JKCL-KABUM-07-JA-028

From Khyentse Lineage - A Tsadra Foundation Project

འོད་དཔག་མེད་ཀྱི་ཉལ་བསྒོམ་མདོར་བསྡུས་དང༌། འོད་དཔག་མེད་ཀྱི་སྒོ་ནས་སྡིག་སྦྱོང་བ། འདིར་གཤིན་པོ་ལ་འཕོ་བ་འདེབས་མཁན་མ་རྙེད་པའམ་རྙེད་ཀྱང་རྒྱ་བརྟེན་གསོལ་འདེབས་སྨོན་ལམ་གྱི་ཚུལ་དུ་འཕོ་བའི་དམིགས་རིམ་འདོན་པར་འདོད་ན་ཞེས་པ་དང༌། ཨཿ ཆོས་རྣམས་མི་དམིགས་སྟོང་པའི་སོགས་འོད་དཔག་ཐུང་བཅས།
Wylie title 'od dpag med kyi nyal bsgom mdor bsdus dang/ 'od dpag med kyi sgo nas sdig sbyong ba/ 'dir gshin po la 'pho ba 'debs mkhan ma rnyed pa'am rnyed kyang rgya brten gsol 'debs smon lam gyi tshul du 'pho ba'i dmigs rim 'don par 'dod na zhes pa dang/ aH chos rnams mi dmigs stong pa'i sogs 'od dpag thung bcas JKCL-KABUM-07-JA-028.pdf
Location chos kyi blo gros bka' 'bum
Volume 7, Text 28, Pages 531-537 (Folios 1a1 to 4a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'od dpag med kyi nyal bsgom mdor bsdus dang 'od dpag med kyi sgo nas sdig sbyong ba 'dir gshin po la 'pho ba 'debs mkhan ma rnyed pa'am rnyed kyang rgya brten gsol 'debs smon lam gyi tshul du 'pho ba'i dmigs rim 'don par 'dod na zhes pa dang aH chos rnams mi dmigs stong pa'i sogs 'od dpag thung bcas. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 531-537. Bir, H.P.: Khyentse Labrang, 2012.
Genre Activity Practices - las tshogs  ·  Funerary Rituals - gnas lung - byang chog
Deity 'od dpag med
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/brief-amitabha-sleeping-meditation
Colophon
  • First colophon page 531: །ཞེས་ནུབ་བླ་མ་ཀུན་བཟང་ཆོས་འཕེལ་ནས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །དགེའོ། །བཀྲ་ཤིས། མངྒ་ལཾ།།
  • Second colophon page 535: །ཅེས་པའང་རྗེ་བཙུན་ས་སྐྱ་པའི་མན་ངག་ཆོས་རྒྱལ་འཕགས་པའི་གསུངས་རབ་ལ་གསལ་བྱེད་ཕྲན་བུས་བརྒྱན་ཏེ་ཆོས་ཀྱི་བློ་གྲོས་པས་བྲིས་པ་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང་། འབྲེལ་ཚད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །།།
  • Third colophon page 536: །ཅེས་པ་འདི་ནི་དུས་དབང་གིས་དགོས་པ་ཅུང་ཟད་ཡོད་པ་མཐོང་ནས་རྡོ་རྗེའི་གྲོགས་པོ་རྣམས་ཀྱི་མོས་པ་བཞིན་དུ་ཀུན་དགའ་རྒྱལ་མཚན་གྱིས་བྲིས་པའོ། དགེའོ།།
  • Fourth colophon page 537: །ཕྱག་བྲིས་ལས་བཤུས། སརྦ་མངྒ་ལཾ།།
  • First colophon page 531: /zhes nub bla ma kun bzang chos 'phel nas gsung bskul ngor chos kyi blo gros pas bris pa'o/__/dge'o/__/bkra shis/__mang+ga laM//
  • Second colophon page 535: /ces pa'ang rje btsun sa skya pa'i man ngag chos rgyal 'phags pa'i gsungs rab la gsal byed phran bus brgyan te chos kyi blo gros pas bris pa sems can la phan pa rgya chen po 'byung ba dang /__'brel tshad bde ba can du skye ba'i rgyur gyur cig__///
