JKCL-KABUM-07-JA-038

From Khyentse Lineage - A Tsadra Foundation Project

འཕགས་པ་ཛཾ་བྷ་ལ་དཀར་པོའི་ཆུ་སྦྱིན་དངོས་གྲུབ་རྒྱ་མཚོའི་སྒོ་འབྱེད།
Wylie title 'phags pa dzaM b+ha la dkar po'i chu sbyin dngos grub rgya mtsho'i sgo 'byed JKCL-KABUM-07-JA-038.pdf
Location chos kyi blo gros bka' 'bum
Volume 7, Text 38, Pages 587-595 (Folios 1a1 to 5a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'phags pa dzaM b+ha la dkar po'i chu sbyin dngos grub rgya mtsho'i sgo 'byed. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 587-595. Bir, H.P.: Khyentse Labrang, 2012.
Genre Offering Rituals - mchod sbyin
Deity dzaM dkar
Colophon

།ཅེས་པའང་དབོན་སྟོད་བཀྲ་ཤིས་དགོན་གྱི་མཁན་པོ་བསོད་ནམས་བློ་གྲོས་ནས་བཀྲ་ཤིས་པའི་དར་བཟང་གོས་སྟེགས་ཁེབས་བཅས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ནས་བྲིས་པས་ལོངས་སྤྱོད་ནམ་མཁའི་མཛོད་ལ་དབང་འབྱོར་བར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།

/ces pa'ang dbon stod bkra shis dgon gyi mkhan po bsod nams blo gros nas bkra shis pa'i dar bzang gos stegs khebs bcas gsung bskul ngor 'jam dbyangs chos kyi blo gros nas bris pas longs spyod nam mkha'i mdzod la dbang 'byor bar gyur cig__/sarba mang+ga laM/__dge'o//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །འཕགས་པ་ཛཾ་བྷ་ལ་དཀར་པོའི་ཆུ་སྦྱིན་དངོས་གྲུབ་རྒྱ་མཚོའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྱ་ཛཾ་བྷ་ལཱ་ཡ། དེའང་སྙིགས་མའི་དུས་ཀྱི་འགྲོ་ཀུན་དབུལ་ཞིང་ཕོངས་པའི་སྡུག་བསྔལ་བཟོད་པར་དཀའ་བ་གཟིགས་ནས་འཕགས་མཆོག་སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དེ་ཉིད་ཀྱི་རང་བྱུང་རིག་པའི་རོལ་རྩལ་ལས་འཕགས་པ་ཛཾ་བྷ་ལ་དཀར་པོ་ལྷ་ལྔ་སྤྲུལ་ཏེ་སེམས་ཅན་གྱི་དོན་མཛད་པ་ཡིན་པས་བྱིན་རླབས་གཞན་ལས་མྱུར་ཞིང་ཆེ་བས་དེ་ཉིད་ཆུ་སྦྱིན་ལ་བསྟེན་ཏེ་སྒྲུབ་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་དཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཛཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་འཕགས་པ་ཛཾ་བྷ་ལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་ཞིང་། དབུ་སྐྲ་དཀར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་རིན་པོ་ཆེའི་བེ་ཅོན་འཕྱར་ཞིང་། གཡོན་ནོར་སྐྱུགས་ནེའུ་ལེ་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱྃ་ག་བརྟེན་ཅིང་། རྒྱལ་པོ་རོལ་པའི་སྟབས་ཀྱིས་འབྲུག་ལ་ཆིབས་པ། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་མཐིང་ནག་གཡས་གསེར་གྱི་རྡོ་རྗེ་དང་། གཡོན་རྟེན་འབྲེལ་གྱི་ནོར་རྫས་འཛིན་པ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ་གཡས་ནོར་བུ་རིན་པོ་ཆེ་དང་། གཡོན་བཅུད་ཀྱིས་གང་བའི་བུམ་པ་འཛིན་པ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ་གཡས་པདྨ་དང་། གཡོན་ལྕགས་ཀྱུ་འཛིན་པ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་དང་། གཡོན་ནེའུ་ལེའི་རྐྱལ་པ་ནོར་གྱིས་གང་བ་འཛིན་པ། བཞི་ཀའང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། དེ་ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཛཾ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་ཛཾ་བྷ་ལ་དཀར་པོ་ལྷ་ལྔའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་བསྟིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་འོད་དཔག་མེད་དང་འཁོར་རྣམས་ལ་རང་རང་གི་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམ། དེ་ནས་ཆུ་བུམ་ཐོགས་ཏེ། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲྀ་ད་ཡ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྗོད། ཨོཾ་ཨཱཿཧཱུྃ་གིས་གཏོར་མ་བྱིན་གྱིས་རླབས་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲྀ་ད་ཡ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་ཨཱརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། དེ་ནས་བསྟོད་པ་ནི། ཧྲཱིཿདུས་གསུམ་རྒྱལ་ཀུན་སྤྱི་གཟུགས་པད་དཀར་འཆང་། །གསང་གསུམ་ཐུགས་རྗེའི་ཟློས་གར་ནོར་སྐྱོང་རྗེ། །ཁམས་གསུམ་ལོངས་སྤྱོད་སྤེལ་མཛད་རྫུ་འཕྲུལ་ཅན། །སྲིད་གསུམ་འདོད་རྒུ་མཆོག་སྩོལ་ཁྱོད་ལ་བསྟོད། །སྐུ་བཞི་དབྱེར་མེད་བདེ་སྟོང་རྣམ་རོལ་ལས། །ལས་བཞིའི་མདངས་ལྡན་ཌཱཀྐིའི་ཚོགས་རྣམས་ཀྱིས། །རྣམ་བཞིའི་ཕྲིན་ལས་སྒྲུབ་ལ་ཉེར་སྩོལ་བའི། །རིགས་བཞིའི་ལྷ་མོ་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ཅིང་ཕྲིན་ལས་གཞོལ་བ་ནི། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །དབུལ་དང་ཕོངས་པའི་གདུང་བ་རབ་བསལ་ནས། །ཚེ་དང་ལོངས་སྤྱོད་མཛོད་ལ་དབང་འབྱོར་ཏེ། །དཔལ་དང་དགའ་བདེས་འཚོ་བར་མཛད་དུ་གསོལ། །ཨོཾ་ཛཾ་བྷ་ལ་སིདྡྷི་ཕ་ལ་ཧོཿཞེས་པས་ཆུ་ཐིག་བླངས་ལ་ལྕེར་བཞག །བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་དབུལ་ཞིང་ཕོངས་པའི་སྡུག་བསྔལ་མཐའ་དག་ལས་གྲོལ་ཏེ། ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་དུ་གསོལ། ཞེས་པས་འདོད་དོན་གསོལ་བ་བཏབ་ཅིང་། ཛཾ་བྷ་ལ་གཙོ་འཁོར་རང་གི་ཐུགས་ཀར་ཐིམ་པར་མོས། འདི་ཉིད་རྐྱང་པ་ཉམས་སུ་ལེན་ན་མགོར་སྐྱབས་སེམས་དང་། མཇུག་བསྔོ་བ་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱ། གཞན་དང་འབྲེལ་ཚེ་མི་དགོས་སོ། །དེ་ལྟར་མ་ཆག་པར་ཉམས་སུ་བླངས་པས་གནས་སྐབས་སུ་ལོངས་སྤྱོད་འབད་མེད་དུ་འདུ་བ་དང་མཐར་ཐུག་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་ས་ལམ་བདེ་བླག་ཏུ་བསྒྲོད་པ་ནི་འཕགས་མཆོག་ཉིད་ཀྱི་ཞལ་གྱིས་བཞེས་པ་ཡིན་པས་ངེས་འཚལ་ལོ། །ཞེས་པ་འདིའང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་དང་རིག་འཛིན་པདྨ་ཕྲིན་ལས་ཀྱི་ཡིག་ཆ་ལས་བཏུས་ཤིང་མཚུངས་མེད་བླ་མའི་ཞལ་རྒྱུན་གྱིས་ཁ་སྐོང་སྟེ་རང་དང་གཞན་ལ་ཕན་པའི་བློས་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། དགེའོ།། །། ༈ ཛམ་དམར་གྱི་ཆུ་སྦྱིན་ལོངས་སྤྱོད་ཆར་འབེབས་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨརྱ་ཛཾ་བྷ་ལ་ཡ། ཨེ་མ་བདག་འདྲ་པདྨ་ཡིས། །མ་འོངས་སྐལ་ལྡན་རྣམས་ཀྱི་དོན། །ཛཾ་ལྷ་དམར་པོའི་གདམས་བསྐོར་བསྟེན། །ཡིད་བཞིན་ནོར་བུ་དབང་རྒྱལ་མཚུངས། །པདྨ་ང་ཡི་ཐུགས་བཅུད་ཡིན། །ཕྱི་རབས་ང་ཡི་རྗེས་འཇུག་རྣམས། །ཡང་ཟབ་འདི་ཉིད་ཉམས་ལེན་གྱིས། །དོན་གཉིས་བསམ་པ་ཀུན་འགྲུབ་ནས། །བསྟན་དང་འགྲོ་དོན་འབྱུང་བར་འགྱུར། །ཞེས་གསུངས་པའི་དོན་ཡོན་ཏན་དུ་མའི་སྒོ་ནས་ཁྱད་པར་དུ་འཕགས་པ་ཛཾ་བྷ་ལ་དམར་པོའི་རྗེས་སུ་གནང་བ་ནོད་པས་ཆུ་སྦྱིན་གཏོང་བར་འདོད་པས་ཟངས་གཞོང་དང་ཟན་རིལ་ཆུ་བུམ་སོགས་འདུ་བྱས་ལ་འདི་ཉིད་སྒེར་དུ་བྱེད་ན། སངས་རྒྱས་ཆོས་ཚོགས་ལྟ་བུའི་སྐྱབས་སེམས་སྔོན་དུ་དགོས་ལ། ཛཾ་སེར་ནག་གི་ཆུ་སྦྱིན་དང་འབྲེལ་ན། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས། །སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཡྃ་ལས་པདྨ་ཨཱཿལས་ཟླ་བ། མྃ་ལས་ཉི་དཀྱིལ་ནོར་སྐྱུགས་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་ན་ཛཾ་དམར་པོ་ལས་འོད་འཕྲོས་འཕགས་པ་མཆོད། འགྲོ་བའི་དབུལ་ཕོངས་བསལ། ཚུར་འདུས་ཛཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་མགོན་པོ་ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ་སྐུ་ཤིན་ཏུ་དམར་བ་ཆགས་པ་སྒེག་པའི་ཉམས་དང་ལྡན་པ། །ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། རྩ་ཞལ་དམར་པོ་བཞད་པ། གཡས་ཞལ་དཀར་པོ་འཛུམ་པ། གཡོན་ཞལ་སྔོན་པོ་ཁྲོ་ལ་མཆེ་བ་ཅུང་ཟད་གཙིགས་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་ནོར་བུ་སྣ་ཚོགས་ཀྱིས་གང་བའི་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། བར་པ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། ཐ་མ་གཉིས་ཀྱི་ནོར་སྐྱུགས་ནེའུ་ལི་རེ་རེ་བཙིར་བ། ཞབས་བཞི་གྱད་ཀྱིས་དོར་སྟབས་ཀྱིས་གནོད་སྦྱིན་ཕོ་མོ་མནན་པ། བ་སྤུའི་གསེབ་ནས་ནོར་བུ་རིན་པོ་ཆེའི་ཆར་འབེབས་པ། གཟི་བརྗིད་རབ་ཏུ་རྒྱས་ཤིང་འོད་ཟེར་འབར་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཛཾ་ཡིག་དམར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཐམས་ཅད་མགོན་པོ་ཛཾ་བྷ་ལ་དམར་པོའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། །སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུར་རྒྱན་པར་བསམ་ལ། ཛཾ་བྷ་ལའི་ཐུགས་ཀར་རྃ་དམར་པོ་མེ་ཡི་སྙིང་པོ་འོད་ཟེར་འབར་བས་མཚན་པར་གྱུར། རྃ་ལན་གསུམ་བརྗོད། རྃ་ལས་མེ་འབར་བས་མེ་ལྕེས་སྐོམ་ཞིང་རབ་ཏུ་གདུང་བ་ལ་ཆུ་ཕུལ་བས་མཉེས་ཞིང་ཚིམ་ནས་ཞལ་དང་ཕྱག་གི་ནེའུ་ལེ་དང་། ཞབས་འོག་གི་གནོད་སྦྱིན་གྱི་ཞལ་སྒོ་ནས་ནོར་བུ་རིན་པོ་ཆེའི་ཆར་འབབ་ནས་བདག་ལ་སྩལ་བར་གྱུར། ཨོཾ་ཛཾ་བྷ་ལ་ཛ་ལེནྜ་ཡ་དྷ་ན་མི་དྷི་ཧྲཱིཿསྭཱ་ཧཱ། ཞེས་བརྒྱ་རྩའམ་ཉེར་གཅིག་འབུལ། ཛཾ་གཏོར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབས། རྩ་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་ཕུལ། སླར་ཡང་། ཨོཾ་ཨརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཧྲཱིཿབདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང་། །ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོ་བཞུགས། །དབང་གིས་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་བསྐོང་ཁྱོད་ཕྱག་འཚལ། །ཞེས་པས་བསྟོད། མགོན་ཁྱོད་བརྩེ་བས་བདག་ལ་རྗེས་དགོངས་ཏེ། །ཚེ་དང་ནོར་དང་མཐུ་དཔལ་ལོངས་སྤྱོད་སོགས། །མངོན་པར་འདོད་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ། ཞེས་ཆུ་ཐིག་ཅིག་ལྕེར་བཞག་དངོས་གྲུབ་བླང་བར་བྱའོ། །དེ་ནས་གཏོར་མ་གཞན་འདོན་དགོས་ན་དེ་ལ་འཇུག་པར་བྱ་ཞིང་། འདི་རྐྱང་པ་ཡིན་ཚེ་མ་འབྱོར་པ་སོགས་ཀྱི་བཟོད་གསོལ་དང་། བཛྲ་མུཿརང་གི་སྙིང་གར་ཐིམ། གཏོར་མ་དང་ཆུ་སྦྱིན་གྱི་ཆུ་རྣམས་རང་གིས་ལོངས་སྤྱོད་པར་བྱའོ། །ཞེས་པ་འདི་ནི་ནོར་ལྷ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དངོས་གྲུབ་ཀྱི་མཚན་མ་གཞན་ལས་བརྒྱ་འགྱུར་གྱི་མྱུར་བས་ཤིན་ཏུ་གསང་བ་གལ་ཆེའོ། །ཆུ་སྦྱིན་འདི་ནི་ནང་རེ་བཞིན་མ་ཆགས་པ་ཉམས་སུ་བླངས་ན་མི་ནོར་ཟས་གསུམ་དབང་དུ་འདུས་ཤིང་ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་བ་གདོན་མི་ཟ་བས་ལེ་ལོ་དང་ཐེ་ཚོམ་སྤངས་ལ་རྩེ་གཅིག་ཏུ་སྒྲུབ་པར་བྱའོ། །ཅེས་པའང་དབོན་སྟོད་བཀྲ་ཤིས་དགོན་གྱི་མཁན་པོ་བསོད་ནམས་བློ་གྲོས་ནས་བཀྲ་ཤིས་པའི་དར་བཟང་གོས་སྟེགས་ཁེབས་བཅས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ནས་བྲིས་པས་ལོངས་སྤྱོད་ནམ་མཁའི་མཛོད་ལ་དབང་འབྱོར་བར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
[edit]

@#/__/'phags pa dzaM b+ha la dkar po'i chu sbyin dngos grub rgya mtsho'i sgo 'byed ces bya ba bzhugs so/__/ na mo gu ru Ar+ya dzaM b+ha lA ya/__de'ang snyigs ma'i dus kyi 'gro kun dbul zhing phongs pa'i sdug bsngal bzod par dka' ba gzigs nas 'phags mchog snying rje'i dbang phyug spyan ras gzigs de nyid kyi rang byung rig pa'i rol rtsal las 'phags pa dzaM b+ha la dkar po lha lnga sprul te sems can gyi don mdzad pa yin pas byin rlabs gzhan las myur zhing che bas de nyid chu sbyin la bsten te sgrub pa ni/__oM badz+ra a mr-i tas bsang /__oM swa b+hA was sbyangs/__stong pa'i ngang las rin po che las grub pa'i snod yangs shing rgya che ba'i nang du pa~M las pad+ma dang a las zla ba'i dkyil 'khor gyi steng du dzaM dkar po de las 'od zer 'phros/__'phags pa mchod/__sems can gyi don byas/__tshur 'dus dzaM la thim/__de yongs su gyur pa las 'phags pa dzaM b+ha la sku mdog dkar po zhal gcig phyag gnyis spyan gsum dang ldan zhing /__dbu skra dkar ser gyen du brdzes pa/__phyag g.yas rin po che'i be con 'phyar zhing /__g.yon nor skyugs ne'u le 'dzin pa/__gru mo g.yon na kha T+wA~M ga brten cing /__rgyal po rol pa'i stabs kyis 'brug la chibs pa/__de'i shar du rdo rje mkha' 'gro mthing nag g.yas gser gyi rdo rje dang /__g.yon rten 'brel gyi nor rdzas 'dzin pa/__lhor rin chen mkha' 'gro ser mo g.yas nor bu rin po che dang /__g.yon bcud kyis gang ba'i bum pa 'dzin pa/__nub tu pad+ma mkha' 'gro dmar mo g.yas pad+ma dang /__g.yon lcags kyu 'dzin pa/__byang du las kyi mkha' 'gro ljang gu g.yas sna tshogs rdo rje dang /__g.yon ne'u le'i rkyal pa nor gyis gang ba 'dzin pa/__bzhi ka'ang skyil krung phyed pa'i gar gyis bzhugs pa/__de thams