སྒྲོལ་མ་དམར་མོའི་བརྒྱུད་འདེབས་བྱིན་རླབས་བཅུད་འདུས།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-008
Wylie title sgrol ma dmar mo'i brgyud 'debs byin rlabs bcud 'dus JKCL-KABUM-07-JA-008.pdf
Location chos kyi blo gros bka' 'bum
Volume 7, Text 8, Pages 275-277 (Folios 1a1 to 2a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sgrol ma dmar mo'i brgyud 'debs byin rlabs bcud 'dus. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 275-277. Bir, H.P.: Khyentse Labrang, 2012.
Genre Lineage Supplications - brgyud 'debs
Deity sgrol ma dmar mo
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/red-tara-lineage-prayer
Colophon

།ཅེས་དབང་གི་སྒྲོལ་མའི་བརྒྱུད་འདེབས་འདིའང་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་ཀྱི་སྨྲས་རིམ་བཞིན་རང་སློབ་དད་འབྱོར་གྱི་བློ་མངའ་ཚེ་དབང་འབྱོར་རྒྱས་ཀྱིས་ཡི་གེ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །།།

/ces dbang gi sgrol ma'i brgyud 'debs 'di'ang 'jam dbyangs mkhyen brtse'i sprul ming 'dzin pa chos kyi blo gros kyi smras rim bzhin rang slob dad 'byor gyi blo mnga' tshe dbang 'byor rgyas kyis yi ge bris pa dge legs su gyur cig__///

