JKCL-KABUM-07-JA-011

From Khyentse Lineage - A Tsadra Foundation Project

འཁོན་ལུགས་རྡོ་རྗེ་ཕུར་པའི་བསྐང་བ་ཁྲག་འཐུང་རོལ་པའི་དགའ་སྟོན།
Wylie title 'khon lugs rdo rje phur pa'i bskang ba khrag 'thung rol pa'i dga' ston JKCL-KABUM-07-JA-011.pdf
Location chos kyi blo gros bka' 'bum
Volume 7, Text 11, Pages 285-298 (Folios 1a1 to 7b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'khon lugs rdo rje phur pa'i bskang ba khrag 'thung rol pa'i dga' ston. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 285-298. Bir, H.P.: Khyentse Labrang, 2012.
Genre Mending Rituals - bskang chog
Cycle འཁོན་ལུགས་རྡོ་རྗེ་ཕུར་པ་ ('khon lugs rdo rje phur pa)
Deity rdo rje phur pa
Colophon

།ཅེས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་བའི་རིམ་པ་ཁྲག་འཐུང་རོལ་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། མཁྱེན་རྟོགས་དང་ཐུགས་རྗེ་ཚད་མེད་པའི་མངའ་བདག་བྲག་ཡབ་གཙང་སར་མཆོག་སྤྲུལ་རིན་པོ་ཆེས་གསུང་གི་བསྐུལ་བ་མ་ལྡོག་ཙམ་དུ། ཕྲིན་ལས་གྲུབ་པའི་སྔགས་རིག་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པའི་རྨོངས་བརྟུལ་སྙོམས་ལས་པ་དེས་ལྕགས་འབྲུག་ཆུ་སྟོད་ཟླ་བ་ཕྱི་མའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོ། པ་སངས་ནམ་གྲུའི་འགྲུབ་སྦྱོར་ཉིན་སྨྲས་རིམ་བཞིན་ཡི་གེ་པ་རང་སློབ་ལྔ་རིག་སྨྲ་བ་རྣམ་རྒྱལ་བཟང་པོས་བགྱིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་དེ་འཛིན་དང་བཅས་པ་ལ་བར་དུ་གཅོད་པའི་བདུད་ཚོགས་དབྱིངས་སུ་ཞི་ཞིང་། བསྟན་པ་དེར་འཛིན་དང་བཅས་པ་ཕྱོགས་ལས་རྣམ་པར་རྒྱལ་བ་དང་། ཁྱད་པར་༧དཔལ་ས་སྐྱ་པ་ཆེན་པོའི་འཁོན་གདུང་རིན་པོ་ཆེ་དྲི་མ་མེད་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །།།

/ces dpal chen rdo rje gzhon nu'i thugs dam bskang ba'i rim pa khrag 'thung rol pa'i dga' ston ces bya ba 'di ni/__mkhyen rtogs dang thugs rje tshad med pa'i mnga' bdag brag yab gtsang sar mchog sprul rin po ches gsung gi bskul ba ma ldog tsam du/__phrin las grub pa'i sngags rig 'dzin pa 'jam dbyangs chos kyi blo gros ris med bstan pa'i rgyal mtshan du 'bod pa'i rmongs brtul snyoms las pa des lcags 'brug chu stod zla ba phyi ma'i dmar phyogs kyi rdzogs pa dang po/__pa sangs nam gru'i 'grub sbyor nyin smras rim bzhin yi ge pa rang slob lnga rig smra ba rnam rgyal bzang pos bgyis pa 'dis kyang rgyal ba'i bstan pa de 'dzin dang bcas pa la bar du gcod pa'i bdud tshogs dbyings su zhi zhing /__bstan pa der 'dzin dang bcas pa phyogs las rnam par rgyal ba dang /__khyad par 7dpal sa skya pa chen po'i 'khon gdung rin po che dri ma med pa dar zhing rgyas pa'i rgyur gyur cig__///

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །འཁོན་ལུགས་རྡོ་རྗེ་ཕུར་པའི་བསྐང་བ་ཁྲག་འཐུང་རོལ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་བཛྲ་ཀུ་མ་རཱ་ཡ། མི་ཟད་དཔལ་ཆེན་གར་དགུའི་རོལ་པའི་སྐུ། །དྲག་ཤུལ་གད་མོ་མཆོག་ཏུ་དགོད་པའི་གསུངས། །སྙིང་རྗེ་རབ་ཁྲོས་འབར་བ་ཆེན་པོའི་ཐུགས། །བླ་མ་རྡོ་རྗེ་གཞོན་ནུར་གུས་བཏུད་ནས། །དེ་མཉེས་བྱེད་པའི་ཐབས་མཆོག་བླ་མེད་པ། །ཏིང་འཛིན་མཁའ་ཁྱབ་བདེ་ཆེན་རོལ་མོ་ནི། །རྨད་བྱུང་དགྱེས་མཆོད་ངོ་མཚར་སྒྱུ་འཕྲུལ་ཅན། །བསྐང་བའི་ཆོ་ག་ཉུང་ངུར་སྤེལ་བར་བྱ། །དེ་ཡང་ཕྱི་ནང་གསང་བའི་མཆོད་པ་སྨན་རག །སྤོས་དང་། མར་མེ་སོགས་ཀྱི་ཕྲེང་བ་བརྒྱ་ཕྲག་ཚར་དུ་དངར་བ་དང་། ཐུན་མོང་དང་ཁྱད་པར་ཀྱི་མཆོད་རྟེན་སྒྲུབ་བསྐང་གི་རྫས་གྱ་ནོམ་པ་བཤམས་ལ། ཚོགས་ཀྱི་མཆོད་པའི་བསྒྲལ་བསྟབས་ཡན་ཆད་གྲུབ་ནས། བསྐང་རྫས་རྣམས་ལ་བདུད་རྩིའི་བྲན་ཏེ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་སོགས་ཀྱི་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱི་མི་ཁྱབ་པ། ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་བསྐང་རྫས་ལ་སོགས་པ། སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུ་འབྱོར་བ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན། བདེ་བའི་རྣམ་པ་ཐམས་ཅད་པ་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ཅེས་བརྗོད་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་རླབས། བཛྲ་སྥ་ར་ཎ་ཁཾ་གིས་རྒྱས་པར་སྤེལ། རོལ་མོའི་སྦྱོར་བ་སྣ་ཚོགས་དང་། སྙན་པའི་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱིཿའཇིགས་རུང་དུར་ཁྲོད་རོལ་པའི་གཞལ་མེད་ཁང་། །བཀོད་པ་ཚད་མེད་ལོངས་སྤྱོད་རྫོགས་པའི་དབུས། །པདྨ་ཉི་ཟླ་དྲེགས་པ་ལྷ་ཆེན་དང་། །ཕྱོགས་སྐྱོང་ཕོ་མོ་ཁ་སྦུབས་བསྣོལ་བའི་སྟེང་། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །ཡབ་ཡུམ་སྲས་འཁོར་སྤྲུལ་པ་བཅས་རྣམས་གཤེགས། །འོག་མིན་རྣམ་དག་མཚན་རྫོགས་སྤྲུལ་པའི་ཞིང་། །རྡོ་རྗེ་འཆང་ཆེན་རིགས་ལྔ་ཡབ་ཡུམ་སོགས། །དགོངས་བརྡའ་སྙན་བརྒྱུད་རིག་འཛིན་གྲུབ་པ་རྣམས། །སྒྱུ་འཕྲུལ་རྡོ་རྗེའི་གར་སྟབས་ཅིར་ཡང་བསྒྱུར། །ཕོ་བྲང་གཞལ་ཡས་སྟེང་གི་ནམ་མཁར་བཞུགས། །གཞན་ཡང་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷ། །ཞི་དང་ཁྲོ་བོའི་ལྷ་ཚོགས་བསམ་ཡས་དང་། །ཞིང་སྐྱེས་སྔགས་སྐྱེས་ལྷན་གཅིག་སྐྱེས་པ་ཡི། །གནས་ཡུལ་དཔའ་བོ་མཁའ་འགྲོ་རྒྱ་མཚོ་དང་། །ཕོ་རྒྱུད་མོ་རྒྱུད་གཉིས་མེད་དྲེགས་པའི་རྒྱུད། །ཆོས་སྐྱོང་གུར་མགོན་ལྕམ་བྲལ་ལ་སོགས་པའི། །དམ་ཅན་རྒྱ་མཚོ་ནོར་ལྷ་གཏེར་བདག་སོགས། །མཆོད་བསྐང་སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས། །རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ། ཧཱུྃ་ཧྲཱིཿབདེ་སྟོང་ངང་ལས་རྒྱལ་ཀུན་བསྐྱེད་པའི་གཞི། །རབ་འབྱམས་དཀྱིལ་འཁོར་སྤྲོ་དང་བསྡུ་པའི་གར། །འཁོར་འདས་སྲིད་ཞི་ཀུན་གྱི་སྤྱི་མེས་ཆེ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་། །བརྟན་གཡོའི་དངོས་པོ་ཀུན་གྱི་དེ་ཉིད་དཔལ། །མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་བདག །ཁ་སྦྱོར་བདུན་ལྡན་རྟག་ཁྱབ་ལྷུན་གྱིས་གྲུབ། །ལོངས་སྐུ་རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་། །རྒྱལ་ཀུན་སོ་སོར་རྟོག་པའི་ཡེ་ཤེས་གར། །ཆགས་མེད་པདྨ་རིགས་ཀྱི་རྣམ་རོལ་ཆེ། །རིག་འཛིན་གྲུབ་པ་ཡོངས་ཀྱི་རྒྱན་གཅིག་པུ། །སྤྲུལ་སྐུ་པདྨ་འབྱུང་གནས༴ །པདྨའི་ཐུགས་སྲས་རིག་འཛིན་གྲུབ་པའི་རྗེ། །པྲ་ཆེན་ཧསྟི་དྷ་ན་སཾ་ཀྲི་ཏ། །དྷ་ན་ཨུ་པ་བློ་ལྡན་མཆོག་སྲིད་རྩལ། །བི་མ་མུ་ཏྲ་ཤྲཱི་ལ་མཉྫུ་དང་། །རྡོ་རྗེ་བདུད་འཇོམས་ཤུད་བུ་དཔལ་གྱི་སེང་། །ཤཱཀྱ་པྲ་བྷ་མཁར་ཆེན་གཟའ་མཚོ་རྒྱལ། །དཔལ་གྱི་དབང་ཕྱུག་ཀླུ་དབང་སྐུ་མཆེད་དང་། །གོང་མ་རྣམ་ལྔ་བསོད་ནམས་རྒྱལ་མཚན་ཞབས། །ས་སྐྱ་ལོ་ཙཱ་སྔགས་འཆང་ཆེན་པོ་སོགས། །འཁོན་སྟོན་རིག་འཛིན་བརྒྱུད་པའི་ཚོགས་རྣམས་དང་། །ལང་ལབ་བྱང་ཆུབ་རྡོ་རྗེ་ལ་སོགས་པའི། །སྲིད་པ་རྡོ་རྗེ་ཕུར་བུ་གྲུབ་པ་ཡི། །སངས་རྒྱས་ཀུན་གྱི་གདུང་འཆབ་བླ་མའི་ཚོགས། །རྡོ་རྗེའི་གྲུབ་རིག་འཛིན་པ་ཐམས་ཅད་ཀྱི། །ཐུགས་དམ་གཉེན་པོ་བདག་གིས་དགྱེས་པར་བསྐང་། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཏུ་གསོལ། ཧཱུྃ་ཧྲཱིཿདུས་གསུམ་རྒྱལ་བའི་ཐུགས་རྗེ་འདུས་པའི་དཔལ། །མི་བཟད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །ཡུམ་ཆེན་ཁྲོ་མོ་འཁོར་ལོ་རྒྱས་འདེབས་མ། །ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པའི་ལྷ། །ཕུང་ཁམས་སྐྱེ་མཆེད་དབང་ཤེས་དག་པའི་བདག །རྟོག་བཅས་ཉོན་མོངས་རྟོག་མེད་དབྱིངས་སུ་བསྒྲལ། །ཕུང་པོ་དག་མཉམ་མི་ཕྱེད་རྡོ་རྗེའི་གྲོངས། །རྣམ་ཤེས་དག་པ་ཡེ་ཤེས་རྡོ་རྗེའི་ལྷ། །ཡབ་ཡུམ་གཉིས་སུ་མེད་ཅིང་ཅིར་ཡང་འཕྲོ། །བདག་ཉིད་རྩ་བའི་དཀྱིལ་འཁོར་ཐུགས་དམ༴ །རྡོ་རྗེ་ཁྲག་འཐུང་དཔལ་ཆེན་ཡབ་ཡུམ་གྱི། །རུ་ཏྲ་བསྒྲལ་བའི་རྣམ་ཤེས་དག་བྱེད་ནི། །ཐབས་ཤེས་སྦྱོར་ལས་ཕྱོགས་བཅུའི་གདོན་ཚོགས་བཅུ། །གདུག་པའི་འཁོར་ཚོགས་འདུལ་ཕྱིར་སྤྲུལ་པའི་གར། །བུདྡྷ་བཛྲ་རཏྣ་པདྨ་དང་། །ཀརྨ་རིགས་ཀྱི་རིག་འཛིན་ཁྲོ་བོ་བཅུ། །སྐྱེ་མེད་ངང་ནས་སྐྱེ་བའི་རོལ་པར་ཤར། །ཆོས་ཅན་སྲིད་པ་ཀུན་རྫོབ་ཕུར་པར་སྒྲུབ། །ཞི་ལ་གནས་པའི་རང་བཞིན་ཐམས་ཅད་ཀྱང་། །ཡེ་ཤེས་ཁྲོ་བོའི་དཀྱིལ་འཁོར་གྲུབ་པའི་ཕྱིར། །ཐུགས་རྗེ་འགགས་མེད་ཆོ་འཕྲུལ་སྤྲིན་ཆེན་པོས། །སྟོང་དང་སྙིང་རྗེའི་རྩལ་ཤུགས་ཁྲོས་པ་དང་། །ཉོན་མོངས་རྣམ་རྟོག་མི་གནས་རང་བཞིན་ཁོ། །གདུལ་བྱའི་དབང་གི་སྐུ་གསུང་ཐུགས་ཁྲོས་པས། །བྱང་སེམས་རྒྱུ་ཡི་ཁྲོ་བཅུའི་ཐུགས༴ །བསྐྱེད་པ་ཡེ་ཤེས་ཁྲོ་བཅུའི༴ །གསུང་གི་ཁྲོ་བོ་བཅུ་ཡི༴ །ཡེ་ཤེས་རྩེ་གཅིག་ཁྲོ་བཅུའི་ཐུགས་དམ་བསྐང་། །སྟོབས་བཅུའི་ཡེ་ཤེས་ཆེན་པོ་ལ་དབང་ཞིང་། །ཕ་རོལ་ཕྱིན་པ་བཅུ་རྣམས་རབ་ཏུ་སྒྲུབ། །མི་དགེ་བཅུ་དག་ཕྱོགས་སྐྱོང་བཅུ་འདུལ་བའི། །བདུད་འདུལ་ཁྲོ་བོ་བཅུ་ཡི་ཐུགས༴ །ཁྲོ་ཆེན་ཧཱུྃ་ཀ་ར་དང་སྒྲ་འབྱིན་མ། །ཟ་བྱེད་སུ་ཀཱ་གསོད་བྱེད་ཨི་ཥུ་པ། །ཁྲོ་ཆེན་རྣམ་རྒྱལ་ཡུམ་ཆེན་སྒེག་མོ་དང་། །ཟ་བྱེད་བྷེ་ཏྲི་གསོད་བྱེད་གྲྀཌྷྲ་མ། །ཁྲོ་ཆེན་དབྱུག་སྔོན་རྡོ་རྗེ་སྡེར་མོ་དང་། །ཟ་གསོད་གཡག་དང་བྱ་རོག་མགོ་བོ་ཅན། །གཤིན་རྗེ་མཐར་བྱེད་དུར་ཁྲོད་བདག་མོ་དང་། །སྤྲུལ་པ་ཟ་གསོད་ཤ་བ་འུག་པའི་མགོ། མི་གཡོ་མགོན་པོ་ལྷ་མོ་གཏུན་ཁུང་མ། །ཟ་གསོད་གཟིག་དང་ཁཱ་ཏའི་མགོ་བོ་ཅན། །ཁྲོ་བོ་རྟ་མགྲིན་ཁྲོ་མོ་གཏུམ་མོ་དང་། །སྤྲུལ་པའི་ཕྲ་མེན་བྱི་ལ་པུ་ཤུད་མགོ། གཞན་གྱི་མི་ཐུབ་ཁྲོ་མོ་མདའ་སྙེམས་མ། །སྲི་ལ་མུ་ཁ་པཉྫི་ར་མུ་ཁེ། །ཁྲོ་ཆེན་བདུད་རྩི་འཁྱིལ་དང་སྒྲ་མཛད་མ། །བཛྲ་སིདྷ་ཏི་ཏི་ལ་མུ་ཁེ། །འཇིག་རྟེན་གསུམ་རྒྱལ་ལྷ་མོ་གསོད་བྱེད་མ། །ཟ་གསོད་སྤྲུལ་པ་དྲེད་དང་སྲེ་མོང་མགོ། སྟོབས་པོ་ཆེ་དང་ལྷ་མོ་རིག་བྱེད་མ། །སྤྲུལ་པ་ཕྲ་མེན་དོམ་དང་བྱི་བའི་མགོ། ཁྲོ་ཆེན་ཡབ་ཡུམ་འཁོར་བཅས༴ །སྙིང་རྗེའི་ངོ་བོ་འགུགས་བྱེད་པུ་ཤུད་མ། །བྱམས་པའི་རང་བཞིན་འཆིང་བྱེད་བྱ་རོག་མགོ། དགའ་བ་ཚད་མེད་སྡོམ་བྱེད་སྲིན་བྱའི་མགོ། བཏང་སྙོམས་རང་བཞིན་མྱོས་བྱེད་ཁྲ་ཡི་མགོ། །སྒོ་སྐྱོང་ཁྲོ་མོ་བཞི་ཡི༴ །ཤྭ་ན་མུ་ཁ་མཐིང་ནག་ལྕགས་སྤྱང་ཞོན། །ཤྲི་ཀ་མུ་ཁ་སེར་ནག་འཕར་བ་ཆིབ། །པྲྀ་ལ་མུ་ཁ་ཟང་གྱི་ཝ་མོ་ཞོན། །ཤྭ་ན་མུ་ཁ་གཡུ་ཡི་ཁྱི་མོ་ཆིབ། །རེ་ཏི་མཐིང་ནག་དྲིལ་རྟ་རྐང་གསུམ་རྒྱུག །རེ་མ་ཛ་ནི་ཤ་བ་ཡུ་མོ་ཆིབ། །རི་ཏྲི་ཆུ་གླང་རེ་ཛུ་རྔ་མོ་ཞོན། །རྡོ་རྗེ་ཡ་བྱིན་གཡུ་འབྲུག་ལ་ཆིབ་ཤིང་། །རྡོ་རྗེ་དེ་བྱིན་ཆུ་སྲིན་པིར་ལ་ཞོན། །རྡོ་རྗེ་བསེ་བྱིན་གློག་དམར་འཁྱུགས་པ་ཆིབ། །རྡོ་རྗེ་ཕག་བྱིན་ཆུ་རྟ་སྔོན་པོ་ཞོན། །དམ་ཅན་ཕུར་སྲུང་བཅུ་གཉིས༴ །པྲ་མ་རཱ་ཛ་ཡ་མ་རཱ་ཛ་དང་། །དེ་ཤ་གྲིབ་པཀྵ་གྲི་བ་སྟེ། །ཤྭ་ན་མ་བཞིའི་མིང་པོའི༴ །དཀར་པོ་མཆེ་འཛིན་སྔོན་པོ་བེ་ཅོན་འཛིན། །དམར་ནག་ཞགས་འཛིན་ལྗང་ནག་རལ་གྲི་འཛིན། །མིང་པོ་བདུད་ཆེན་བཞི་ཡི༴ །སྲིན་པོ་གཤིན་རྗེ་བདུད་དང་གནོད་སྦྱིན་སྡེ། །ས་བདག་མིང་པོ་གྱད་བཞིའི༴ །དཔལ་ཆེན་བཀའ་ཡི་ཕ་འབབ་ལ་དབང་བའི། །དབང་ཕྱུག་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། །མ་བདུན་སྲིང་བཞི་གིང་ལང་འབར་མ་སོགས། །དཔལ་གྱི་བཀའ་སྡོད་འཁོར་བཅས༴ །བདག་ཉིད་ཐུགས་ལས་སྤྲུལ་པའི་སྲས་མཆོག་ནི། །དཀྱིལ་འཁོར་ཡོངས་རྫོགས་འདུས་པའི་རྫོངས་ཆེན་པོ། །རྫས་གྱི་ཕུར་པ་ཁམས་གསུམ་སྒྲོལ་བྱེད་དེ། །སྤྲུལ་པའི་སྲས་མཆོག་རིགས་ལྔའི༴ །བདུད་འདུལ་དབང་ཕྱུག་བསྟན་སྲུང་རྡོ་རྗེ་གུར། །ལྕམ་དྲལ་བྲན་གཡོགས་བཀའ་སྡོད་འཁོར་བཅས་དང་། །དཀར་མོ་ཉི་ཟླ་བདུད་རྒྱལ་ཐོད་འཕྲེང་སོགས། །རྒྱུད་གསུམ་དྲེགས་པ་ཡོངས་ཀྱི༴ །ཧཱུྃ། ཁྱེད་རྣམས་ཐུགས་དམ་བསྐང་བའི་དམ་རྫས་ནི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ལྷ་རྫས་ཕྱི་ཡི་མཆོད་པས༴ །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔ། །སྲབ་འཇམ་ཡངས་པའི་དར་གྱི་ན་བཟའ་སོགས། །མཁའ་ཁྱབ་ཀུན་བཟང་མཆོད་པས༴ །དགྲ་བགེགས་བསྒྲལ་བའི་ཁྲག་གི་སྦུ་ཕྲེང་གཡོ། །དབང་པོ་རྣམ་ལྔའི་མེ་ཏོག་རྣམ་པར་བཀྲ། །ཚིལ་ཆེན་བདུག་སྤོས་དུད་སྤྲིན་འཁོར་ཡུག་ཁྱབ། །ཞུ་ཆེན་རྐང་དམར་གསལ་བའི་སྒྲོན་མེ་དང་། །རང་བྱུང་མཁྲིས་པའི་དྲི་བསུང་བྱུག་པས་བགོ། ཤ་ཁྲག་རུས་པའི་ཞལ་ཟས་རི་དང་མཉམ། །དྲག་པོའི་རོལ་མོ་ས་གསུམ་འདར་ཞིང་གཡོ། །ཞིང་གི་བླ་བྲེ་རྒྱུ་མའི་ལྡ་ལྡིས་བརྒྱན། །ཙིཏྟའི་ཏོག་དང་མི་མགོའི་ཁ་བད་འཕྱངས། །རྐང་ལག་ཤར་བུ་རྩིབས་མའི་མདའ་ཡབ་སོགས། །དུར་ཁྲོད་དྲག་པོའི་གཞལ་མེད་ཁང་ཆེན་པོས། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་གཉེན་པོ་བསྐང་། །སྣོད་ཀྱི་འཇིག་རྟེན་གཏོར་གཞོང་ཡངས་པ་རུ། །བཅུད་ཀྱི་སེམས་ཅན་གཏོར་མར་རབ་སྦྱར་བའི། །དམ་རྫས་གཏོར་ཆེན་འདོད་ཡོན་ལྔ་འཕྲོ་བས། །དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས༴ །རང་བྱུང་ཀཱ་པ་ལ་ཡི་སྣོད་མཆོག་ཏུ། །ལྕགས་ཀྱུ་ལྔ་དང་སྒྲོན་མ་རྣམ་ལྔ་དང་། །རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་མཆོད་འདིས། །དཀྱིལ་འཁོར་གསུམ་གྱི་ལྷ༴ལྕང་ལོ་བཅས་པའི་བྷནྦྷ་ཡང་པ་རུ། །ཁམས་གསུམ་བསྒྲལ་བའི་དམར་ཆེན་རཀྟའི་མཚོ། །ཆགས་པའི་སྦུ་ཕྲེང་ཕྱོགས་བཅུར་གཡོ་བ་ཡིས། །དཀྱིལ་འཁོར་གསུམ་གྱི༴ །རྡོ་རྗེ་ཨ་ར་ལི་ཡི་སྦྱོར་བ་ཡི། །གཉིས་མེད་མཉམ་པ་ཆེན་པོར་སྙོམས་འཇུག་པས། །ས་ཧཾ་བདུད་རྩིའི་འབར་འཛག་སྤྲིན་ཆེན་པོས། །དཀྱིལ་འཁོར་གསུམ་གྱི༴ །གདུག་པའི་དགྲ་བགེགས་ཚོགས་རྣམས་བཀུག་བྱས་ཏེ། །ཡབ་ཡུམ་མཁའ་གསང་རྡོ་རྗེའི་ཐོ་གཏུན་གྱིས། །བརྡུང་ཞིང་བྱང་སེམས་མེས་བསྲེག་ཞལ་དུ་སྟབས། །དཀྱིལ་འཁོར་གསུམ་གྱི༴ །མཆོད་བྱ་མཆོད་བྱེད་མཆོད་ཡུལ་མི་དམིགས་ཤིང་། །འཁོར་གསུམ་སྤྲོས་པའི་མཚན་མ་ལས་འདས་པ། །རང་བཞིན་འོད་གསལ་རྫོགས་པ་ཆེན་པོ་ཡི། །བླ་མེད་མཆོག་གི་མཆོད་པས༴ །རང་སེམས་གདོད་ནས་དག་པ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་ལས་འདས་པ། །གནས་པ་གཞི་ཡི་རྡོ་རྗེ་གཞོན་ནུ་ཡི། །ཐུགས་དམ་ལྟ་བ་བློ་འདས་ངང་དུ་བསྐང་། །འཁོར་འདས་ཐིག་ལེ་གཅིག་གི་རང་བཞིན་དུ། །མ་རྟོགས་འགྲོ་ལ་སྙིང་རྗེས་བསྐྱེད་རྫོགས་བསྒོམ། །བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ་ནི། །སྒོམ་པ་ཡེངས་མེད་ཆེན་པོའི་ངང་དུ་བསྐང་། །ངོ་བོ་ཀུན་ཁྱབ་རོལ་པ་ཆོས་ཉིད་ཐིམ། །དག་པ་གཉིས་ལྡན་སྐུ་ལྔ་ལྷུན་གྱིས་གྲུབ། །གྲུབ་པའི་འབྲས་བུའི་རྡོ་རྗེ་གཞོན་ནུ་ནི། །སྤངས་ཐོབ་བྲལ་བའི་དབྱིངས་སུ༴ །སྣང་སྲིད་སྲིད་པ་ཕུར་བུའི་དཀྱིལ་འཁོར་དུ། །ཡོངས་གྲུབ་ཆེན་པོའི་སྐྱེད་རིམ་ལ་གོམ་པའི༴ །སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངོ་བོ་ཤར། །དག་པ་རབ་འབྱམས་ཆེན་པོའི༴ །ཡེ་ནས་རང་བྱུང་རྡོ་རྗེ་ཕུང་པོ་ལ། །སངས་རྒྱས་རོལ་མོ་བསམ་ཡས་དཀྱིལ་འཁོར་རྫོགས། །ཤིན་ཏུ་ཕྲ་ཤིང་བརྟགས་པར་དཀའ་བ་ཡི། །དམིགས་མེད་གསང་བའི་དཀྱིལ་འཁོར་གཉེན་པོ་བསྐང་། །རྩ་གསུམ་འཁོར་ལོ་ལྔ་ཡི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་གྱི་ཡེ་ཤེས་རིགས་ལྔ་ཆེ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས་ཤར་བ། །གཏུམ་མོ་བདེ་སྟོང་མཆོད་པས༴ །ལྷག་པ་བྱང་ཆུབ་སེམས་ཀྱི་ཕུར་པ་ནི། །ཡུམ་ལྔའི་བདེ་ཆེན་མཁའ་ཀློང་ཡངས་པར་གདབ། །བདེ་བ་དངོས་མེད་ཤིན་ཏུ་རྣམ་དག་པ། །ལྷན་སྐྱེས་ཡེ་ཤེས་འབར་བས་ཐུགས་དམ་བསྐང་། །མཚན་མའི་རྣམ་པར་རྟག་པ་ཡེ་ནས་དག །རང་བཞིན་འོད་གསལ་སྣང་བཞིའི་རྩལ་རྫོགས་ཤིང་། །དབྱིངས་རིག་མངོན་གྱུར་རྡོ་རྗེ་གཞོན་ནུར་སྣང་། །སྐུ་གསུམ་ལྷུན་རྫོགས་ཆེན་པོའི་ཀླང་དུ་བསྐང་། །གཞན་ཡང་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས། །མ་ལུས་ལུས་པ་མེད་པའི་དཀྱིལ་འཁོར་ཚོགས། །ཐུགས་དམ་བསྐང་ཞིང་བདག་ཅག་ཕུར་པ་ཡི། །རིག་འཛིན་སྒྲུབ་པོ་རྣམས་ཀྱི་དབང་བསྐུར་དུས། །ཁས་བླངས་འདའ་དཀའི་དམ་ཚིག་རྣམ་གྲངས་ནི། །གསང་གསུམ་དམ་ཚིག་ཉེར་བདུན་རྩ་བ་ལྔ། །ཤེས་བྱ་ལྔ་དང་མི་སྤངས་དང་བླང་ལྔ། །སྒྲུབ་དང་སྤྱད་བྱའི་དམ་ཚིག་ཉི་ཤུ་ལྔ། །གསང་བ་བཅུ་དང་རྩ་ལྟུང་བཅུ་གཉིས་དང་། །རིགས་ལྔའི་སྡོམ་པ་བརྟུལ་ཞུགས་ཉེར་ལྔ་དང་། །ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་ལ་སོགས། །དབང་བཞིའི་མཉམ་བཞག་རྗེས་སྤྱོད་དམ་ཚིག་གི། སྔགས་ཀྱི་འདུལ་བའི་དམ་སྡོམ་འགལ་བ་དང་། །གཞན་ཡང་སོ་སོར་ཐར་པའི་འདུལ་བ་དང་། །ཐེག་ཆེན་བྱང་སེམས་བསླབ་ལས་འགལ་བ་སོགས། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །སྡིག་ལྟུང་གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས། །མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི། །བཤགས་སོ་བཤགས་སོ་ཡི་དམ་ལྷ་ལ་བཤགས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་བཟོད་པར་བཞེས། །དུས་གསུམ་ཀུན་ཏུ་སྒྲིབ་པར་མི་འགྱུར་བའི། །ཡེ་ཤེས་མཆོག་གི་ཚང་པར་སྩལ་དུ་གསོལ། ཧཱུྃ། དེ་ལྟར་བསྐང་ཤིང་བཤགས་པའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ལ། །སྡང་བྱེད་དགྲ་དང་གནོད་བྱེད་བགེགས་རྣམས་ཐུལ། །འཁོར་སྲུང་སྐྱེན་ཐུལ་བྱད་ཁ་རྦོད་གཏོང་བཟློག །ཚེ་བསོད་དཔལ་འབྱོར་འཁོར་སློབ་འདུ་བ་རྒྱས། །སངས་རྒྱས་བསྟན་པ་རིན་ཆེན་འཕེལ་བ་དང་། །བསྟན་འཛིན་སྐྱེས་བུ་ཞབས་པད་རབ་བརྟན་ཞིང་། །བསྟན་པའི་སྦྱིན་བདག་མངའ་ཐང་རབ་ཏུ་རྒྱས། །འདུས་པའི་སྡེ་ཚོགས་ཁྲིམས་གཙང་ཐུགས་མཐུན་འཕེལ། །བཤད་དང་སྒྲུབ་པའི་བྱ་བས་དུས་འདའ་ཞིང་། །བསླབ་གསུམ་ཡོན་ཏན་དཔལ་གྱི་འབྱོར་བར་མཛོད། །ས་གསུམ་འགྲོ་བ་མཐའ་དག་དབང་དུ་འདུས། །ཁྱད་པར་ལོག་པར་སེམས་པའི་དགྲ་དང་བགེགས། །ཉམས་པ་བདུན་དང་ཞིང་བཅུ་ཚང་བ་རྣམས། །སྙིང་རྗེའི་མཚོན་ཆེན་ཕུར་བུའི་སྒྲོལ་བ་ཡི། །ཀུན་གཞི་རྩད་གཅོད་དྲག་པོའི་མཚོན་ཆེན་གྱིས། །འཚེང་བ་གསུམ་ལྡན་མངོན་སྤྱོད་ཟབ་མོ་ཡི། །བསྒྲལ་བའི་དམ་ཚིག་ཆེན་པོས་མཐར་ཕྱིན་མཛོད། །ཕུར་བུ་རྣམ་བཞིའི་ལྟ་སྒོམ་གདིང་དང་ལྡན། །མཐར་འབྱིན་རྣམ་བཞིའི་རྩལ་ཆེན་རྫོགས་པ་དང་། །སྲིད་ཞིར་མི་གནས་བཛྲ་ཀུ་མ་རྭའི། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཤོག །ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་སྐུ། །བཞད་པའི་ང་རོ་འབྲུག་སྟོང་སྒྲོགས་པའི་གསུང་། །སྙིང་རྗེ་རབ་རྔམ་མཁའ་དབྱིངས་ཟབ་པའི་ཐུགས། །དཔལ་ཆེན་སྐུ་གསུང་ཐུགས་མཆོག་འགྲུབ་པར་ཤོག །དེ་ནས་ཚོགས་གྲངས་བསོགས་བྱ་བའམ་ཚོགས་རོལ་སོགས་ཕྱག་ལེན་སྐབས་བསྟུན་གང་ཡིན་དེ་ལ་འཇུག་གོ། འདི་བྲིས་དགེ་བས་སེམས་ཅན་རྣམས། །བདུད་བཞི་བཅོམ་ཤིང་བྱང་ཆུབ་ཀྱི། །གོ་འཕང་དམ་པར་མངོན་གྱུར་ནས། །སྲིད་གསུམ་འགྲོ་རྣམས་སྒྲོལ་བར་ཤོག །ཅེས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་བའི་རིམ་པ་ཁྲག་འཐུང་རོལ་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། མཁྱེན་རྟོགས་དང་ཐུགས་རྗེ་ཚད་མེད་པའི་མངའ་བདག་བྲག་ཡབ་གཙང་སར་མཆོག་སྤྲུལ་རིན་པོ་ཆེས་གསུང་གི་བསྐུལ་བ་མ་ལྡོག་ཙམ་དུ། ཕྲིན་ལས་གྲུབ་པའི་སྔགས་རིག་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པའི་རྨོངས་བརྟུལ་སྙོམས་ལས་པ་དེས་ལྕགས་འབྲུག་ཆུ་སྟོད་ཟླ་བ་ཕྱི་མའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོ། པ་སངས་ནམ་གྲུའི་འགྲུབ་སྦྱོར་ཉིན་སྨྲས་རིམ་བཞིན་ཡི་གེ་པ་རང་སློབ་ལྔ་རིག་སྨྲ་བ་རྣམ་རྒྱལ་བཟང་པོས་བགྱིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་དེ་འཛིན་དང་བཅས་པ་ལ་བར་དུ་གཅོད་པའི་བདུད་ཚོགས་དབྱིངས་སུ་ཞི་ཞིང་། བསྟན་པ་དེར་འཛིན་དང་བཅས་པ་ཕྱོགས་ལས་རྣམ་པར་རྒྱལ་བ་དང་། ཁྱད་པར་༧དཔལ་ས་སྐྱ་པ་ཆེན་པོའི་འཁོན་གདུང་རིན་པོ་ཆེ་དྲི་མ་མེད་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །།།