  • Third colophon page 536: /ces pa 'di ni dus dbang gis dgos pa cung zad yod pa mthong nas rdo rje'i grogs po rnams kyi mos pa bzhin du kun dga' rgyal mtshan gyis bris pa'o/__dge'o//
  • Fourth colophon page 537: /phyag bris las bshus/__sarba mang+ga laM//
[edit]
འོད་དཔག་མེད་ཀྱི་ཉལ་བསྒོམ་མདོར་བསྡུས་བཞུགས། སངས་རྒྱས་ཆོས་ཚོགས་ཀྱི་སྐྱབས་སེམས་ལན་གསུམ། མ་ལུས་སེམས་ཅན་སོགས་ཤྭ་ལོ་ཀ་གཅིག་གི་མཐར། ཨོཾ་ཨ་མི་ཏ་བྷ་ཧྲཱིཿས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿཔདྨ་ཀ་མ་ལཱ་ཡ་སྟྭཾ། གྱིས་གདན་ཕུལ་བར་མོས། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །མཚན་ལན་གསུམ་བརྗོད། མོས་གུས་དྲག་ཏུ་བསྐྱེད་ལ། མདུན་གྱི་སྣང་བ་མཐའ་ཡས་ཀྱི༔ཐུགས་ཀའི་ཧྲཱིཿལས་གཉིས་པ་བྱུང་༔ཤངས་བུག་གཡས་ནས་རང་ཉིད་ཀྱི༔སྣ་བུག་གཡོན་ཞུགས་སྙིང་གའི་དབུས༔འོད་ཟེར་སྣང་བ་རབ་འཕྲོས་པས༔སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔རླུང་ཕྱིར་སོང་དང་ལྷན་ཅིག་ཏུ༔སྣ་བུག་གཡས་ནས་བཅོམ་ལྡན་གྱི༔ཤངས་བུག་གཡོན་ཞུགས་ཧྲཱིཿལ་ཐིམ༔རྒྱལ་བའི་ཐུགས་དང་རང་གི་སེམས༔དབྱེར་མེད་བློ་འདས་ངང་དུ་བཞག༔ཅེས་བརྗོད་ཅིང་མོས་ལ་དབུགས་ཀྱི་འགྲོ་འོང་དང་བསྟུན་པའི་དམིགས་པ་ཡང་ཡང་བསྒོམ་པའི་མཐར་ཐུགས་ཡིད་བསྲེ་ཞིང་། ཉལ་བའི་དུས་སུ་དེའི་ངང་ལ་གཉིད་ལོག་པའམ། ཐུན་ལས་ལྡང་ན་འོད་དཔག་མེད་རང་ལ་བསྟིམ་པའམ། མི་དམིགས་པར་བཞག་ལ། སྨོན་ལམ་རྒྱས་བསྡུས་ཅི་རིགས་བྱའོ། །ཞེས་ནུབ་བླ་མ་ཀུན་བཟང་ཆོས་འཕེལ་ནས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །དགེའོ། །བཀྲ་ཤིས། མངྒ་ལཾ།། །། ༈ འོད་དཔག་མེད་ཀྱི་སྒོ་ནས་སྡིག་སྦྱོང་བཞུགས་སོ། །སངས་རྒྱས་འོད་དཔག་ཏུ་མེད་པའི་སྒོ་ནས་སྡིག་པ་སྦྱོང་ཞིང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འདོད་པའི་རྣལ་འབྱོར་པས་སྟན་བདེ་བ་ལ་བསྡད་ནས། མདུན་གྱི་ནམ་མཁར་བླ་མ་དང་མགོན་པོ་འོད་དཔག་མེད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམ་ལ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་གྲངས་ཅི་མང་དང་། བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ། །རྣམ་པ་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཁྱེད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་འོད་དཔག་མེད་སྒོམ་པར་བགྱིའོ་ཞེས་ལན་གསུམ་གྱིས་སེམས་བསྐྱེད། རང་གང་དུ་གནས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ཚད་མེད་པས་ཡོངས་སུ་མཛེས་པར་བྱས་པའི་རང་གི་མདུན་དུ་རིན་པོ་ཆེའི་ཁྲི་ཆེན་པོ་པདྨ་དང་ཟླ་བའི་གདན་དང་བཅས་པའི་སྟེང་ན་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་མངོན་སུམ་བཞིན་དུ་བཞུགས་པར་གྱུར། ན་མོ་བྷ་ག་ཝ་ཏེ་ཨ་མི་ཏ་བྷཱ་ཡ་ཞེས་པས་ཕྱག་འཚལ། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བའི་རྩ་བ་འདིས་སངས་རྒྱས་འོད་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་ཡན་ལག་བདུན་པ་རྒྱས་པ་ཚར་གཅིག་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སོ་སོར་བཤགས། སོགས་མན་ཆོད་གོང་ལྟར་ལ་ལན་གཉིས་བྱའོ། །དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱོང་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་མཛད་དུ་གསོལ། ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ། དབུགས་ཕྱིར་རྒྱུ་དང་ལྷན་གཅིག་ཏུ། །རྣམ་ཤེས་འོད་ཀྱི་རྣམ་པ་ནི། །རང་གི་སྣ་བུག་གཡོན་ནས་ཐོན། བཅོམ་ལྡན་ཤངས་བུག་གཡས་སུ་ཞུགས། །རྒྱལ་བའི་ཐུགས་དང་དབྱེར་མེད་གྱུར། །རླུང་ནི་ནང་དུ་འཇུག་པའི་ཚེ། །བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས། །འོད་ཟེར་ཤངས་བུག་གཡོན་ནས་ཐོན། །རང་གི་སྣ་བུག་གཡས་ནས་ཞུགས། །སྙིང་ཁར་ཐིམ་པའི་དམིགས་པ་བཅས། །དེ་ལྟར་ཡང་ཡང་བསྐྱར་ལ་འབད། །ཐུན་གྱི་མཐར་དབུགས་ནང་དུ་འཇུག་པ་དང་བསྟུན་ནས། མདུན་གྱི་བཅོམ་ལྡན་འདས་རང་ལ་ཐིམ་པས་རང་ཉིད་ཀྱང་འོད་དཔག་ཏུ་མེད་པར་གྱུར་པ་ནི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས་པ། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུར་གསལ་བར་གྱུར། ལྷ་སྐུ་ལ་དམིགས་པ་གཏད་དེ། ཨོཾ་ཨ་མི་ཏཱ་བྷ་ཧྲཱིཿསྭཱ་ཧཱ་ཞེས་ཅི་ནུས་བཟླ། ཐུན་ལས་ལྡང་བ་ན། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམའམ། མི་ནུས་ན། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། སོགས། དེར་ཐོབ་ཤོག །ཅེས་དང་། དགེ་བ་འདི་ཡི་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །འོད་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཅེས་པས་བསྔོ་བ་བྱས་ནས། ཨོཾ་བཛྲ་མུཿཞེས་པས་རང་ལ་བསྟིམས་པའི་སངས་རྒྱས་མགོན་པོ་འོད་དཔག་མེད་བདེ་བ་ཅན་དུ་གཤེགས་པར་བསམ་ལ། རང་གི་དཔྲལ་བ། མགྲིན་པ། སྙིང་ག་རྣམས་སུ། ཨོཾ་ཨཱཿཧཱུྃ། བཀོད་པས་བསྲུང་ལ། སྤྱོད་ལམ་ལ་འཇུག་པར་བྱའོ། །གནས་སྐབས་ཐམས་ཅད་དུ་རང་འདུག་པའི་གནས་བདེ་ཆེན་ཞིང་དང་། སྟོན་པ་སངས་རྒྱས་འོད་དཔག་མེད་ཡང་ཡང་ཡིད་ལ་བྱེད་པ་དང་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་། དགེ་བའི་རྩ་བ་རྣམས་ཞིང་དེར་སྐྱེ་བའི་རྒྱུར་བསྔོ་བར་རྣམས་དང་མི་འབྲལ་བར་གལ་ཆེ་ཞིང་འགྲོ་བའི་ཚེ་རང་གི་མདུན་ན་སངས་རྒྱས་འོད་དཔག་ཏུ་མེད་པ་བཞུགས་པ་དེ་ཡི་ཕྱོགས་སུ་འགྲོ་བར་བསམ་མོ། །དེ་ལྟར་དད་བརྩོན་དྲག་པོས་ཐེ་ཚོམ་མེད་པར་བརྩོན་ན་ཚེ་འདིར་ཚེ་རིང་ཞིང་བར་ཆད་ཞི་བ་དང་། ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འགྱུར་བ་ནི་ངེས་པའོ། །ཅེས་པའང་རྗེ་བཙུན་ས་སྐྱ་པའི་མན་ངག་ཆོས་རྒྱལ་འཕགས་པའི་གསུངས་རབ་ལ་གསལ་བྱེད་ཕྲན་བུས་བརྒྱན་ཏེ་ཆོས་ཀྱི་བློ་གྲོས་པས་བྲིས་པ་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང་། འབྲེལ་ཚད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །།། ༈བླ་མ་ལ་ཕྱག་འཚལ་ལོ། །འདིར་གཤིན་པོ་ལ་འཕོ་བ་འདེབས་མཁན་མ་རྙེད་པའམ་རྙེད་ཀྱང་རྒྱ་བརྟེན་གསོལ་འདེབས་སྨོན་ལམ་གྱི་ཚུལ་དུ་འཕོ་བའི་དམིགས་རིམ་འདོན་པར་འདོད་ན། མདུན་མཁར་ཡིད་འཕྲོག་འཇའ་འོད་འཁྲིགས་པའི་ཀློང་། །སེང་ཁྲི་པདྨ་ཟླ་བའི་གདན་སྟེང་དུ། །རྩ་བའི་བླ་མ་མགོན་པོ་འོད་དཔག་མེད། །སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་ཡོངས་བསྐོར་བ། །བདག་དང་དམིགས་ཡུལ་འགྲོ་བ་མ་ལུས་པར། །རྗེས་སུ་བརྩེ་བའི་ཚུལ་གྱིས་བཞུགས་པར་གྱུར། །དེ་ནས་གསོལ་འདེབས་དང་མཚན་བརྗོད་ལ། སྐྱེ་འཆི་བར་དོའི་འཁྲུལ་སྣང་མ་ཞིག་པ། །དམིགས་ཡུལ་ཚེ་འདས་འདི་ཡི་རྣམ་ཤེས་ནི། །འཆི་མེད་ལམ་ནས་སྐར་མདའ་འཕོ་བ་བཞིན། །རྗེ་བཙུན་བླ་མའི་ཐུགས་ཀར་ཐིམ་པར་གྱུར། སྐྱབས་གནས་རྒྱ་མཚོའི་ཐུགས་རྗེའི་བྱིན་རླབས་དང་། །རྣལ་འབྱོར་བདག་གི་ལྷག་བསམ་དག་པའི་མཐུས། །འཁྲུལ་པའི་སེམས་དང་རྗེ་བཙུན་བླ་མའི་ཐུགས། །གཉིས་མེད་མཉམ་པ་ཆེན་པོར་མ་བཅོས་ཨཿ། རྒྱུ་དེས་ལས་ངན་སྡིག་སྒྲིབ་ཀུན་བྱང་ནས། །འཁྲུལ་སྣང་བར་དོའི་འཇིགས་སྐྲག་མི་འཆར་བར། །དག་པའི་ཞིང་དུ་དགེ་བའི་འཕྲོ་མཐུད་དེ། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་ནི་དུས་དབང་གིས་དགོས་པ་ཅུང་ཟད་ཡོད་པ་མཐོང་ནས་རྡོ་རྗེའི་གྲོགས་པོ་རྣམས་ཀྱི་མོས་པ་བཞིན་དུ་ཀུན་དགའ་རྒྱལ་མཚན་གྱིས་བྲིས་པའོ། དགེའོ།། །། ༈ ཨཿཆོས་རྣམས་མི་དམིགས་སྟོང་པའི་ངང་། །རང་བཞིན་སྤྲུལ་པའི་ཞིང་ཁམས་ནི། །པདྨ་བརྩེགས་པའི་གཞལ་མེད་ཁང་། །རྒྱ་ཁྱོན་བཀོད་པ་རབ་འབར་དབུས། །འོད་དཔག་མེད་མགོན་སྐུ་མདོག་དམར། །སྤྲུལ་སྐུའི་ཆ་བྱད་མཉམ་བཞག་སྟེང་། །ལྷུང་བཟེད་བདུད་རྩིས་གང་བ་བསྣམས། །དེ་མདུན་པད་དཀར་ཟླ་བའི་སྟེང་། །བྱང་ཆུབ་སེམས་མ་གྲགས་ལྡན་མ། །པདྨ་གཞོན་ནུའི་ལང་ཚོ་རྒྱས། །དར་དཀར་སྟོད་གཡོགས་སྨད་དཀྲིས་གསོལ། །རིན་ཆེན་མེ་ཏོག་རྒྱན་ཕྲེང་མཛེས། །ཞབས་གཡས་པུས་སློང་གཡོན་བསྐུམ་ཞིང་། །ཕྱག་གཡས་སྐྱེ་ལྔའི་སྒྲ་དབྱངས་བསྣམས། །གཡོན་པས་རིན་ཆེན་རྒྱན་ཕྲེང་དང་། །དུང་གི་ཆུན་འཕྱངས་དར་དཀར་ཕྱར། །གནས་གསུམ་ཡིག་འབྲུས་མཚན་པ་གསལ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །ཐུགས་ཀར་ཆུ་སྐྱེས་དཀར་པོའི་སྟེང་། ཟེའུ་འབྲུར་ཧྲཱིཿཡིས་མཚན་པར་གསལ། ཨོཾ་ཨཱཿབྷོ་དྷི་སཏྭ་ཀིརྟི་ཀཱ་མ་ལ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླའོ། །ཕྱག་བྲིས་ལས་བཤུས། སརྦ་མངྒ་ལཾ།། །།
[edit]

'od dpag med kyi nyal bsgom mdor bsdus bzhugs/__sangs rgyas chos tshogs kyi skyabs sems lan gsum/__ma lus sems can sogs shwa lo ka gcig gi mthar/__oM a mi ta b+ha hrIHsa pa ri wA ra e h+ye hi badz+ra sa mA dzaHpad+ma ka ma lA ya s+t+waM/__gyis gdan phul bar mos/__ji snyed su dag sogs yan lag bdun pa bya/__bcom ldan 'das de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas 'od dpag med la phyag 'tshal lo/__/skyabs su mchi'o/__/mtshan lan gsum brjod/__mos gus drag tu bskyed la/__mdun gyi snang ba mtha' yas kyi:thugs ka'i hrIHlas gnyis pa byung :shangs bug g.yas nas rang nyid kyi:sna bug g.yon zhugs snying ga'i dbus:'od zer snang ba rab 'phros pas:sdig sgrib bag chags bcas pa sbyangs:rlung phyir song dang lhan cig tu:sna bug g.yas nas bcom ldan gyi:shangs bug g.yon zhugs hrIHla thim:rgyal ba'i thugs dang rang gi sems:dbyer med blo 'das ngang du bzhag:ces brjod cing mos la dbugs kyi 'gro 'ong dang bstun pa'i dmigs pa yang yang bsgom pa'i mthar thugs yid bsre zhing /__nyal ba'i dus su de'i ngang la gnyid log pa'am/__thun las ldang na 'od dpag med rang la bstim pa'am/__mi dmigs par bzhag la/__smon lam rgyas bsdus ci rigs bya'o/__/zhes nub bla ma kun bzang chos 'phel nas gsung bskul ngor chos kyi blo gros pas bris pa'o/__/dge'o/__/bkra shis/__mang+ga laM//___//__!