ཡེ་ཤེས་མགོན་པོ་གདོང་བཞི་བའི་སྲོག་གཏད།

From Khyentse Lineage - A Tsadra Foundation Project
Wylie title ye shes mgon po gdong bzhi ba'i srog gtad JKCL-KABUM-10-THA-003.pdf
Location chos kyi blo gros bka' 'bum
Volume 10, Text 3, Pages 13-15 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. ye shes mgon po gdong bzhi ba'i srog gtad. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 13-15. Bir, H.P.: Khyentse Labrang, 2012.
Genre Protector Entrustment Rituals- srog gtad
Colophon

རྗེ་བླ་མའི་ཕྱག་བྲིས་དངོས་ལས་དག་པར་ཞལ་བཤུས་སོ།།

rje bla ma'i phyag bris dngos las dag par zhal bshus so//

1 Texts in this Section (sde tshan or chos tshan)

[edit]
ཡེ་ཤེས་མགོན་པོ་གདོང་བཞི་བའི་སྲོག་གཏད་བཞུགས། གུ་རུ་རྗེ་ལ་གུས་བཏུད་ནས། དབེན་པའི་གནས་སུ་སྟེགས་བུའི་ཁར། །རྡུལ་ཚོན་མཎྜལ་གཞི་མཐིང་ནག །གྲུ་གསུམ་དམར་ནག་འཁོར་རྩིབས་བཞི། །ལྟེ་བར་ཟླ་གམ་ཐོད་རས་བསྐོར། །ཕྱི་རོལ་རྡོ་ར་མེ་རིས་བརྒྱན། །དེ་དབུས་བུམ་པ་ཐོད་ཆང་དང་། །སིནྡྷཱུའི་མེ་ལོང་ས་བོན་མཚན། །སྐུ་ཙཀ་སྔགས་ཕྲེང་ཕྱག་མཚན་དགོད། །ཕྱི་ནང་མཆོད་གཏོར་འདུས་བྱས་ལ། །སྒྲུབ་པོ་ཧེ་རུ་ཀ་བསྐྱེད་ཅིང་། །བཟླས་པ་སྔགས་ཀྱི་ནུས་ལྡན་བྱ། །མདུན་དུ་ཆོས་སྐྱོང་བསྐྱེད་བསྟིམ་དང་། །བཟླས་པ་སྐོང་བཤགས་ནན་ཏན་དང་། །བུམ་པར་ཞལ་བཞི་བསྐྱེད་བཟླས་སྒྲུབ། །ལས་བུམ་བདུད་རྩི་འཁྱིལ་པས་བསང་། །སློབ་མ་སྣོད་ལྡན་ཁྲུས་ནས་དབྱུང་། །བགེགས་ཕྲལ་སྲུང་བའི་འཁོར་ལོས་བཅིང་། །ཆོས་བཤད་ལོ་རྒྱུས་མཎྜལ་ཕུལ། དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །དཀྱིལ་འཁོར་མངའ་བདག་ཧེ་རུ་ཀས། །བརྩེ་བ་ཆེན་པོས་དགྱེས་དགོངས་ནས། །གདོང་བཞི་འཁོར་བཅས་དབང་བསྐུར་སྩོལ། །ལན་གསུམ་རྒྱུད་སྦྱོངས་སྡོམ་བཟུང་རྗེས། །སློབ་མ་ཞལ་བཞི་པར་བསྐྱེད་ནས། །ཡེ་ཤེས་དབབ་བསྟིམས་བརྟན་པར་བྱ། དབང་ལྷ་སྤྱན་དྲངས་བུམ་པའི་ཆུས། །སྤྱི་བོ་ནས་བླུག་དབང་བསྐུར་གྱུར། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱི་བདག་པོ་ཆེ། །རྒྱལ་བའི་གསང་གསུམ་ལས་བྱུང་བའི། །ཡེ་ཤེས་བདུད་རྩིའི་ཆུས་དབང་བསྐུར། །སྔགས་མཐར་ཀ་ལ་ཤ་བཏགས་སྦྱིན། རྗེས་འབྲེལ་སྐུ་གསུང་ཐུགས་དབང་བསྐུར། ཧོཿ ཡེ་ཤེས་ཆོས་སྐྱོང་ཀུན་གྱི་གཙོ། །དྲེགས་པའི་ལྷ་ཆེན་ཡོངས་ཀྱི་རྗེ། །ཞིང་སྐྱོང་ཆེན་པོ་གདོང་བཞི་པའི། །སྐུ་ཡི་དབང་བསྐུར་ཁྱོད་ལ་སྦྱིན། །སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཨཱཿ ཇི་སྙེད་བརྗོད་པ་ཀུན་གྱི་གསུང་། རྡོ་རྗེ་སྔགས་ཀྱི་སྒྲ་གདངས་ཀྱིས། །རླུང་སྔགས་དབུ་མར་དེངས་པ་དང་། །མི་ཤིག་ནཱ་དའི་གསུང་འགྲུབ་ཤོག །ཝཱཀ་ཨ་བྷི་ཥིཉྩ་ཨཱཿ སྔགས་ཀྱི་བཟླས་ལུང་སྦྱིན་པར་བྱ། །དམ་ལྡན་ཐུན་མིན་སྲོག་ཆུ་སྦྱིན། །ཐུགས་ནི་ཕྱག་མཚན་སྙིང་གར་བསྟིམ། ཧཱུྃ། ཐུགས་ནི་རང་བྱུང་ཡེ་ཤེས་ཏེ། །ཕྱག་མཚན་གཟུགས་སུ་ཤར་བ་ཡི། །མི་རྟོག་ཡེ་ཤེས་མངོན་གྱུར་ནས། །བདེ་ཆེན་སྲོག་ཏུ་སྨིན་པར་ཤོག །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། གསང་དབང་ཐོད་པའི་བདུད་རྩི་སྦྱིན། བླ་མ་ཧེ་རུ་ཀ་ཡབ་ཡུམ། །རྗེས་ཆགས་བདེ་བའི་གླུས་བསྐུལ་བས། །ཞིང་སྐྱོང་ཡུམ་བཞིར་སྙོམས་ཞུགས་པའི། །གསང་བའི་དབང་བསྐུར་སྦྱིན་པར་བྱ། །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ སིནྡྷུའི་མེ་ལོང་སྙིང་གར་གཏད། ཧོཿ ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ། །བདེ་ཆེན་བསྐྱེད་པའི་ཕྱག་རྒྱ་ནི། །འདི་གར་སྙོམས་ཞུགས་བདེ་བས་རོལ། །སྟྭཾ་པདྨ་བྷནྫ་མོ་ཀྵ་ཧོཿ རྡོ་རྗེའི་ཚིག་གི་ངོ་སྤྲོད་བྱ། ཨཿ འཁོར་འདས་ཐམས་ཅད་རང་གི་སེམས། །སེམས་ཉིད་གདོད་ནས་སྐྱེ་འགགས་བྲལ། །གཉིས་མེད་རང་བྱུང་བདེ་ཆེན་པོར། །འཁོར་འདས་ཆོས་ཀུན་སྟོང་སྲོག་གི། ཡེ་ཤེས་ཕྱག་རྒྱའི་ཀློང་དུ་སྡོམ། །དྷརྨ་དྷཱ་ཏུ་ཨ་ཨ་ཨཿ མཐའ་རྟེན་གནོད་བྱེད་དགྲ་བགེགས་ཀྱི། །རཱུ་པ་བཤམས་པ་དམ་བརྡར་ཞིང་། །དགུག་གཞུག་བསྒྲལ་མཆོད་མདོར་བསྡུས་བྱ། །ལིང་རོ་ཧོམ་དུ་བསྲེགས་པར་བྱ། ས་མ་ཡ༔ རྗེ་བླ་མའི་ཕྱག་བྲིས་དངོས་ལས་དག་པར་ཞལ་བཤུས་སོ།། །།
[edit]