[edit]

@#/__/'khon lugs rdo rje phur pa'i bskang ba khrag 'thung rol pa'i dga' ston ces bya ba bzhugs so/__/ na maHshrI badz+ra ku ma rA ya/__mi zad dpal chen gar dgu'i rol pa'i sku/__/drag shul gad mo mchog tu dgod pa'i gsungs/__/snying rje rab khros 'bar ba chen po'i thugs/__/bla ma rdo rje gzhon nur gus btud nas/__/de mnyes byed pa'i thabs mchog bla med pa/__/ting 'dzin mkha' khyab bde chen rol mo ni/__/rmad byung dgyes mchod ngo mtshar sgyu 'phrul can/__/bskang ba'i cho ga nyung ngur spel bar bya/__/de yang phyi nang gsang ba'i mchod pa sman rag__/spos dang /__mar me sogs kyi phreng ba brgya phrag tshar du dngar ba dang /__thun mong dang khyad par kyi mchod rten sgrub bskang gi rdzas gya nom pa bshams la/__tshogs kyi mchod pa'i bsgral bstabs yan chad grub nas/__bskang rdzas rnams la bdud rtsi'i bran te/__oM badz+ra kro d+ha a mr-i ta sogs kyi bsangs/__swA b+hA was sbyangs/__stong pa'i ngang las gnas khang dur khrod drag po'i zhing khams bsam gyi mi khyab pa/__phyi nang gsang ba'i mchod pa spyan gzigs mthun rdzas rten rdzas bskang rdzas la sogs pa/__srid zhi'i 'dod yon gyi rnam pa mkho dgu tshang ba/__bzang dgu 'byor ba/__mdzes dgus brgyan pa/__ngo bo ye shes sgyu ma'i rang bzhin/__bde ba'i rnam pa thams cad pa 'char bas nam mkha'i khams gang bar gyur/__ces brjod la nam mkha' mdzod kyi sngags rgya lan gsum gyis byin gyis rlabs/__badz+ra s+pha ra Na khaM gis rgyas par spel/__rol mo'i sbyor ba sna tshogs dang /__snyan pa'i dbyangs dang bcas te/__hU~M hrIH'jigs rung dur khrod rol pa'i gzhal med khang /__/bkod pa tshad med longs spyod rdzogs pa'i dbus/__/pad+ma nyi zla dregs pa lha chen dang /__/phyogs skyong pho mo kha sbubs bsnol ba'i steng /__/bcom ldan dpal chen rdo rje gzhon nu ni/__/yab yum sras 'khor sprul pa bcas rnams gshegs/__/'og min rnam dag mtshan rdzogs sprul pa'i zhing /__/rdo rje 'chang chen rigs lnga yab yum sogs/__/dgongs brda' snyan brgyud rig 'dzin grub pa rnams/__/sgyu 'phrul rdo rje'i gar stabs cir yang bsgyur/__/pho brang gzhal yas steng gi nam mkhar bzhugs/__/gzhan yang rgyud sde bzhi yi dkyil 'khor lha/__/zhi dang khro bo'i lha tshogs bsam yas dang /__/zhing skyes sngags skyes lhan gcig skyes pa yi/__/gnas yul dpa' bo mkha' 'gro rgya mtsho dang /__/pho rgyud mo rgyud gnyis med dregs pa'i rgyud/__/chos skyong gur mgon lcam bral la sogs pa'i/__/dam can rgya mtsho nor lha gter bdag sogs/__/mchod bskang sgrub pa'i gnas 'dir spyan 'dren gshegs/__/rang rang dgyes pa'i gdan la bzhugs su gsol/__hU~M hrIHbde stong ngang las rgyal kun bskyed pa'i gzhi/__/rab 'byams dkyil 'khor spro dang bsdu pa'i gar/__/'khor 'das srid zhi kun gyi spyi mes che/__/chos sku kun bzang yab yum thugs dam bskang /__/brtan g.yo'i dngos po kun gyi de nyid dpal/__/mchog tu mi 'gyur bde chen rdo rje'i bdag__/kha sbyor bdun ldan rtag khyab lhun gyis grub/__/longs sku rdo rje sems dpa'i thugs dam bskang /__/rgyal kun so sor rtog pa'i ye shes gar/__/chags med pad+ma rigs kyi rnam rol che/__/rig 'dzin grub pa yongs kyi rgyan gcig pu/__/sprul sku pad+ma 'byung gnas=__/pad+ma'i thugs sras rig 'dzin grub pa'i rje/__/pra chen hasti d+ha na saM kri ta/__/d+ha na u pa blo ldan mchog srid rtsal/__/bi ma mu tra shrI la many+dzu dang /__/rdo rje bdud 'joms shud bu dpal gyi seng /__/shAkya pra b+ha mkhar chen gza' mtsho rgyal/__/dpal gyi dbang phyug klu dbang sku mched dang /__/gong ma rnam lnga bsod nams rgyal mtshan zhabs/__/sa skya lo tsA sngags 'chang chen po sogs/__/'khon ston rig 'dzin brgyud