ཚོགས་གླུ་ཨ་ཧོ་ཡེ། འོག་མིན་ཨོ་རྒྱན་དྷཱུ་མ་ཐ་ལ་སོགས་དང་ཚོགས་ཀྱི་འཁོར་ལོའི་གླུ་པི་ཝང་དབྱངས་སྙན་དང་ཚོགས་ཀྱི་འཁོར་ལོའི་གླུ་མཚོ་བྱུང་དགྱེས་པའི་ཏམ་བུ་ར།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-027
Wylie title tshogs glu a ho ye/ 'og min o rgyan d+hU ma tha la sogs dang tshogs kyi 'khor lo'i glu pi wang dbyangs snyan dang tshogs kyi 'khor lo'i glu mtsho byung dgyes pa'i tam bu ra JKCL-KABUM-06-CHA-027.pdf
Location chos kyi blo gros bka' 'bum
Volume 6, Text 27, Pages 377-381 (Folios 1a1 to 3a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. tshogs glu a ho ye 'og min o rgyan d+hU ma tha la sogs dang tshogs kyi 'khor lo'i glu pi wang dbyangs snyan dang tshogs kyi 'khor lo'i glu mtsho byung dgyes pa'i tam bu ra. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 377-381. Bir, H.P.: Khyentse Labrang, 2012.
Genre Feast Offering - tshogs mchod - tshogs kyi 'khor lo  ·  Vajra Songs - rdo rje'i glu
Colophon
  • Second text colophon page 378: །ཅེས་པའང་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པའི་ཚོགས་ཀྱི་འདུ་བ་ལ་སྤྱོད་པར་ཉེ་བ་ན། རིས་ཤ་ལྡན་ཌཱ་ཀཱིའི་གསུང་གིས་གླིང་བུས་བསྐུལ་བས་རིག་འཛིན་གྱི་བཙུན་པ་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིགསརྦ་མངྒ་ལཾ།།
  • Third text colophon page 381: །ཚོགས་ཀྱི་འཁོར་ལོའི་གླུ་འདི་ནི། །མགོན་མེད་ཟས་སྦྱིན་ལྗོངས་འདིར་འཕོས། །བསྟན་པའི་སྦྱིན་བདག་ལ་དཀར་གྱི། །ཚོགས་ཀྱི་དགའ་སྟོན་སྤྱོད་པའི་དུས། །རྡོ་རྗེའི་རིག་པ་འཛིན་པ་ནི། །པདྨ་ཡེ་ཤེས་རྡོ་རྗེ་ཡིས། །གང་ཤར་མགྲིན་པའི་རྒྱུད་མང་སྦྲེངས། །དགེ་བས་རིག་འཛིན་ས་བརྙེས་ཤིང་། །སྐུ་བཞིའི་གོ་འཕང་ཐོབ་པར་ཤོག །སརྦ་མངྒ་ལཾ།།
  • Second text colophon page 378: /ces pa'ang gnas dus ston 'khor phun sum tshogs pa'i tshogs kyi 'du ba la spyod par nye ba na/__ris sha ldan DA kI'i gsung gis gling bus bskul bas rig 'dzin gyi btsun pa pad+ma ye shes rdo rjes bris pa dge legs su gyur cigasarba mang+ga laM//