ye shes mgon po gdong bzhi ba'i srog gtad bzhugs/__gu ru rje la gus btud nas/__dben pa'i gnas su stegs bu'i khar/__/rdul tshon maN+Dal gzhi mthing nag__/gru gsum dmar nag 'khor rtsibs bzhi/__/lte bar zla gam thod ras bskor/__/phyi rol rdo ra me ris brgyan/__/de dbus bum pa thod chang dang /__/sin+d+hU'i me long sa bon mtshan/__/sku tsaka sngags phreng phyag mtshan dgod/__/phyi nang mchod gtor 'dus byas la/__/sgrub po he ru ka bskyed cing /__/bzlas pa sngags kyi nus ldan bya/__/mdun du chos skyong bskyed bstim dang /__/bzlas pa skong bshags nan tan dang /__/bum par zhal bzhi bskyed bzlas sgrub/__/las bum bdud rtsi 'khyil pas bsang /__/slob ma snod ldan khrus nas dbyung /__/bgegs phral srung ba'i 'khor los bcing /__/chos bshad lo rgyus maN+Dal phul/__dus gsum sangs rgyas 'gro ba'i mgon/__/dkyil 'khor mnga' bdag he ru kas/__/brtse ba chen pos dgyes dgongs nas/__/gdong bzhi 'khor bcas dbang bskur stsol/__/lan gsum rgyud sbyongs sdom bzung rjes/__/slob ma zhal bzhi par bskyed nas/__/ye shes dbab bstims brtan par bya/__dbang lha spyan drangs bum pa'i chus/__/spyi bo nas blug dbang bskur gyur/__/dbang bskur rdo rje chen po ni/__/khams gsum kun gyi bdag po che/__/rgyal ba'i gsang gsum las byung ba'i/__/ye shes bdud rtsi'i chus dbang bskur/__/sngags mthar ka la sha btags sbyin/__rjes 'brel sku gsung thugs dbang bskur/__hoHye shes chos skyong kun gyi gtso/__/dregs pa'i lha chen yongs kyi rje/__/zhing skyong chen po gdong bzhi pa'i/__/sku yi dbang bskur khyod la sbyin/__/sngags mthar/__kA ya a b+hi Shiny+tsa oM/__AH__ji snyed brjod pa kun gyi gsung /__rdo rje sngags kyi sgra gdangs kyis/__/rlung sngags dbu mar dengs pa dang /__/mi shig nA da'i gsung 'grub shog__/wAka a b+hi Shiny+tsa AH__sngags kyi bzlas lung sbyin par bya/__/dam ldan thun min srog chu sbyin/__/thugs ni phyag mtshan snying gar bstim/__hU~M/__thugs ni rang byung ye shes te/__/phyag mtshan gzugs su shar ba yi/__/mi rtog ye shes mngon gyur nas/__/bde chen srog tu smin par shog__/sngags mthar/__tsit+ta a b+hi Shiny+tsa hU~M/__gsang dbang thod pa'i bdud rtsi sbyin/__bla ma he ru ka yab yum/__/rjes chags bde ba'i glus bskul bas/__/zhing skyong yum bzhir snyoms zhugs pa'i/__/gsang ba'i dbang bskur sbyin par bya/__/a ho ma hA su kha hoHsin+d+hu'i me long snying gar gtad/__hoHchos rnams kun gyi 'byung gnas che/__/bde chen bskyed pa'i phyag rgya ni/__/'di gar snyoms zhugs bde bas rol/__/s+t+waM pad+ma b+han+dza mo k+Sha hoHrdo rje'i tshig gi ngo sprod bya/__aH'khor 'das thams cad rang gi sems/__/sems nyid gdod nas skye 'gags bral/__/gnyis med rang byung bde chen por/__/'khor 'das chos kun stong srog gi/__ye shes phyag rgya'i klong du sdom/__/d+harma d+hA tu a a aHmtha' rten gnod byed dgra bgegs kyi/__/rU pa bshams pa dam brdar zhing /__/dgug gzhug bsgral mchod mdor bsdus bya/__/ling ro hom du bsregs par bya/__sa ma ya:__rje bla ma'i phyag bris dngos las dag par zhal bshus so//___//

Footnotes

Other Information