__'od dpag med kyi sgo nas sdig sbyong bzhugs so/__/sangs rgyas 'od dpag tu med pa'i sgo nas sdig pa sbyong zhing bde ba can gyi zhing khams su skye bar 'dod pa'i rnal 'byor pas stan bde ba la bsdad nas/__mdun gyi nam mkhar bla ma dang mgon po 'od dpag med skyabs gnas kun 'dus kyi ngo bor bzhugs par bsam la/__'gro rnams bsgral 'dod bsam pa yi/__/sangs rgyas chos dang dge 'dun la/__/byang chub snying por mchis kyi bar/__/rtag par bdag ni skyabs su mchi/__/zhes grangs ci mang dang /__bla ma mchog dang dkon mchog rin po che/__/rnam pa gsum la phyag 'tshal skyabs su mchi/__/khyed kyis bdag dang sems can thams cad kyi/__/lus ngag yid gsum byin gyis brlab tu gsol/__/byang chub mchog tu sems bskyed pa ni/__shes rab snying brtse dang bcas pas/__/brtson pas sems can don du bdag__/sangs rgyas mdun du gnas bcas te/__/rdzogs pa'i byang chub sems bskyed bgyi/__sems can thams cad kyi don du sangs rgyas thob par bya/__de'i don du 'od dpag med sgom par bgyi'o zhes lan gsum gyis sems bskyed/__rang gang du gnas pa'i 'jig rten gyi khams bde ba can gyi zhing gi bkod pa tshad med pas yongs su mdzes par byas pa'i rang gi mdun du rin po che'i khri chen po pad+ma dang zla ba'i gdan dang bcas pa'i steng na sangs rgyas 'od dpag tu med pa la phyogs bcu'i sangs rgyas dang byang chub sems dpa' thams cad kyis bskor nas mngon sum bzhin du bzhugs par gyur/__na mo b+ha ga wa te a mi ta b+hA ya zhes pas phyag 'tshal/__ji snyed su dag sogs bzang spyod nas 'byung ba'i yan lag bdun pa dang /__bcom ldan 'das de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas 'od dpag tu med pa la skyabs su mchi'o/__/sdig pa thams cad so sor bshags so/__/bsod nams thams cad la rjes su yi rang ngo /__/sangs rgyas thams cad la chos kyi 'khor lo bskor bar bskul lo/__/mya ngan las mi 'da' bar gsol ba 'debs so/__/dge ba'i rtsa ba 'dis sangs rgyas 'od dpag tu med pa'i go 'phang thob par gyur cig__/ces yan lag bdun pa rgyas pa tshar gcig dang /__bcom ldan 'das de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas 'od dpag tu med pa la phyag 'tshal lo/__/mchod do/__/skyabs su mchi'o/__/sdig pa thams cad so sor bshags/__sogs