  • Third text colophon page 381: /tshogs kyi 'khor lo'i glu 'di ni/__/mgon med zas sbyin ljongs 'dir 'phos/__/bstan pa'i sbyin bdag la dkar gyi/__/tshogs kyi dga' ston spyod pa'i dus/__/rdo rje'i rig pa 'dzin pa ni/__/pad+ma ye shes rdo rje yis/__/gang shar mgrin pa'i rgyud mang sbrengs/__/dge bas rig 'dzin sa brnyes shing /__/sku bzhi'i go 'phang thob par shog__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
ཨ་ཧོ་ཡེ། འོག་མིན་ཨོ་རྒྱན་དྷཱུ་མ་ཐ་ལ་ཡི་ཞིང་ཁམས། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོམ་བུ་དེ་ཨ་ཧོ། །གདན་གསུམ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི་ཀློངས་ན། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཆོ་འཕྲུལ་དེ་ཨ་ཧོཿཙིཏྟ་མཆོད་གུར་སྨུག་པོ་དཔལ་རི་ཡི་པད་འོད། །མ་ཧཱ་གུ་རུའི་དགྱེས་ཞལ་འཛུམ་དཀར་དེ་ངོམ་བྱུང་། །བདེ་སྟོང་གཉིས་སུ་མེད་པའི་མཆོད་སྤྲིན་ཞིག་འབུལ་ན། །གསང་ཆེན་མཆོག་གི་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །རྨད་བྱུང་ཚོགས་ཀྱི་འཁོར་ལོའི་འདུ་བ་ནི་ཉམས་དགའ། །རྣལ་འབྱོར་ཕོ་མོ་ལྷ་ཡི་དགའ་སྟོན་གྱི་རོལ་པས། །ཟག་མེད་བདེ་སྟོང་བདུད་རྩིའི་སྤྲིན་ཕུང་ནི་གཡོས་པས། །སྣང་སྲིད་བདེ་མཆོག་རྡོ་རྗེའི་རོལ་མོ་ཞིག་འཁྲོལ་ལོ།། །།༈ ཚོགས་ཀྱི་འཁོར་ལོའི་གླུ་པི་ཝང་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨ་ཧོ་ཡེ། སྔོན་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་ཤིང་གི་རྩེ་ལ། །མ་ཚོགས་ཌཱ་ཀི་རྒྱ་མཚོས་ཟློས་གར་ནི་བསྒྱུར་བྱུང་། །ངོ་མཚར་ཟབ་དོན་བརྔའ་ཡི་གླིང་བུ་འདི་འཁྲོལ་བས། །རིག་འཛིན་གཞོན་ནུའི་སྙིང་ལ་དགའ་བ་ཞིག་སྟེར་རོ། །ཕྱི་རོལ་ཡུལ་གྱི་བཀོད་པ་སྨན་ལྗོངས་ནི་ཉམས་དགའ། །རང་བྱུང་ནོར་བུ་ཆུ་ཤེལ་བྲག་རི་ནི་བཀོད་ལེགས། །སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་གི་ཕུག་པར། །རྡོ་རྗེའི་སྐུ་བརྙེས་པད་འབྱུང་ཡབ་ཡུམ་དེ་བཞུགས་ཡོད། །ཨ་ཧོ་ཡེ། འཆི་མེད་གྲུབ་པའི་རིག་འཛིན་མེ་ཏོག་གི་ཕྲེང་མཛེས། །མཁའ་ལ་བྱིན་རླབས་བདུད་རྩིའི་སྤྲིན་ཆར་ནི་འཇོ་བ། །སྐལ་ལྡན་རིག་འཛིན་ཕོ་མོའི་སྐྱིད་ཚལ་དེ་འབེབ་བྱུང་། །བདེ་ཆེན་ཉམས་དགའི་རྩེ་བྲོའི་གར་སྟབས་ནི་ཤིག་ཤིག །ཨོ་རྒྱན་དྷུ་མ་ཐ་ལ་ཧེ་རུ་ཀའི་ཚོགས་ཁང་། །ས་འདིར་མངོན་སུམ་འཕོས་འདྲའི་སྣང་བ་ཞིག་མཐོང་ནས། །ཡ་མཚན་བདེ་སྐྱིད་སྙན་པའི་གླུ་དབྱངས་ཞིག་སྒྲོགས་བྱུང་། །ལས་སྨོན་དག་བའི་རྗེ་འབངས་དུས་གཅིག་ལ་འཛོམ་སྟེ། །མཁའ་སྤྱོད་རབ་འབྱམས་འདུས་པའི་ཚོགས་འཁོར་གྱི་དགའ་སྟོན། །ཅི་དགར་རོལ་པའི་དགའ་སྟོན་ལྷ་ཡུལ་གྱི་བདུད་རྩི། །ནམ་ཡང་འགྲིབ་པ་མེད་པའི་བཀྲ་ཤིས་ཀྱི་དགེ་མཚན། །མངོན་སུམ་མི་འབྲལ་ཚོགས་པའི་དགའ་སྟོན་ཞིག་ཞུའོ། །ཅེས་པའང་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པའི་ཚོགས་ཀྱི་འདུ་བ་ལ་སྤྱོད་པར་ཉེ་བ་ན། རིས་ཤ་ལྡན་ཌཱ་ཀཱིའི་གསུང་གིས་གླིང་བུས་བསྐུལ་བས་རིག་འཛིན་གྱི་བཙུན་པ་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིགསརྦ་མངྒ་ལཾ།། །།༈ ཚོགས་ཀྱི་འཁོར་ལོའི་གླུ་མཚོ་བྱུང་དགྱེས་པའི་ཏམ་བུ་ར་ཞེས་བྱ་བ་བཞུགས་སོ། །ཨ་ཧོཿ རང་སྣང་དག་པའི་དབྱིངས་ཆེན་བརྡལ་ཁྱབ་ཀྱི་ཀློང་ན། །སྒྲོན་དྲུག་འཇའ་ཟེར་ཐིག་ལེ་སྤྲས་པ་ཡི་དབུས་སུ། །སྐྱབས་གཅིག་དྲིན་ཆེན་བླ་མ་མཚོ་སྐྱེས་ཀྱི་རྡོ་རྗེ། །མངོན་སུམ་བཞུགས་པའི་ངོ་མཚར་ལྟད་མོ་འདི་ཨ་ཧོ། །ང་ཡི་འཁྲུལ་རྟོག་ཀ་དག་ཆོས་སྐུ་རུ་ཐིམ་སོང་། །རང་བྱུང་རིག་པའི་ཁྱེའུ་ཆུང་རང་ཡན་ལ་སོང་བས། །འཁོར་འདས་གཉིས་འཛིན་རྟོག་པ་རང་གྲོལ་དུ་གྱུར་ཏེ། །ཞེན་མེད་ཚོགས་དྲུག་རིག་པའི་རྒྱན་ཤར་འདི་ཨ་ཧོ། །སྣང་བས་མ་འཆིང་སྡུག་བསྔལ་བདེ་བ་རུ་ཤར་རོ། །རྡོ་རྗེ་ཕུང་པོ་དཔའ་བོ་ཌཱ་ཀི་ཡི་གྲོང་ཁྱེར། །ཕྱི་ནང་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་གྱིས་མཉེས་པས། །རྡོ་རྗེའི་གར་གྱི་རོལ་པ་སྒྱུར་བ་འདི་ཨ་ཧོ། །ཆོས་ཀུན་བདེ་བ་ཆེན་པོའི་བདུད་རྩི་ཡིས་མོས་སོང་། །བཅུ་དྲུག་རིག་མའི་འདོད་ཡོན་བརྟུལ་ཞུགས་ཀྱི་སྤྱོད་པས། །དབང་ལྡོག་དགའ་བ་བཞི་ཡི་མིག་འཕྲུལ་ལ་རྩེན་པས། །རྗེས་ཆགས་བདེ་སྟོང་སྒྱུ་མའི་རོལ་མོ་འདི་ཨ་ཧོ། །རྩ་རླུང་ཐིག་ལེའི་འདུ་འཕྲོ་དབུ་མ་རུ་ཐིམ་སོང་། །མཆོག་ཏུ་མི་འགྱུར་སྟོང་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱ། །རྡུལ་བྲལ་མཁའ་དབྱིངས་རྡོ་རྗེ་བཙུན་མོ་ཡི་བྷ་ག །རྩོལ་བྲལ་རང་བྱུང་རིག་པའི་རྡོ་རྗེ་འདི་ཨ་ཧོ། །ལས་རླུང་རྒྱུ་བ་ནམ་མཁའི་འཁོར་ལོ་རུ་དག་གོ །ཀུན་ཁྱབ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་ཉི་མ། །ཁྱབ་བརྡལ་ཆོས་དབྱིངས་ཆེན་པོའི་མཁའ་ངོས་སུ་འཆར་པས། །སྲིད་གསུམ་མ་རིག་མུན་པ་རང་སངས་འདི་ཨ་ཧོ། །མཁྱེན་གཉིས་ཡེ་ཤེས་རྒྱས་པའི་ལྟད་མོ་ཞིག་མཐོང་བྱུང་། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་གཞི་དུས་ཀྱི་སངས་རྒྱས། །རྩོལ་བཅས་ལམ་གྱིས་མ་སྒྲིབ་ངང་བཞག་གི་དགོངས་པས། །འབྲས་བུ་གཞན་ལས་མ་བྱུང་ལྷུན་རྫོགས་འདི་ཨ་ཧོ། །རྣམ་གྲོལ་ཆོས་སྐུའི་རྒྱལ་ཁམས་ཡངས་པ་དེར་གཤེགས་རན། །ཨ་ཧོ་ཡེ། ངོ་མཚར་ཕུན་ཚོགས་འཆི་མེད་བདེ་ལྡན་གྱི་ཞིང་ཁམས། །ས་འདིར་མངོན་སུམ་འཕོས་པའི་གཞལ་མེད་ཀྱི་བཀོད་པར། །རིག་འཛིན་མཆེད་ལྕམ་རྣམས་ཀྱི་ཚོགས་གྲལ་འདི་ཨ་ཧོ། །ཡང་ཡང་དུས་སུ་ཚོགས་པའི་རྟེན་འབྲེལ་ཞིག་ཞུ་ན། །ཕ་གཅིག་དྲན་ཆོག་གུ་རུ་པད་འབྱུང་དེ་མཁྱེན་ནོ། །མ་གཅིག་དྲིན་ཅན་ཌཱ་ཀི་མཚོ་རྒྱལ་དེས་གཟིགས་ཤིག །རྗེ་འབངས་གྲུབ་ཐོབ་རྣམས་ཀྱི་བྱིན་རླབས་དེ་ཨ་ཧོ། །བུ་ཡི་སྣང་བ་ཆོས་ཉིད་ཟད་ས་རུ་བསྐྱལ་ཐོངས། །ཨ་ཧོ། རྡོ་རྗེའི་རྣལ་འབྱོར་དཀྱིལ་འཁོར་གཅིག་ལ་ནི་བརྟེན་པ། །འོད་གསལ་ཡེ་ཤེས་སྒྲོན་མེའི་བཤུལ་ལམ་ལ་བསྙོགས་ནས། །སྐུ་གསུམ་དག་པ་དཔལ་རི་པད་འོད་ཀྱི་ཞིང་དུ། །མི་འབྲལ་ཚོམ་བུ་གཅིག་ཏུ་ཚོགས་པ་འདི་ཨ་ཧོ། །ཕྱམས་གཅིག་མཆོག་དངོས་གྲུབ་པའི་སྨོན་ལམ་ཞིག་ཞུའོ། །མི་ཤིག་རྡོ་རྗེའི་སྲོག་གི་ཀ་ཆེན་ནི་བརྟན་ཞིང་། །འཆི་མེད་རིག་འཛིན་གྲུབ་པའི་བཀྲག་གསལ་གྱི་ལང་ཚོ། །རྡོ་རྗེའི་བླ་མ་པདྨ་ཀ་ར་ལྟར་གྱུར་ནས། །བསྟན་འགྲོར་དགེ་མཚན་སྤེལ་བའི་བཀྲ་ཤིས་ནི་སྩོལ་ཅིག །ཚོགས་ཀྱི་འཁོར་ལོའི་གླུ་འདི་ནི། །མགོན་མེད་ཟས་སྦྱིན་ལྗོངས་འདིར་འཕོས། །བསྟན་པའི་སྦྱིན་བདག་ལ་དཀར་གྱི། །ཚོགས་ཀྱི་དགའ་སྟོན་སྤྱོད་པའི་དུས། །རྡོ་རྗེའི་རིག་པ་འཛིན་པ་ནི། །པདྨ་ཡེ་ཤེས་རྡོ་རྗེ་ཡིས། །གང་ཤར་མགྲིན་པའི་རྒྱུད་མང་སྦྲེངས། །དགེ་བས་རིག་འཛིན་ས་བརྙེས་ཤིང་། །སྐུ་བཞིའི་གོ་འཕང་ཐོབ་པར་ཤོག །སརྦ་མངྒ་ལཾ།། །།
[edit]

a ho ye/__'og min o rgyan d+hU ma tha la yi zhing khams/__/rig 'dzin dpa' bo mkha' 'gro'i tshom bu de a ho/__/gdan gsum rdo rje phung po'i grong khyer gyi klongs na/__/rab 'byams rtsa gsum rgya mtsho'i cho 'phrul de a hoHtsit+ta mchod gur smug po dpal ri yi pad 'od/__/ma hA gu ru'i dgyes zhal 'dzum dkar de ngom byung /__/bde stong gnyis su med pa'i mchod sprin zhig 'bul na/__/gsang chen mchog gi dngos grub da lta rang stsol cig__/rmad byung tshogs kyi 'khor lo'i 'du ba ni nyams dga'/__/rnal 'byor pho mo lha yi dga' ston gyi rol pas/__/zag med bde stong bdud rtsi'i sprin phung ni g.yos pas/__/snang srid bde mchog rdo rje'i rol mo zhig 'khrol lo//___//!tshogs kyi 'khor lo'i glu pi wang dbyangs snyan ces bya ba bzhugs so/__/a ho ye/__sngon smon rten 'brel dpag bsam ljon shing gi rtse la/__/ma tshogs DA ki rgya mtshos zlos gar ni bsgyur byung /__/ngo mtshar zab don brnga' yi gling bu 'di 'khrol bas/__/rig 'dzin gzhon nu'i snying la dga' ba zhig ster ro/__/phyi rol yul gyi bkod pa sman ljongs ni nyams dga'/__/rang byung nor bu chu shel brag ri ni bkod legs/__/stag tshang seng ge bsam 'grub ke'u tshang gi phug par/__/rdo rje'i