1 Texts in this Section (sde tshan or chos tshan)

[edit]
སྒྲོལ་མ་དམར་མོའི་བརྒྱུད་འདེབས་བྱིན་རླབས་བཅུད་འདུས་ཅེས་བྱ་བ་བཞུགས་སོ། གུ་རུ་དྷེ་བ་ཌཱཀྐི་ནཱི་ཡེ་སརྦ་སིདྡྷི་ཕ་ལ་ཧཱུྃ། །གཞི་དབྱིངས་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས། །དང་པོའི་སངས་རྒྱས་འོད་མི་འགྱུར་བ་ལ། །གཉིས་མེད་འཛིན་བྲལ་ངང་ནས་གསོལ་བ་འདེབས། །གདོད་ནས་ཡེ་གྲོལ་ཆེན་པོར་བྱིན་གྱིས་རློབས། །རང་བཞིན་གསལ་གདངས་ལྷུན་གྲུབ་ཕོ་བྲང་ནས། །ལོངས་སྐུ་པདྨ་གར་གྱི་དབང་ཕྱུག་ལ། །དབྱིངས་རིག་དབྱེར་མེད་ངང་ནས་གསོལ་བ༴ །ལྷུན་གྲུབ་དགོངས་པ་མངོན་གྱུར་བྱིན་གྱིས༴ །ཐུགས་རྗེ་ཚད་མེད་སྤྲུལ་པའི་ཕོ་བྲང་ནས། །སྤྲུལ་སྐུ་རྗེ་བཙུན་ཨཱར་ཡ་ཏཱ་རེ་ལ། །ཆགས་མེད་ཞེན་བྲལ་ངང་ནས༴ །གང་འདུལ་འགྲོ་བ་འདུལ་བར༴ །རང་སྣང་རྔ་ཡབ་དཔལ་རིའི་གཞལ་ཡས་ནས། །སྐུ་གསུམ་འདུས་ཞལ་པདྨ་འབྱུང་གནས་ལ། །རེ་དོགས་མེད་པའི་ངང་ནས༴ །སྣང་སྲིད་དབང་དུ་འདུ་བར༴ །བསམ་ཡས་ཡེ་ཤེས་ཡངས་པའི་རྒྱལ་ཁམས་ནས། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ལ། །བཀའ་དྲིན་དྲན་པའི་ངང་ནས༴ །འགྲོ་འདུལ་བསྟན་པ་མཐའ་རྒྱས༴ །མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་ཁམས་ན། །དབྱིངས་ཕྱུག་ཌཱཀྐི་ཛྙཱ་ན་སཱ་ག་རར། །བདེ་སྟོང་བློ་བྲལ་ངང་ནས༴ །དགའ་བཞིའི་ཡེ་ཤེས་རྒྱས་པར༴ །དབུ་རྩེ་རིམ་གསུམ་སྤྲུལ་པའི་ཕོ་བྲང་ནས། །ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ལ། །དད་མོས་གདུང་ཤུགས་དྲག་པོས༴ །འགྲོ་དོན་ཕྱོགས་མེད་འབྱུང་བར༴ །ཕྱོགས་བྲལ་གར་བཞུགས་ཞིང་ཁམས་རབ་འབྱམས་ན། །བཻ་རོ་ལ་སོགས་འབངས་རིགས་ཉེར་ལྔ་ལ། །ཡིད་ཆེས་གདུང་བའི་ཤུགས་ཀྱིས༴ །གདུལ་བྱ་སྨིན་ཅིང་གྲོལ་བར༴ །ལས་སྨོན་ཟབ་གསང་ཆོས་ཀྱི་ཕོ་བྲང་ན། །མངའ་བདག་འོད་གསལ་རྡོ་རྗེ་གླིང་པ་ལ། །དད་དམ་འདུ་འབྲལ་མེད་པར་གསོལ༴ །ནག་ཕྱོགས་གདོན་བགེགས་འདུལ་བར་བྱིན༴ །ཟླ་གམ་དམར་པོ་དབང་གི་གཞལ་ཡས་ན། །དབང་མཛད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ལ། བསྐྱེད་རྫོགས་ལྟ་བའི་ངང་ནས༴ །རང་རིགས་ལྷ་དང་དབྱེར་མེད༴ །བཀའ་དང་དམ་ཚིག་གཉེན་པོའི་གཞལ་ཡས་ན། །བརྒྱུད་གསུམ་དམ་ཅན་ཆོས་སྐྱོང་སྲུང་མ་ལ། །མི་གཡོ་དགོངས་པའི་ངང་ནས༴ །ཕྲིན་ལས་རྣམ་བཞི་འགྲུབ་པར༴ །རིན་ཆེན་འདོད་འབྱུང་བརྩེགས་པའི་གནས་མཆོག་ན། །གནོད་སྦྱིན་ནོར་ལྷ་གཏེར་འཆང་རྒྱ་མཚོ་ལ། །འཛིན་ཆགས་བྲལ་བའི་ངང་ནས༴ །དབུལ་ཕོངས་སྡུག་བསྔལ་ཞི་བར༴ །སྣང་སྲིད་དག་པ་རབ་འབྱམས་ཆེན་པོ་ན། །དམ་ཚིག་ལྡན་པའི་རྡོ་རྗེ་མཆེད་ལྕམ་ལ། །དག་སྣང་ཟོལ་མེད་ངང་ནས་གསོལ་བ་འདེབས། །ཚོམ་བུ་གཅིག་ཏུ་འཚང་རྒྱ་བྱིན་གྱིས་རློབས། །སྔོན་འགྲོའི་ཆོས་ཀྱིས་རང་རྒྱུད་ལེགས་སྦྱོངས་ཤིང་། །བསྐྱེད་པའི་རིམ་པས་སྣང་བ་ལྷ་སྐུར་དག །བཟླས་བརྗོད་སྔགས་ཀྱིས་སྒྲ་ཚིག་རང་སར་དེངས། །རྫོགས་རིམ་ཟབ་མོས་རླུང་སེམས་དག་པར་ཤོག །རྩ་ཡི་མདུད་གྲོལ་ལས་རླུང་དབུ་མར་ཚུད། །ཐིག་ལེ་འཕོ་མེད་ནམ་མཁའི་འཁོར་ལོར་བརྩེགས། །འགྱུར་མེད་བདེ་ཆེན་རྡོ་རྗེའི་སྐུ་ཐོབ་ནས། །འགྲོ་བའི་དོན་གཉིས་ལྷུན་འགྲུབ་འབྱུང་བར་ཤོག །ཅེས་དབང་གི་སྒྲོལ་མའི་བརྒྱུད་འདེབས་འདིའང་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་ཀྱི་སྨྲས་རིམ་བཞིན་རང་སློབ་དད་འབྱོར་གྱི་བློ་མངའ་ཚེ་དབང་འབྱོར་རྒྱས་ཀྱིས་ཡི་གེ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །།།
[edit]