cad kyang dar gyi na bza' dang rin po che'i rgyan sna tshogs kyis brgyan pa'i dpral bar oM dkar po/__mgrin par AHdmar po/__thugs kar hU~M sngon po/__thugs ka'i dbus su dzaM yig dkar po de las 'od zer 'phros pas rang bzhin gyi gnas nas sangs rgyas dang byang chub sems dpa' thams cad 'phags pa dzaM b+ha la dkar po lha lnga'i rnam par oM badz+ra sa mA dzaHsa spyan drangs/__dzaHhU~M ba~M hoHsa bstim/__slar yang thugs ka'i sa bon las 'od zer 'phros pas dbang gi lha rigs lnga 'khor dang bcas pa oM badz+ra sa mA dzaHsa spyan drangs la/__de bzhin gshegs pa thams cad kyis 'di la mngon par dbang bskur ba stsal du gsol/__zhes gsol ba btab pas/__de rnams kyis/__oM badz+rI b+ha wa a b+hi Shiny+tsa hU~M zhes gsung zhing bum pa'i chus spyi bo nas dbang bskur/__sku gang /__dri ma dag__/chu'i lhag ma yar lud pa las gtso bo la 'od dpag med dang 'khor rnams la rang rang gi rigs kyi bdag pos dbur brgyan par bsam/__de nas chu bum thogs te/__oM pad+ma kro d+ha Ar+ya dzaM b+ha la hr-i da ya swA hA/__zhes brgya rtsa brjod/__oM AHhU~M gis gtor ma byin gyis rlabs la/__oM pad+ma kro d+ha Ar+ya dzaM b+ha la hr-i da ya i daM ba ling+ta kha kha khA hi khA hi/__lan gsum gyis gtor ma 'bul/__oM Ar+ya dzaM b+ha la sa pa ri wA ra ar+g+haM AHhU~M nas/__shab+da AHhU~M gi bar gyis mchod/__de nas bstod pa ni/__hrIHdus gsum rgyal kun spyi gzugs pad dkar 'chang /__/gsang gsum thugs rje'i zlos gar nor skyong rje/__/khams gsum longs spyod spel mdzad rdzu 'phrul can/__/srid gsum 'dod rgu mchog stsol khyod la bstod/__/sku bzhi dbyer med bde stong rnam rol las/__/las bzhi'i mdangs ldan DAk+ki'i tshogs rnams kyis/__/rnam bzhi'i phrin las sgrub la nyer stsol ba'i/__/rigs bzhi'i lha mo rnams la phyag 'tshal bstod/__/ces pas bstod cing phrin las gzhol ba ni/__bdag dang mkha' mnyam 'gro ba ma lus pa/__/dbul dang phongs pa'i gdung ba rab bsal nas/__/tshe dang longs spyod mdzod la dbang 'byor te/__/dpal dang dga' bdes 'tsho bar mdzad du gsol/__/oM dzaM b+ha la sid+d+hi pha la hoHzhes pas chu thig blangs la lcer bzhag__/bcom ldan 'das bdag dang sems can thams cad dbul zhing phongs pa'i sdug bsngal mtha' dag las grol te/__chos dang mthun pa'i 'byor pa phun sum tshogs pa dang ldan par mdzad du gsol/__zhes pas 'dod don gsol ba btab cing /__dzaM b+ha la gtso 'khor rang gi thugs kar thim par mos/__'di nyid rkyang pa nyams su len na mgor skyabs sems dang /__mjug bsngo ba smon lam gyis mtha' brgyan par bya/__gzhan dang 'brel tshe mi dgos so/__/de ltar ma chag par nyams su blangs pas gnas skabs su longs spyod 'bad med du 'du ba