pa'i tshogs rnams dang /__/lang lab byang chub rdo rje la sogs pa'i/__/srid pa rdo rje phur bu grub pa yi/__/sangs rgyas kun gyi gdung 'chab bla ma'i tshogs/__/rdo rje'i grub rig 'dzin pa thams cad kyi/__/thugs dam gnyen po bdag gis dgyes par bskang /__/sku gsung thugs kyi byin gyis brlabs tu gsol/__hU~M hrIHdus gsum rgyal ba'i thugs rje 'dus pa'i dpal/__/mi bzad dpal chen rdo rje gzhon nu'i sku/__/yum chen khro mo 'khor lo rgyas 'debs ma/__/yab yum thabs dang shes rab rol pa'i lha/__/phung khams skye mched dbang shes dag pa'i bdag__/rtog bcas nyon mongs rtog med dbyings su bsgral/__/phung po dag mnyam mi phyed rdo rje'i grongs/__/rnam shes dag pa ye shes rdo rje'i lha/__/yab yum gnyis su med cing cir yang 'phro/__/bdag nyid rtsa ba'i dkyil 'khor thugs dam=__/rdo rje khrag 'thung dpal chen yab yum gyi/__/ru tra bsgral ba'i rnam shes dag byed ni/__/thabs shes sbyor las phyogs bcu'i gdon tshogs bcu/__/gdug pa'i 'khor tshogs 'dul phyir sprul pa'i gar/__/bud+d+ha badz+ra rat+na pad+ma dang /__/karma rigs kyi rig 'dzin khro bo bcu/__/skye med ngang nas skye ba'i rol par shar/__/chos can srid pa kun rdzob phur par sgrub/__/zhi la gnas pa'i rang bzhin thams cad kyang /__/ye shes khro bo'i dkyil 'khor grub pa'i phyir/__/thugs rje 'gags med cho 'phrul sprin chen pos/__/stong dang snying rje'i rtsal shugs khros pa dang /__/nyon mongs rnam rtog mi gnas rang bzhin kho/__/gdul bya'i dbang gi sku gsung thugs khros pas/__/byang sems rgyu yi khro bcu'i thugs=__/bskyed pa ye shes khro bcu'i=__/gsung gi khro bo bcu yi=__/ye shes rtse gcig khro bcu'i thugs dam bskang /__/stobs bcu'i ye shes chen po la dbang zhing /__/pha rol phyin pa bcu rnams rab tu sgrub/__/mi dge bcu dag phyogs skyong bcu 'dul ba'i/__/bdud 'dul khro bo bcu yi thugs=__/khro chen hU~M ka ra dang sgra 'byin ma/__/za byed su kA gsod byed i Shu pa/__/khro chen rnam rgyal yum chen sgeg mo dang /__/za byed b+he tri gsod byed gr-iD+h+ra ma/__/khro chen dbyug sngon rdo rje sder mo dang /__/za gsod g.yag dang bya rog mgo bo can/__/gshin rje mthar byed dur khrod bdag mo dang /__/sprul pa za gsod sha ba 'ug pa'i mgo/__mi g.yo mgon po lha mo gtun khung ma/__/za gsod gzig dang khA ta'i mgo bo can/__/khro bo rta mgrin khro mo gtum mo dang /__/sprul pa'i phra men byi la pu shud mgo/__gzhan gyi mi thub khro mo mda' snyems ma/__/sri la mu kha pany+dzi ra mu khe/__/khro chen bdud rtsi 'khyil dang sgra mdzad ma/__/badz+ra sid+ha ti ti la mu khe/__/'jig rten gsum rgyal lha mo gsod byed ma/__/za gsod sprul pa dred dang sre mong mgo/__stobs po che dang lha mo rig byed ma/__/sprul pa phra men dom dang byi ba'i mgo/__khro chen yab yum 'khor bcas=__/snying rje'i ngo bo 'gugs byed pu shud ma/__/byams pa'i rang bzhin 'ching byed bya rog mgo/__dga' ba tshad med sdom byed srin bya'i mgo/__btang snyoms rang bzhin myos byed khra yi mgo/__/sgo skyong khro mo bzhi yi=__/shwa na mu kha mthing nag lcags spyang zhon/__/shri ka mu kha ser nag 'phar ba chib/__/pr-i la mu kha zang gyi wa mo zhon/__/shwa na mu kha g.yu yi khyi mo chib/__/re ti mthing nag dril rta rkang gsum rgyug__/re ma dza ni sha ba yu mo chib/__/ri tri chu glang re dzu rnga mo zhon/__/rdo rje ya byin g.yu 'brug la chib shing /__/rdo rje de byin chu srin pir la zhon/__/rdo rje bse byin glog dmar 'khyugs pa chib/__/rdo rje phag byin chu rta sngon po zhon/__/dam can phur srung bcu gnyis=__/pra ma rA dza ya ma rA dza dang /__/de sha grib pak+Sha gri ba ste/__/shwa na ma bzhi'i ming po'i=__/dkar po mche 'dzin sngon po be con 'dzin/__/dmar nag zhags 'dzin ljang nag ral gri 'dzin/__/ming po bdud chen bzhi yi=__/srin po gshin rje bdud dang gnod sbyin sde/__/sa bdag ming po gyad bzhi'i=__/dpal chen bka' yi pha 'bab la dbang ba'i/__/dbang phyug