sku brnyes pad 'byung yab yum de bzhugs yod/__/a ho ye/__'chi med grub pa'i rig 'dzin me tog gi phreng mdzes/__/mkha' la byin rlabs bdud rtsi'i sprin char ni 'jo ba/__/skal ldan rig 'dzin pho mo'i skyid tshal de 'beb byung /__/bde chen nyams dga'i rtse bro'i gar stabs ni shig shig__/o rgyan d+hu ma tha la he ru ka'i tshogs khang /__/sa 'dir mngon sum 'phos 'dra'i snang ba zhig mthong nas/__/ya mtshan bde skyid snyan pa'i glu dbyangs zhig sgrogs byung /__/las smon dag ba'i rje 'bangs dus gcig la 'dzom ste/__/mkha' spyod rab 'byams 'dus pa'i tshogs 'khor gyi dga' ston/__/ci dgar rol pa'i dga' ston lha yul gyi bdud rtsi/__/nam yang 'grib pa med pa'i bkra shis kyi dge mtshan/__/mngon sum mi 'bral tshogs pa'i dga' ston zhig zhu'o/__/ces pa'ang gnas dus ston 'khor phun sum tshogs pa'i tshogs kyi 'du ba la spyod par nye ba na/__ris sha ldan DA kI'i gsung gis gling bus bskul bas rig 'dzin gyi btsun pa pad+ma ye shes rdo rjes bris pa dge legs su gyur cigasarba mang+ga laM//___//!tshogs kyi 'khor lo'i glu mtsho byung dgyes pa'i tam bu ra zhes bya ba bzhugs so/__/a hoHrang snang dag pa'i dbyings chen brdal khyab kyi klong na/__/sgron drug 'ja' zer thig le spras pa yi dbus su/__/skyabs gcig drin chen bla ma mtsho skyes kyi rdo rje/__/mngon sum bzhugs pa'i ngo mtshar ltad mo 'di a ho/__/nga yi 'khrul rtog ka dag chos sku ru thim song /__/rang byung rig pa'i khye'u chung rang yan la song bas/__/'khor 'das gnyis 'dzin rtog pa rang grol du gyur te/__/zhen med tshogs drug rig pa'i rgyan shar 'di a ho/__/snang bas ma 'ching sdug bsngal bde ba ru shar ro/__/rdo rje phung po dpa' bo DA ki yi grong khyer/__/phyi nang tshogs kyi 'khor lo'i dga' ston gyis mnyes pas/__/rdo rje'i gar gyi rol pa sgyur ba 'di a ho/__/chos kun bde ba chen po'i bdud rtsi yis mos song /__/bcu drug rig ma'i 'dod yon brtul zhugs kyi spyod pas/__/dbang ldog dga' ba bzhi yi mig 'phrul la rtsen pas/__/rjes chags bde stong sgyu ma'i rol mo 'di a ho/__/rtsa rlung thig le'i 'du 'phro dbu ma ru thim