man chod gong ltar la lan gnyis bya'o/__/de nas/__bcom ldan 'das de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas 'od dpag tu med pas bdag gi sdig pa dang sgrib pa thams cad sbyong zhing bde ba can gyi 'jig rten gyi khams su skyes nas byang chub tu lung bstan pa thob par mdzad du gsol/__zhes pa lan gsum gyis gsol ba gdab/__dbugs phyir rgyu dang lhan gcig tu/__/rnam shes 'od kyi rnam pa ni/__/rang gi sna bug g.yon nas thon/__bcom ldan shangs bug g.yas su zhugs/__/rgyal ba'i thugs dang dbyer med gyur/__/rlung ni nang du 'jug pa'i tshe/__/bcom ldan 'das kyi thugs ka nas/__/'od zer shangs bug g.yon nas thon/__/rang gi sna bug g.yas nas zhugs/__/snying khar thim pa'i dmigs pa bcas/__/de ltar yang yang bskyar la 'bad/__/thun gyi mthar dbugs nang du 'jug pa dang bstun nas/__mdun gyi bcom ldan 'das rang la thim pas rang nyid kyang 'od dpag tu med par gyur pa ni rin po che'i khri pad+ma dang zla ba'i gdan gyi steng du rdo rje skyil mo krung gi bzhugs pa/__sku mdog dmar po zhal gcig phyag gnyis pa/__phyag gnyis kyi ting nge 'dzin gyi phyag rgya mdzad pa/__mtshan bzang po sum cu rtsa gnyis dang /__dpe byad bzang po brgyad cus spras shing snang la rang bzhin med pa nam mkha'i 'ja' tshon lta bur gsal bar gyur/__lha sku la dmigs pa gtad de/__oM a mi tA b+ha hrIHswA hA zhes ci nus bzla/__thun las ldang ba na/__'phags pa bzang po spyod pa'i smon lama'am/__mi nus na/__rgyal ba'i dkyil 'khor bzang zhing dga' ba der/__sogs/__der thob shog__/ces dang /__dge ba 'di yi bdag sogs sems can kun/__/tshe 'dir tshe ring nad med dam chos ldan/__/phyi ma bde ba can gyi zhing skyes nas/__/'od dpag med mgon go 'phang myur thob shog__/ces pas bsngo ba byas nas/__oM badz+ra muHzhes pas rang la bstims pa'i sangs rgyas mgon po 'od dpag med bde ba can du gshegs par bsam la/__rang gi dpral ba/__mgrin pa/__snying ga rnams su/__oM AHhU~M/__bkod pas bsrung la/__spyod lam la 'jug par bya'o/__/gnas skabs thams cad du rang 'dug pa'i gnas bde chen zhing dang /__ston pa sangs rgyas 'od dpag med yang yang yid la byed pa dang byang chub kyi sems bsgom zhing /__dge ba'i rtsa ba rnams zhing der skye ba'i rgyur bsngo bar rnams dang mi 'bral bar gal che zhing 'gro ba'i tshe rang gi mdun na sangs rgyas 'od dpag tu med pa bzhugs pa de yi phyogs su 'gro bar bsam mo/__/de ltar dad brtson drag pos the tshom med par brtson na tshe 'dir tshe ring zhing bar chad zhi ba dang /__phyi ma bde ba can gyi zhing khams su skye bar 'gyur ba ni nges