རང་གཞན་གྱི་བློ་བུར་ཚེ་སྒྲུབ།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-035
Wylie title rang gzhan gyi blo bur tshe sgrub JKCL-KABUM-07-JA-035.pdf
Location chos kyi blo gros bka' 'bum
Volume 7, Text 35, Pages 581-582 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Source Author(s) མི་ཕམ་རྒྱ་མཚོ་ (mi pham rgya mtsho)
Citation 'jam dbyangs mkhyen brtse chos kyi blo gros. rang gzhan gyi blo bur tshe sgrub. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 581-582. Bir, H.P.: Khyentse Labrang, 2012.
Genre Longevity Rituals - tshe sgrub
Lotsawa House Link https://www.lotsawahouse.org/tibetan-masters/mipham/extemporary-longevity-self-others
Colophon

རྒྱུད་སྡེའི་དགོངས་པ་བཞིན་ཆུ་འབྲུག་ཟླ་བ་ལྔ་པའི་ཚེས་གཅིག་ལ་འཇམ་དཔལ་རྡོ་རྗེས་སོ།

rgyud sde'i dgongs pa bzhin chu 'brug zla ba lnga pa'i tshes gcig la 'jam dpal rdo rjes so/

1 Texts in this Section (sde tshan or chos tshan)

[edit]
རང་གཞན་གྱི་བློ་བུར་ཚེ་སྒྲུབ་ལ། །རང་ངམ་དམིགས་བྱའི་སྤྱི་བོར་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་དཀར་པོ་ལོངས་སྐུའི་ཆས་ཅན་ཕྱག་མཉམ་བཞག་གིས་ཚེ་བུམ་བསྣམས་པ་ལ་མོས་གུས་ཀྱི་མཚན་ནས་བརྗོད་ཅིང་གསོལ་བ་བཏབ་ལ། ཚེ་གཟུངས་འབུམ་བཟླས་པས། ཐུགས་ཀའི་འོད་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་བདུད་རྩི་འོད་ཟེར་དཀར་པོའི་རྣམ་པར་བསྡུས། ཕྱག་གི་ཚེ་བུམ་དུ་བབ་པ་གང་ཏེ་ལུད་པ་དམིགས་བྱའི་སྤྱི་གཙུག་ནས་ཞུགས་པས་ལུས་གང་རྩ་རླུང་ཐིག་ལེའི་ཚེ་ཉམས་པ་གསོས། །ཚེ་འཕེལ་ཞིང་བཀྲག་མདངས་ལྡན་པར་བསམ། ཡང་ཨ་མཱ་ར་ཎི་ལན་བདུན་བརྗོད་པས། བདུད་རྩིའི་རྒྱུན་གྱིས་སྙིགས་མའི་ལུས་སྦྱང་རྡོ་རྗེའི་སྐུར་གྱུར་པར་བསམ། ཕྱིན་དྲུག་སྟོབས་ཀྱིས་སོགས་ཚིགས་བཅད་བརྗོད་བས། ཚེ་དཔག་མེད་བདུད་རྩིའི་རྣམ་པར་ཞུ། །དམིགས་བྱའི་སྤྱི་གཙུག་ནས་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་ཐོབ་པར་བསམས་ལ་བཟུང་ཚར་གཅིག་བརྗོད། སྦྱིན་བདག་འཁོར་བཅས་སོགས་བཀྲ་ཤིས་ཚིགས་བཅད་བརྗོད་དོ། །དེས་ཚེ་ཡི་གེགས་ཞི་ཞིང་ཚེ་ཤིན་ཏུ་རིང་པོར་འཚོ་བར་འགྱུར་རོ། །རྒྱུད་སྡེའི་དགོངས་པ་བཞིན་ཆུ་འབྲུག་ཟླ་བ་ལྔ་པའི་ཚེས་གཅིག་ལ་འཇམ་དཔལ་རྡོ་རྗེས་སོ། །༈འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་དབང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ། འོད་དཔག་ཏུ་མེད་པ༴ །རིན་ཆེན་ཏོག་ལ༴ །།། །

Footnotes

Other Information