song /__/mchog tu mi 'gyur stong chen ye shes kyi phyag rgya/__/rdul bral mkha' dbyings rdo rje btsun mo yi b+ha ga__/rtsol bral rang byung rig pa'i rdo rje 'di a ho/__/las rlung rgyu ba nam mkha'i 'khor lo ru dag go__/kun khyab kun tu bzang po'i ye shes kyi nyi ma/__/khyab brdal chos dbyings chen po'i mkha' ngos su 'char pas/__/srid gsum ma rig mun pa rang sangs 'di a ho/__/mkhyen gnyis ye shes rgyas pa'i ltad mo zhig mthong byung /__/rgyu dang rkyen gyis ma bskyed gzhi dus kyi sangs rgyas/__/rtsol bcas lam gyis ma sgrib ngang bzhag gi dgongs pas/__/'bras bu gzhan las ma byung lhun rdzogs 'di a ho/__/rnam grol chos sku'i rgyal khams yangs pa der gshegs ran/__/a ho ye/__ngo mtshar phun tshogs 'chi med bde ldan gyi zhing khams/__/sa 'dir mngon sum 'phos pa'i gzhal med kyi bkod par/__/rig 'dzin mched lcam rnams kyi tshogs gral 'di a ho/__/yang yang dus su tshogs pa'i rten 'brel zhig zhu na/__/pha gcig dran chog gu ru pad 'byung de mkhyen no/__/ma gcig drin can DA ki mtsho rgyal des gzigs shig__/rje 'bangs grub thob rnams kyi byin rlabs de a ho/__/bu yi snang ba chos nyid zad sa ru bskyal thongs/__/a ho/__rdo rje'i rnal 'byor dkyil 'khor gcig la ni brten pa/__/'od gsal ye shes sgron me'i bshul lam la bsnyogs nas/__/sku gsum dag pa dpal ri pad 'od kyi zhing du/__/mi 'bral tshom bu gcig tu tshogs pa 'di a ho/__/phyams gcig mchog dngos grub pa'i smon lam zhig zhu'o/__/mi shig rdo rje'i srog gi ka chen ni brtan zhing /__/'chi med rig 'dzin grub pa'i bkrag gsal gyi lang tsho/__/rdo rje'i bla ma pad+ma ka ra ltar gyur nas/__/bstan 'gror dge mtshan spel ba'i bkra shis ni stsol cig__/tshogs kyi 'khor lo'i glu 'di ni/__/mgon med zas sbyin ljongs 'dir 'phos/__/bstan pa'i sbyin bdag la dkar gyi/__/tshogs kyi dga' ston spyod pa'i dus/__/rdo rje'i rig pa 'dzin pa ni/__/pad+ma ye shes rdo rje yis/__/gang shar mgrin pa'i rgyud mang sbrengs/__/dge bas rig 'dzin sa brnyes shing /__/sku bzhi'i go 'phang thob par shog__/sarba mang+ga laM//___//

Footnotes

Other Information