod cing /__/rnam gsum gtsang ma'i gos kyi mdzes byas te/__/sdom pa'i tshul khrims skyon med la gnas pa'i/__/'dus pa'i tshogs kyis sa steng gang gyur cig8/__'di yi dge tshogs bsags las thob pa yi/__/rnam dkar dang po ji snyed mchis pa rnams/__/bstan dang 'gro la phan bde'i phyir bsngo'o/__/don gnyis phun tshogs bkra shis dge legs shog9/__sarba dza ga taM/__mang+ga laM/__mkhan po bstan 'dzin blo gros kyi ngor chos kyi blo gros pas bris//___//

Footnotes

Other Information