chen po nyi shu rtsa brgyad dang /__/ma bdun sring bzhi ging lang 'bar ma sogs/__/dpal gyi bka' sdod 'khor bcas=__/bdag nyid thugs las sprul pa'i sras mchog ni/__/dkyil 'khor yongs rdzogs 'dus pa'i rdzongs chen po/__/rdzas gyi phur pa khams gsum sgrol byed de/__/sprul pa'i sras mchog rigs lnga'i=__/bdud 'dul dbang phyug bstan srung rdo rje gur/__/lcam dral bran g.yogs bka' sdod 'khor bcas dang /__/dkar mo nyi zla bdud rgyal thod 'phreng sogs/__/rgyud gsum dregs pa yongs kyi=__/hU~M/__khyed rnams thugs dam bskang ba'i dam rdzas ni/__/mchod yon zhabs bsil me tog bdug spos dang /__/mar me dri chab zhal zas rol mo sogs/__/lha rdzas phyi yi mchod pas=__/bkra shis rtags rdzas rgyal srid rin chen bdun/__/gzugs sgra dri ro reg bya 'dod yon lnga/__/srab 'jam yangs pa'i dar gyi na bza' sogs/__/mkha' khyab kun bzang mchod pas=__/dgra bgegs bsgral ba'i khrag gi sbu phreng g.yo/__/dbang po rnam lnga'i me tog rnam par bkra/__/tshil chen bdug spos dud sprin 'khor yug khyab/__/zhu chen rkang dmar gsal ba'i sgron me dang /__/rang byung mkhris pa'i dri bsung byug pas bgo/__sha khrag rus pa'i zhal zas ri dang mnyam/__/drag po'i rol mo sa gsum 'dar zhing g.yo/__/zhing gi bla bre rgyu ma'i lda ldis brgyan/__/tsit+ta'i tog dang mi mgo'i kha bad 'phyangs/__/rkang lag shar bu rtsibs ma'i mda' yab sogs/__/dur khrod drag po'i gzhal med khang chen pos/__/dkyil 'khor lha tshogs thugs dam gnyen po bskang /__/snod kyi 'jig rten gtor gzhong yangs pa ru/__/bcud kyi sems can gtor mar rab sbyar ba'i/__/dam rdzas gtor chen 'dod yon lnga 'phro bas/__/dkyil 'khor gsum gyi lha tshogs=__/rang byung kA pa la yi snod mchog tu/__/lcags kyu lnga dang sgron ma rnam lnga dang /__/rtsa brgyad yan lag stong sbyar sman mchod 'dis/__/dkyil 'khor gsum gyi lha=lcang lo bcas pa'i b+han+b+ha yang pa ru/__/khams gsum bsgral ba'i dmar chen rak+ta'i mtsho/__/chags pa'i sbu phreng phyogs bcur g.yo ba yis/__/dkyil 'khor gsum gyi=__/rdo rje a ra li yi sbyor ba yi/__/gnyis med mnyam pa chen por snyoms 'jug pas/__/sa haM bdud rtsi'i 'bar 'dzag sprin chen pos/__/dkyil 'khor gsum gyi=__/gdug pa'i dgra bgegs tshogs rnams bkug byas te/__/yab yum mkha' gsang rdo rje'i tho gtun gyis/__/brdung zhing byang sems mes bsreg zhal du stabs/__/dkyil 'khor gsum gyi=__/mchod bya mchod byed mchod yul mi dmigs shing /__/'khor gsum spros pa'i mtshan ma las 'das pa/__/rang bzhin 'od gsal rdzogs pa chen po yi/__/bla med mchog gi mchod pas=__/rang sems gdod nas dag pa chos kyi sku/__/rang byung ye shes rgyu rkyen las 'das pa/__/gnas pa gzhi yi rdo rje gzhon nu yi/__/thugs dam lta ba blo 'das ngang du bskang /__/'khor 'das thig le gcig gi rang bzhin du/__/ma rtogs 'gro la snying rjes bskyed rdzogs bsgom/__/bgrod pa lam gyi rdo rje gzhon nu ni/__/sgom pa yengs med chen po'i ngang du bskang /__/ngo bo kun khyab rol pa chos nyid thim/__/dag pa gnyis ldan sku lnga lhun gyis grub/__/grub pa'i 'bras bu'i rdo rje gzhon nu ni/__/spangs thob bral ba'i dbyings su=__/snang srid srid pa phur bu'i dkyil 'khor du/__/yongs grub chen po'i skyed rim la gom pa'i=__/snod bcud dkyil 'khor gsum gyi ngo bo shar/__/dag pa rab 'byams chen po'i=__/ye nas rang byung rdo rje phung po la/__/sangs rgyas rol mo bsam yas dkyil 'khor rdzogs/__/shin tu phra shing brtags par dka' ba yi/__/dmigs med gsang ba'i dkyil 'khor gnyen po bskang /__/rtsa gsum 'khor lo lnga yi dkyil 'khor du/__/sangs rgyas kun gyi ye shes rigs lnga che/__/ngang nyid rdo rje chos dbyings las shar ba/__/gtum mo bde stong mchod pas=__/lhag pa byang chub sems kyi phur pa ni/__/yum lnga'i bde chen mkha' klong yangs par gdab/__/bde ba dngos med shin tu rnam dag pa/__/lhan skyes ye shes 'bar bas thugs dam bskang /__/mtshan ma'i rnam par rtag pa ye nas dag__/rang