sgrol ma dmar mo'i brgyud 'debs byin rlabs bcud 'dus ces bya ba bzhugs so/__gu ru d+he ba DAk+ki nI ye sarba sid+d+hi pha la hU~M/__/gzhi dbyings spros bral chos sku'i pho brang nas/__/dang po'i sangs rgyas 'od mi 'gyur ba la/__/gnyis med 'dzin bral ngang nas gsol ba 'debs/__/gdod nas ye grol chen por byin gyis rlobs/__/rang bzhin gsal gdangs lhun grub pho brang nas/__/longs sku pad+ma gar gyi dbang phyug la/__/dbyings rig dbyer med ngang nas gsol ba=__/lhun grub dgongs pa mngon gyur byin gyis=__/thugs rje tshad med sprul pa'i pho brang nas/__/sprul sku rje btsun Ar ya tA re la/__/chags med zhen bral ngang nas=__/gang 'dul 'gro ba 'dul bar=__/rang snang rnga yab dpal ri'i gzhal yas nas/__/sku gsum 'dus zhal pad+ma 'byung gnas la/__/re dogs med pa'i ngang nas=__/snang srid dbang du 'du bar=__/bsam yas ye shes yangs pa'i rgyal khams nas/__/mnga' bdag tshangs pa lha yi me tog la/__/bka' drin dran pa'i ngang nas=__/'gro 'dul bstan pa mtha' rgyas=__/mkha' spyod rdo rje btsun mo'i zhing khams na/__/dbyings phyug DAk+ki dz+nyA na sA ga rar/__/bde stong blo bral ngang nas=__/dga' bzhi'i ye shes rgyas par=__/dbu rtse rim gsum sprul pa'i pho brang nas/__/lha sras dam 'dzin chos kyi blo gros la/__/dad mos gdung shugs drag pos=__/'gro don phyogs med 'byung bar=__/phyogs bral gar bzhugs zhing khams rab 'byams na/__/bai ro la sogs 'bangs rigs nyer lnga la/__/yid ches gdung ba'i shugs kyis=__/gdul bya smin cing grol bar=__/las smon zab gsang chos kyi pho brang na/__/mnga' bdag 'od gsal rdo rje gling pa la/__/dad dam 'du 'bral med par gsol=__/nag phyogs gdon bgegs 'dul bar byin=__/zla gam dmar po dbang gi gzhal yas na/__/dbang mdzad lha mo bco lnga'i dkyil 'khor la/__bskyed rdzogs lta ba'i ngang nas=__/rang rigs lha dang dbyer med=__/bka' dang dam tshig gnyen po'i gzhal yas na/__/brgyud gsum dam can chos skyong srung ma la/__/mi g.yo dgongs pa'i ngang nas=__/phrin las rnam bzhi 'grub par=__/rin chen 'dod 'byung brtsegs pa'i gnas mchog na/__/gnod sbyin nor lha gter 'chang rgya mtsho la/__/'dzin chags bral ba'i ngang nas=__/dbul phongs sdug bsngal zhi bar=__/snang srid dag pa rab 'byams chen po na/__/dam tshig ldan pa'i rdo rje mched lcam la/__/dag snang zol med ngang nas gsol ba 'debs/__/tshom bu gcig tu 'tshang rgya byin gyis rlobs/__/sngon 'gro'i chos kyis rang rgyud legs sbyongs shing /__/bskyed pa'i rim pas snang ba lha skur dag__/bzlas brjod sngags kyis sgra tshig rang sar dengs/__/rdzogs rim zab mos rlung sems dag par shog__/rtsa yi mdud grol las rlung dbu mar tshud/__/thig le 'pho med nam mkha'i 'khor lor brtsegs/__/'gyur med bde chen rdo rje'i sku thob nas/__/'gro ba'i don gnyis lhun 'grub 'byung bar shog__/ces dbang gi sgrol ma'i brgyud 'debs 'di'ang 'jam dbyangs mkhyen brtse'i sprul ming 'dzin pa chos kyi blo gros kyi smras rim bzhin rang slob dad 'byor gyi blo mnga' tshe dbang 'byor rgyas kyis yi ge bris pa dge legs su gyur cig__///_

Footnotes

Other Information