dang mthar thug bde ba can gyi zhing khams su skyes nas sa lam bde blag tu bsgrod pa ni 'phags mchog nyid kyi zhal gyis bzhes pa yin pas nges 'tshal lo/__/zhes pa 'di'ang zhu chen tshul khrims rin chen dang rig 'dzin pad+ma phrin las kyi yig cha las btus shing mtshungs med bla ma'i zhal rgyun gyis kha skong ste rang dang gzhan la phan pa'i blos 7'jam dbyangs chos kyi blo gros kyis bris pa dge legs su gyur cig__/sarba dA mang+ga laM/__dge'o//___//__!__dzam dmar gyi chu sbyin longs spyod char 'bebs ces bya ba bzhugs so/__/na mo gu ru ar+ya dzaM b+ha la ya/__e ma bdag 'dra pad+ma yis/__/ma 'ongs skal ldan rnams kyi don/__/dzaM lha dmar po'i gdams bskor bsten/__/yid bzhin nor bu dbang rgyal mtshungs/__/pad+ma nga yi thugs bcud yin/__/phyi rabs nga yi rjes 'jug rnams/__/yang zab 'di nyid nyams len gyis/__/don gnyis bsam pa kun 'grub nas/__/bstan dang 'gro don 'byung bar 'gyur/__/zhes gsungs pa'i don yon tan du ma'i sgo nas khyad par du 'phags pa dzaM b+ha la dmar po'i rjes su gnang ba nod pas chu sbyin gtong bar 'dod pas zangs gzhong dang zan ril chu bum sogs 'du byas la 'di nyid sger du byed na/__sangs rgyas chos tshogs lta bu'i skyabs sems sngon du dgos la/__dzaM ser nag gi chu sbyin dang 'brel na/__oM badz+ra a mr-i tas bsang /__swA b+hA was sbyangs/__/stong pa'i ngang las rin po che'i snod du ya~M las pad+ma AHlas zla ba/__ma~M las nyi dkyil nor skyugs pho mo bsnol ba'i gdan gyi steng na dzaM dmar po las 'od 'phros 'phags pa mchod/__'gro ba'i dbul phongs bsal/__tshur 'dus dzaM la thim/__de yongs su gyur pa las mgon po dzaM b+ha la dmar po zhal gsum phyag drug pa sku shin tu dmar ba chags pa sgeg pa'i nyams dang ldan pa/__/klu chen po brgyad dang rin po che'i rgyan du mas spras pa/__rtsa zhal dmar po bzhad pa/__g.yas zhal dkar po 'dzum pa/__g.yon zhal sngon po khro la mche ba cung zad gtsigs pa/__phyag drug gi dang po gnyis kyis yid bzhin gyi nor bu rin po che dbang gi rgyal po dang nor bu sna tshogs kyis gang ba'i thod pa thugs kar steng 'og tu 'dzin pa/__bar pa gnyis kyis lcags kyu dang zhags pa/__tha ma gnyis kyi nor skyugs ne'u li re re btsir ba/__zhabs bzhi gyad kyis dor stabs kyis gnod sbyin pho mo mnan pa/__ba spu'i gseb nas nor bu rin po che'i char 'bebs pa/__gzi brjid rab tu rgyas shing 'od zer 'bar ba'i dpral bar oM dkar po/__mgrin par AHdmar po/__thugs kar hU~M sngon po/__thugs ka'i dbus su dzaM yig dmar po de las 'od zer 'phros pas rang bzhin gyi gnas nas sangs rgyas byang sems mkha' 'gro chos skyong nor lha thams cad mgon po dzaM b+ha la dmar po'i rnam par oM