ལྡེའུ་མིག༔

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-035
Wylie title lde'u mig: JKCL-KABUM-10-THA-035.pdf
Location chos kyi blo gros bka' 'bum
Volume 10, Text 35, Pages 325-326 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. lde'u mig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 325-326. Bir, H.P.: Khyentse Labrang, 2012.
Genre Pilgrimage Guides - gnas yig

1 Texts in this Section (sde tshan or chos tshan)

[edit]
ལྡེའུ་མིག་བཞུགས༔ ཨོ་རྒྱན་རྗེ་ལ་ཕྱག་འཚལ་ནས༔ དྷ་ཀི་མཚོ་རྒྱལ་ང་ཉིད་ཀྱིས༔ གནས་ཆེན་གྲང་མེད་དཀར་ཆགས་བཏབ༔ དེ་ལས་ཟལ་མོ་འབྲི་ཟླའི་སྒང་༔ རུ་དམ་གངས་ཀྱི་ར་བ་ཡི༔ གནས་ཀྱི་སྙིང་པོ་ཟིལ་ཁྲོམ་གྱི༔ སྦས་པའི་ཡུལ་ལུང་ཆེན་པོ་ཡི༔ ལུང་ཆེན་བཞི་དང་ལུང་ཕྲན་བརྒྱད༔ གསང་སྔགས་དར་བའི་ཡུལ་གྲ་ཡང་༔ ཕྱི་ནང་བཅོ་བརྒྱད་སྦས་པ་ལས༔ དབུས་ཀྱི་སྙིང་པོའི་ཕོ་བྲང་ནི༔ གསང་སྔགས་རྡོ་རྗེ་བཀོད་པ་ཆེ༔ རྩ་གསུམ་དགྱེས་པའི་དགའ་ཚུལ་ཆེར༔ འཇུག་པའི་སྒོ་ནི་ཤར་དང་ལྷོ༔ དང་པོ་སྔར་བྱོན་རྟེན་འབྲེལ་ལས༔ ཅུང་ཟད་འཇུག་པར་དཀའ་ཡང་སྲིད༔ ལྷོ་ཕྱོགས་མི་འགྱུར་འཁོར་ལོ་ཡི༔ ཕྱོགས་ཀྱི་སྒོ་འདི་འཇུག་པ་ཡངས༔ ཁྲོ་བོ་རོལ་པའི་ལུང་ཆེན་གྱི༔ ཆུ་ཀླུང་གྱེན་དུ་བརྒལ་བ་ཡི༔ ཕུ་ན་བྲག་དཀར་བ་གམ་མཐོ༔ དེ་ཡི་སྐེད་པ་ཚེ་བུམ་གྱི༔ བྲག་རི་ཡིད་དུ་འོང་བ་ཡི༔ ཁ་རྒྱན་དཔག་བསམ་ཤིང་གི་མཚན༔ དེ་ཡི་གཡས་ཟུར་ཚེ་ཆུའི་རྒྱུན༔ ལྷུང་ལྷུང་དལ་གྱིས་འབེབས་པ་ནསཿགྱེན་འདེད་གོང་དུ་འདས་པ་ན༔ བྲག་གཡང་ངོས་གཟར་བགྲོད་དཀའ་ལ༔ སྐས་ཀྱི་གདོང་བུ་རིང་བཙུགས་ནས༔ དེ་བརྒལ་གཡོན་གྱི་ཕྱོགས་དག་ནས༔ གང་བྲག་རྫ་གསུམ་འདྲེས་པའི་ངོགས༔ རི་བརྒལ་མཚམས་ནས་གྱེན་དུ་འཛེགས༔ བད་དཀར་ཡངས་པའི་སྟེང་དེ་རུ༔ ཤེལ་གྱི་ཕ་ཝཾ་གུར་ཕུབ་ཡོད༔ དེ་ལ་ལྷ་བཙན་ཆེན་པོ་གནས༔ དཀར་དམར་སྐྱེམས་དང་སྤོས་བཟང་དང་༔ གཙང་མའི་ཞལ་ཟས་དག་གིས་མཆོད༔ བདེན་བདར་གུ་རུས་གསོལ་འདེབས་དང་༔ མཁའ་འགྲོར་ཚོགས་སྐོང་མེ་མཆོད་བརྩོན༔ དེ་ནས་གང་སྟ་རྒྱང་གྲགས་ན༔ མཚོ་ཆེན་རྔམས་པ་སྒྲ་སྒྲོགས་ཡོད༔ ཀླུ་རྒྱལ་ནཱ་ག་རཀྴ་ལ༔ ཀླུ་སྨན་གཙང་གཏོར་མཆོད་བྱས་ལ༔ སྡེ་བརྒྱད་བརྔན་པའི་ཆོ་ག་བྱ༔ དེ་ནས་བྲག་གཡང་མཐོན་པོ་ནས༔ ཐབས་ལ་མཁས་པའི་འཕྲུལ་ཐབས་ཀྱིས༔ དལ་གྱིས་འབེབས་ནས་རཀྟའི་མཚོ༔ རྔམས་ཟིལ་འཇིགས་སུ་རུང་བ་དེར༔ མཁའ་འགྲོ་དགྱེས་པའི་མདོས་སྐོང་ཚོགས༔ ཆོས་སྐྱོངས་གཏོར་ཚོགས་རྒྱས་པར་བྱ༔ དེ་ནས་དཔག་ཚད་ཙམ་བརྒལ་ཚེ༔ ནགས་ཚལ་འཇིགས་སུ་རུང་བ་ལ༔ ཞུགས་ཚེ་དཔའ་བོ་མེ་སྒྱོགས་དང་༔༔ ༔༔

Footnotes

Other Information