bzhin 'od gsal snang bzhi'i rtsal rdzogs shing /__/dbyings rig mngon gyur rdo rje gzhon nur snang /__/sku gsum lhun rdzogs chen po'i klang du bskang /__/gzhan yang rtsa brgyud bla ma yi dam lha/__/mkha' 'gro chos skyong nor lha gter bdag sogs/__/ma lus lus pa med pa'i dkyil 'khor tshogs/__/thugs dam bskang zhing bdag cag phur pa yi/__/rig 'dzin sgrub po rnams kyi dbang bskur dus/__/khas blangs 'da' dka'i dam tshig rnam grangs ni/__/gsang gsum dam tshig nyer bdun rtsa ba lnga/__/shes bya lnga dang mi spangs dang blang lnga/__/sgrub dang spyad bya'i dam tshig nyi shu lnga/__/gsang ba bcu dang rtsa ltung bcu gnyis dang /__/rigs lnga'i sdom pa brtul zhugs nyer lnga dang /__/yan lag sbom po'i rnam grangs brgyad la sogs/__/dbang bzhi'i mnyam bzhag rjes spyod dam tshig gi/__sngags kyi 'dul ba'i dam sdom 'gal ba dang /__/gzhan yang so sor thar pa'i 'dul ba dang /__/theg chen byang sems bslab las 'gal ba sogs/__/bcas dang rang bzhin kha na ma tho ba'i/__/sdig ltung gnong 'gyod drag pos mthol zhing bshags/__/mi 'chab mi sbed snying nas bshags par bgyi/__/bshags so bshags so yi dam lha la bshags/__/dpa' bo mkha' 'gro'i tshogs rnams bzod par bzhes/__/dus gsum kun tu sgrib par mi 'gyur ba'i/__/ye shes mchog gi tshang par stsal du gsol/__hU~M/__de ltar bskang shing bshags pa'i byin rlabs kyis/__/bdag cag rnal 'byor 'khor dang bcas pa la/__/sdang byed dgra dang gnod byed bgegs rnams thul/__/'khor srung skyen thul byad kha rbod gtong bzlog__/tshe bsod dpal 'byor 'khor slob 'du ba rgyas/__/sangs rgyas bstan pa rin chen 'phel ba dang /__/bstan 'dzin skyes bu zhabs pad rab brtan zhing /__/bstan pa'i sbyin bdag mnga' thang rab tu rgyas/__/'dus pa'i sde tshogs khrims gtsang thugs mthun 'phel/__/bshad dang sgrub pa'i bya bas dus 'da' zhing /__/bslab gsum yon tan dpal gyi 'byor bar mdzod/__/sa gsum 'gro ba mtha' dag dbang du 'dus/__/khyad par log par sems pa'i dgra dang bgegs/__/nyams pa bdun dang zhing bcu tshang ba rnams/__/snying rje'i mtshon chen phur bu'i sgrol ba yi/__/kun gzhi rtsad gcod drag po'i mtshon chen gyis/__/'tsheng ba gsum ldan mngon spyod zab mo yi/__/bsgral ba'i dam tshig chen pos mthar phyin mdzod/__/phur bu rnam bzhi'i lta sgom gding dang ldan/__/mthar 'byin rnam bzhi'i rtsal chen rdzogs pa dang /__/srid zhir mi gnas badz+ra ku ma rwa'i/__/sku dang ye shes dbyer med mngon gyur shog__/nyi ma 'bum las lhag pa'i gzi brjid sku/__/bzhad pa'i nga ro 'brug stong sgrogs pa'i gsung /__/snying rje rab rngam mkha' dbyings zab pa'i thugs/__/dpal chen sku gsung thugs mchog 'grub par shog__/de nas tshogs grangs bsogs bya ba'am tshogs rol sogs phyag len skabs bstun gang yin de la 'jug go/__'di bris dge bas sems can rnams/__/bdud bzhi bcom shing byang chub kyi/__/go 'phang dam par mngon gyur nas/__/srid gsum 'gro rnams sgrol bar shog__/ces dpal chen rdo rje gzhon nu'i thugs dam bskang ba'i rim pa khrag 'thung rol pa'i dga' ston ces bya ba 'di ni/__mkhyen rtogs dang thugs rje tshad med pa'i mnga' bdag brag yab gtsang sar mchog sprul rin po ches gsung gi bskul ba ma ldog tsam du/__phrin las grub pa'i sngags rig 'dzin pa 'jam dbyangs chos kyi blo gros ris med bstan pa'i rgyal mtshan du 'bod pa'i rmongs brtul snyoms las pa des lcags 'brug chu stod zla ba phyi ma'i dmar phyogs kyi rdzogs pa dang po/__pa sangs nam gru'i 'grub sbyor nyin smras rim bzhin yi ge pa rang slob lnga rig smra ba rnam rgyal bzang pos bgyis pa 'dis kyang rgyal ba'i bstan pa de 'dzin dang bcas pa la bar du gcod pa'i bdud tshogs dbyings su zhi zhing /__bstan pa der 'dzin dang bcas pa phyogs las rnam par rgyal ba dang /__khyad par 7dpal sa skya pa chen po'i 'khon gdung rin po che dri ma med pa dar zhing rgyas pa'i rgyur gyur cig__///__

Footnotes

Other Information