badz+ra sa mA dzaHdzaHhU~M ba~M hoHgnyis su med par thim/__/slar yang thugs ka'i sa bon las 'od zer 'phros pas dbang gi lha rigs lnga 'khor dang bcas pa oM badz+ra sa mA dzaHde bzhin gshegs pa thams cad kyi 'di la mngon par dbang bskur ba stsal du gsol/__zhes gsol ba btab pas/__oM badz+ra b+ha wa a b+hi Shany+tsa hU~M/__zhes gsung zhing bum pa'i chus spyi bo nas dbang bskur sku gang dri ma dag chu'i lhag ma yar lud pa las spyi bor rigs kyi bdag po snang ba mtha' yas kyis dbur rgyan par bsam la/__dzaM b+ha la'i thugs kar ra~M dmar po me yi snying po 'od zer 'bar bas mtshan par gyur/__ra~M lan gsum brjod/__ra~M las me 'bar bas me lces skom zhing rab tu gdung ba la chu phul bas mnyes zhing tshim nas zhal dang phyag gi ne'u le dang /__zhabs 'og gi gnod sbyin gyi zhal sgo nas nor bu rin po che'i char 'bab nas bdag la stsal bar gyur/__oM dzaM b+ha la dza len+Da ya d+ha na mi d+hi hrIHswA hA/__zhes brgya rtsa'am nyer gcig 'bul/__dzaM gtor/__oM AHhU~M/__lan gsum gyi byin gyis brlabs/__rtsa sngags mthar/__i daM ba liM ta kha kha khA hi khA hi/__zhes lan gsum phul/__slar yang /__oM ar+ya dzaM b+ha la sa pa ri wA ra ar+g+haM sogs kyis mchod/__hrIHbde gshegs kun gyi gsung las rab sprul zhing /__/thugs rjes chags pas sku mdog dmar po bzhugs/__/dbang gis phrin las rdzogs mdzad dzaM b+ha la/__/ma lus 'gro ba'i re bskong khyod phyag 'tshal/__/zhes pas bstod/__mgon khyod brtse bas bdag la rjes dgongs te/__/tshe dang nor dang mthu dpal longs spyod sogs/__/mngon par 'dod pa'i don rnams ma lus pa/__/'bad med lhun gyis grub par mdzad du gsol/__oM AHhU~M/__zhes chu thig cig lcer bzhag dngos grub blang bar bya'o/__/de nas gtor ma gzhan 'don dgos na de la 'jug par bya zhing /__'di rkyang pa yin tshe ma 'byor pa sogs kyi bzod gsol dang /__badz+ra muHrang gi snying gar thim/__gtor ma dang chu sbyin gyi chu rnams rang gis longs spyod par bya'o/__/zhes pa 'di ni nor lha thams cad kyi nang nas mchog tu gyur pa dngos grub kyi mtshan ma gzhan las brgya 'gyur gyi myur bas shin tu gsang ba gal che'o/__/chu sbyin 'di ni nang re bzhin ma chags pa nyams su blangs na mi nor zas gsum dbang du 'dus shing phyi ma bde chen zhing du skye ba gdon mi za bas le lo dang the tshom spangs la rtse gcig tu sgrub par bya'o/__/ces pa'ang dbon stod bkra shis dgon gyi mkhan po bsod nams blo gros nas bkra shis pa'i dar bzang gos stegs khebs bcas gsung bskul ngor 'jam dbyangs chos kyi blo gros nas bris pas longs spyod nam mkha'i mdzod la dbang 'byor bar gyur cig__/sarba mang+ga laM/__dge'o//___//

Footnotes

Other Information