pa'o/__/ces pa'ang rje btsun sa skya pa'i man ngag chos rgyal 'phags pa'i gsungs rab la gsal byed phran bus brgyan te chos kyi blo gros pas bris pa sems can la phan pa rgya chen po 'byung ba dang /__'brel tshad bde ba can du skye ba'i rgyur gyur cig__///__!bla ma la phyag 'tshal lo/__/'dir gshin po la 'pho ba 'debs mkhan ma rnyed pa'am rnyed kyang rgya brten gsol 'debs smon lam gyi tshul du 'pho ba'i dmigs rim 'don par 'dod na/__mdun mkhar yid 'phrog 'ja' 'od 'khrigs pa'i klong /__/seng khri pad+ma zla ba'i gdan steng du/__/rtsa ba'i bla ma mgon po 'od dpag med/__/skyabs gnas rgya mtsho'i tshogs kyis yongs bskor ba/__/bdag dang dmigs yul 'gro ba ma lus par/__/rjes su brtse ba'i tshul gyis bzhugs par gyur/__/de nas gsol 'debs dang mtshan brjod la/__skye 'chi bar do'i 'khrul snang ma zhig pa/__/dmigs yul tshe 'das 'di yi rnam shes ni/__/'chi med lam nas skar mda' 'pho ba bzhin/__/rje btsun bla ma'i thugs kar thim par gyur/__skyabs gnas rgya mtsho'i thugs rje'i byin rlabs dang /__/rnal 'byor bdag gi lhag bsam dag pa'i mthus/__/'khrul pa'i sems dang rje btsun bla ma'i thugs/__/gnyis med mnyam pa chen por ma bcos aH/__rgyu des las ngan sdig sgrib kun byang nas/__/'khrul snang bar do'i 'jigs skrag mi 'char bar/__/dag pa'i zhing du dge ba'i 'phro mthud de/__/myur du rdzogs pa'i sangs rgyas thob par shog__/ces pa 'di ni dus dbang gis dgos pa cung zad yod pa mthong nas rdo rje'i grogs po rnams kyi mos pa bzhin du kun dga' rgyal mtshan gyis bris pa'o/__dge'o//___//__!__aHchos rnams mi dmigs stong pa'i ngang /__/rang bzhin sprul pa'i zhing khams ni/__/pad+ma brtsegs pa'i gzhal med khang /__/rgya khyon bkod pa rab 'bar dbus/__/'od dpag med mgon sku mdog dmar/__/sprul sku'i cha byad mnyam bzhag steng /__/lhung bzed bdud rtsis gang ba bsnams/__/de mdun pad dkar zla ba'i steng /__/byang chub sems ma grags ldan ma/__/pad+ma gzhon nu'i lang tsho rgyas/__/dar dkar stod g.yogs smad dkris gsol/__/rin chen me tog rgyan phreng mdzes/__/zhabs g.yas pus slong g.yon bskum zhing /__/phyag g.yas skye lnga'i sgra dbyangs bsnams/__/g.yon pas rin chen rgyan phreng dang /__/dung gi chun 'phyangs dar dkar phyar/__/gnas gsum yig 'brus mtshan pa gsal/__/ye shes sems dpa' spyan drangs thim/__/thugs kar chu skyes dkar po'i steng /__ze'u 'brur hrIHyis mtshan par gsal/__oM AHb+ho d+hi satwa kirti kA ma la sarba sid+d+hi hU~M:zhes bzla'o/__/phyag bris las bshus/__sarba mang+ga laM//___//

Footnotes[edit]

Other Information[edit]


Debug data: