སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མའི་སྲོག་དབང་བདེ་ཆེན་མྱུར་ལམ་ཡེ་ཤེས་འགུགས་པའི་ལྕགས་ཀྱུ།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-026
Wylie title sman btsun rdo rje g.yu sgron ma'i srog dbang bde chen myur lam ye shes 'gugs pa'i lcags kyu JKCL-KABUM-06-CHA-026.pdf
Location chos kyi blo gros bka' 'bum
Volume 6, Text 26, Pages 371-375 (Folios 1a1 to 3a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sman btsun rdo rje g.yu sgron ma'i srog dbang bde chen myur lam ye shes 'gugs pa'i lcags kyu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 371-375. Bir, H.P.: Khyentse Labrang, 2012.
Genre Empowerment Ritual - dbang chog - dbang skur  ·  Protector Entrustment Rituals- srog gtad
Deity rdo rje g.yu sgron ma

1 Texts in this Section (sde tshan or chos tshan)

[edit]
སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མའི་སྲོག་དབང་བདེ་ཆེན་མྱུར་ལམ་ཡེ་ཤེས་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ཡེ་ཤེས་དབྱིངས་ཀྱི་རྗེ་མོར་འདུད། སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མའི། །སྲོག་གཏད་རྗེས་གནང་བྱ་བ་ལ། །སྟེགས་བུར་མཎྜལ་འདབ་བརྒྱད་ཀྱི། །ལྟེ་བར་ཆོས་འབྱུང་གིས་མཚན་བཤམས། །གཏོར་མ་བུམ་པ་བདུད་རྩི་དང་། །མེ་ལོང་སྔགས་རྒྱན་ཤེལ་རྡོ་བཤམས། །མཆོད་གཏོར་བག་གྲོ་བརྗིད་ལྡན་གྱི། །བཀོད་པ་མཛེས་པར་བཀྲམ་བྱས་ནས། །བདག་ཉིད་གུ་རུ་ཞི་བ་ཡི། །བསྐྱེད་བཟླས་བྱ་ཞིང་མཆོད་གཏོར་བརླབས། །སྲུང་མའི་ཕྲིན་ལས་གཞུང་བཞིན་བྱ། །བུམ་པར་ཡེ་ཤེས་མཁའ་འགྲོ་ལྔ། །གསལ་ལ་ཨོཾ་བྃ་ཧ་རི་ནི་ས་ཧཱུྃ་ཞེས་བཟླ། བསང་ཆུ། །སློབ་མར་ཁྲུས་བྱས་མཎྜལ་འབུལ། །གསོལ་བཏབ་རྒྱུད་སྦྱོང་རིམ་སོང་ནས། །སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ། །གོང་གནོན་གུ་རུའི་གཏོར་མ་ནི། །སློབ་བུའི་གནས་གསུམ་དུ་འཇོག་པས། ཀུན་མཁྱེན་ཡེ་ཤེས། རྡོ་རྗེ་སློབ་དཔོན་སོགས་སྡོམ་བཟུང་ཀྱང་བྱ། །རྡོ་རྗེའི་ཚིག་བདུན་གསོལ་འདེབས་ཀྱི། །བྱིན་རླབས་དབང་བསྐུར་སྦྱིན་པར་བྱ། །དེ་ཡི་མདུན་དུ་སྒྲུབ་དཀྱིལ་དང་། །དབྱེར་མེད་སྲུང་མ་འཁོར་བཅས་གསང་། །སྤྱན་དྲངས་ལས་རིམ་ཅི་རིགས་བྱ། །རྟེན་གཏོར་སློབ་མའི་ལག་ཏུ་གཏད། ཀྱེ། སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ། །མཆེད་ལྔ་འཁོར་དང་བཅས་པ་ཡི། །སྐུ་ཡི་བྱིན་རླབས་དབང་བསྐུར་ནི། །རིག་འཛིན་སློབ་བུ་ཁྱོད་ལ་སྦྱིན། །སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། བརྟན་བྱེད་བུམ་བའི་ཆུས་དབང་བསྐུར། ཨོཾ་བཀྲ་ཤིས་བུམ་པའི་གཞལ་ཡས་ཁང་། །མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་བཞུགས། །སྤྱི་བོ་ནས་བྱོན་དབང་བསྐུར་བས། །ཕུང་ཁམས་སྒྲིབ་པ་ཀུན་དག་ཤོག །ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། །ལུས་གང་སྒྲིབ་དག་བདེ་ཆེན་བརྙེས། །ཆུ་ལྷག་གནས་ལྔར་འཁྱིལ་བ་ལས། །སངས་རྒྱས་པདྨ་རྡོ་རྗེ་དང་། །རིན་ཆེན་ལས་ཀྱི་མཁའ་འགྲོ་རྣམས། །སོ་སོའི་རིགས་བདག་བཅས་པ་གསལ། །བྷནྡྷ་བདུད་རྩི་མགྲིན་པར་བཞག །ཨཿསྨན་བཙུན་ཌཱ་ཀི་སྡེ་ལྔ་པོ། །ཐོད་ཕྲེང་སྡེ་ལྔར་མཉམ་སྦྱོར་བའི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དཔའ་བོ་ཁྱོད་ཀྱི་ལྕེ་ལ་བཞག །ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ། རླུང་རོ་བསལ་ཞིང་ལུས་གནད་བཅའ། །ལུས་ནང་རྩ་གསུམ་འཁོར་ལོ་ལྔའི། །ལྟེ་བར་ཐོད་ཕྲེང་སྡེ་ལྔ་བཞུགས། ཡུམ་བཅས་གསལ། ལྟེ་འོག་རྃ་དང་སྤྱི་བོར་ཧྃ། །འབར་འཛག་སྦྱོར་བས་བདེ་དྲོད་དང་། །མི་རྟོག་ཡེ་ཤེས་བསྒྲུབ་པར་བྱ། །མེ་ལོང་སྔགས་ཀྱིས་བརྒྱན་པ་གཏད། ཧོཿམཆོག་ཏུ་མི་འགྱུར་བདེ་བ་ཆེ། །ཡེ་ཤེས་དམ་པ་འབྱུང་བའི་གནས། །རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ཆེར། །ཐབས་མཆོག་ཁྱོད་ཀྱིས་རོལ་པར་གྱིས། སྙོམས་འཇུག་དགའ་བཞིའི་དོན་ངོ་སྤྲད། ཤེལ་རྡོའི་བརྡ་ལ་བརྟེན་བྱས་ཏེ། །དོན་གྱི་ཡེ་ཤེས་ངོ་སྤྲོད་བྱ། ཨེ་མ་ཧོཿརྡོ་རྗེ་འདི་ནི་ཆོས་ཀྱི་དབྱིངས། །རང་བཞིན་འོད་གསལ་དྲི་མ་མེད། །གཟུང་དང་འཛིན་པ་ལས་འདས་པའི། །དོན་དམ་མཆོག་ཏུ་བདེ་བ་ཆེ། །ཞེས་བརྗོད་ཚིག་གི་ངོ་སྤྲད་གདབ། །རང་རིག་སྐུ་གསུམ་དབྱེར་མེད་ཀྱི། །དགོངས་པའི་ངང་ལ་མཉམ་པར་བཞག །སླར་ཡང་བརྟན་གཏོར་ལག་ཏུ་གཏད། ཀྱེ་ཧོཿཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་ལྔ། །རྣམ་པ་འཇིག་རྟེན་སྲུང་མའི་ཚུལ། །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ། །སྐུ་ནི་མ་ངེས་ཅིར་ཡང་སྟོན། །མཚན་དང་རྣམ་འཕྲུལ་མཐའ་ཡས་ཤིང་། །གནས་ཡུལ་དུར་ཁྲོད་སྐྱོང་བའི་བདག །ཕྲིན་ལས་ཐོགས་མེད་དངོས་གྲུབ་སྟེར། །གསང་སྔགས་བཀའ་ཡི་སྲུང་མ་ཆེ། །པདྨ་འབྱུང་གནས་ཟབ་གཏེར་གྱི། །བསྟན་པ་སྐྱོང་བའི་དབང་མོ་ཆེ། །ཚེ་དང་ཡེ་ཤེས་སྦྱིན་མཛད་མ། །མཆེད་ལྔ་འཁོར་དང་བཅས་པ་རྣམས། །སྔོན་ཚིག་དཔལ་ཆེན་ཧེ་རུ་ཀ། རྡོ་རྗེ་ཕག་མོ་ཡུམ་བཅས་དང་། །རྡོ་རྗེ་མཁའ་འགྲོ་སེང་གདོང་མ། །པདྨ་འབྱུང་གནས་ལ་སོགས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །སྔོན་གྱི་དམ་ཚིག་དྲན་གྱིས་ལ། །དམ་ལྡན་རྡོ་རྗེའི་སློབ་བུ་འདིའི། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཕྱི་ནང་གསང་བའི་བར་ཆད་སོལ། །ཉམས་རྟོགས་བདེ་ཆེན་ཡེ་ཤེས་བསྐྱེད། །རྩ་རླུང་ཐིག་ལེའི་དཀྱིལ་འཁོར་ལ། །དཔའ་བོ་མཁའ་འགྲོའི་འདུ་བ་སྤེལ། །འདུ་བ་གསུམ་དང་འབར་བ་ཡི། །དངོས་གྲུབ་ཆུ་བོའི་རྒྱུན་ལྟར་སྤེལ། །དགྲ་གསུམ་བསད་ཅིང་བདུད་བཞི་སྒྲོལ། །ཡེ་ཤེས་མཁའ་འགྲོའི་གསང་གསུམ་དང་། །དབྱེར་མེད་གྲུབ་པའི་ཕྲིན་ལས་མཛོད། །སྲོག་སྔགས་མཐར། བཛྲ་ས་མ་ཡ་རཀྵ་ནྟུ། ཞེས་བརྗོད་དམ་བསྒྲགས་བདུད་རྩི་གཏོར། ཐུན་མོང་མིན་པའི་སློབ་བུ་ལ། །སྲོག་གི་སྙིང་ཆུ་སྦྱིན་པ་ནི། །སློབ་དཔོན་ཐུགས་ནས་འོད་ཟེར་གྱིས། །སློབ་མའི་གནས་ལྔའི་མཁའ་འགྲོ་བསྐུལ། །དེ་རྣམས་ཐུགས་ནས་འོད་དམར་འཕྲོས། །མདུན་གྱི་འཇིག་རྟེན་མཁའ་འགྲོ་བསྐུལ། །རང་རང་སྲོག་གི་སྙིང་པོ་རྣམས། །འོད་དམར་ལྕགས་ཀྱུའི་རྩེར་དྲངས་ཏེ། །སློབ་མའི་གནས་ལྔའི་ཡེ་ཤེས་ཀྱི། །མཁའ་འགྲོའི་ཐུགས་ཀྱི་ཐིག་ལེར་བསྟིམ། །གོང་གནོན་སྔགས་ཀྱི་མགོ་དྲངས་ཏེ། །ཕྱི་ནང་གསང་སྒྲུབ་སྲོག་སྔགས་རྣམས། །བཟླ་དང་བདུད་རྩིའི་མེ་ལོང་བཀྲུ། །དེ་ཉིད་གཏོར་དང་བླུགས་པ་དང་། །ཞམ་ཆུ་སློབ་མར་སྦྱིན་པར་བྱ། །མཐར་ནི་སྨན་བཙུན་ཌཱ་ཀི་ལྔ། །རྗེས་སུ་ཆགས་པའི་འོད་ཞུ་ནས། །ཐིག་ལེ་ལྔ་རུ་གྱུར་པ་ལ། །སེམས་གཏད་མཐར་ནི་གཅིག་ཏུ་འདྲེས། །ལྔ་ལྡན་ཐིག་ལེའི་གོང་བུ་ནི། །ལྟེ་འོག་རྩ་གསུམ་འདུས་པའི་མདོར། །རྟག་ཏུ་གནས་པར་བསམ་པ་ནི། །གསང་རྟེན་ལུས་ལ་སྦ་བ་སྟེ། །མན་ངག་སྙིང་པོ་མཐར་ཐུག་གོ །འདི་ནི་ཤིན་ཏུ་གཉན་པས་ན། །དམ་ལྡན་བརྒྱུད་འཛིན་ཁོ་ན་ལས། །གཞན་དུ་སྤེལ་བར་མི་བྱའོ། །བཀྲ་ཤིས་བརྗོད་ཅིང་དམ་ཚིག་བསྒྲགས། ཧོཿབླ་མ་མཆེད་ལྕམ་ལ་གུས་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །ཕྱི་ནང་གསང་བའི་བསྙེན་སྒྲུབ་བརྩོན། །ཤེས་རབ་མ་ལ་སྨད་མི་བྱ། །རྟག་ཏུ་མཆོད་ཅིང་གཏོར་མར་བརྩོན། །དམ་མེད་རྣམས་ལ་ཆོས་སྐྱོང་གི། ཕྱག་རྒྱ་རྟེན་རྫས་བསྟན་མི་བྱ། །རྨེ་མནོལ་གདོལ་ཤན་གྲིབ་ལ་འཛེམ། །མཆོད་གཏོར་འབགས་པ་ལ་སོགས་པའི། །དམ་ཚིག་གཉེན་པོ་སྲུང་བར་གྱིས། །ཞེས་བསྒྲགས་ཁས་བླངས་མཎྜལ་སོགས། །དབང་གི་རྗེས་རིམ་རྣམས་བྱའོ། །སླར་ཡང་མཆོད་སྐོང་གཏོར་མ་སྟོབས། །ཕྲིན་ལས་རྗེས་ཀྱི་ཆོ་ག་བྱ།། །།
[edit]

sman btsun rdo rje g.yu sgron ma'i srog dbang bde chen myur lam ye shes 'gugs pa'i lcags kyu zhes bya ba bzhugs so/__/ye shes dbyings kyi rje mor 'dud/__sman btsun rdo rje g.yu sgron ma'i/__/srog gtad rjes gnang bya ba la/__/stegs bur maN+Dal 'dab brgyad kyi/__/lte bar chos 'byung gis mtshan bshams/__/gtor ma bum pa bdud rtsi dang /__/me long sngags rgyan shel rdo bshams/__/mchod gtor bag gro brjid ldan gyi/__/bkod pa mdzes par bkram byas nas/__/bdag nyid gu ru zhi ba yi/__/bskyed bzlas bya zhing mchod gtor brlabs/__/srung ma'i phrin las gzhung bzhin bya/__/bum par ye shes mkha' 'gro lnga/__/gsal la oM ba~M ha ri ni sa hU~M zhes bzla/__bsang chu/__/slob mar khrus byas maN+Dal 'bul/__/gsol btab rgyud sbyong rim song nas/__/slob ma lhar bskyed ye shes dbab/__/gong gnon gu ru'i gtor ma ni/__/slob bu'i gnas gsum du 'jog pas/__kun mkhyen ye shes/__rdo rje slob dpon sogs sdom bzung kyang bya/__/rdo rje'i tshig bdun gsol 'debs kyi/__/byin rlabs dbang bskur sbyin par bya/__/de yi mdun du sgrub dkyil dang /__/dbyer med srung ma 'khor bcas gsang /__/spyan drangs las rim ci rigs bya/__/rten gtor slob ma'i lag tu gtad/__kye/__sman btsun rdo rje g.yu sgron ma/__/mched lnga 'khor dang bcas pa yi/__/sku yi byin rlabs dbang bskur ni/__/rig 'dzin slob bu khyod la sbyin/__/sngags mthar/__kA ya a b+hi Shiny+tsa oM/__brtan byed bum ba'i chus dbang bskur/__oM bkra shis bum pa'i gzhal yas khang /__/mkha' 'gro sde lnga'i lha tshogs bzhugs/__/spyi bo nas byon dbang bskur bas/__/phung khams sgrib pa kun dag shog__/kA la sha a b+hi Shiny+tsa oM/__/lus gang sgrib dag bde chen brnyes/__/chu lhag gnas lngar 'khyil ba las/__/sangs rgyas pad+ma rdo rje dang /__/rin chen las kyi mkha' 'gro rnams/__/so so'i rigs bdag bcas pa gsal/__/b+han+d+ha bdud rtsi mgrin par bzhag__/aHsman btsun DA ki sde lnga po/__/thod phreng sde lngar mnyam sbyor ba'i/__/dkar dmar lhag pa'i byang chub sems/__/dpa' bo khyod kyi lce la bzhag__/oM b+ho d+hi tsit+ta ma hA su kha ho/__rlung ro bsal zhing lus gnad bca'/__/lus nang rtsa gsum 'khor lo lnga'i/__/lte bar thod phreng sde lnga bzhugs/__yum bcas gsal/__lte 'og ra~M dang spyi bor ha~M/__/'bar 'dzag sbyor bas bde drod dang /__/mi rtog ye shes bsgrub par bya/__/me long sngags kyis brgyan pa gtad/__hoHmchog tu mi 'gyur bde ba che/__/ye shes dam pa 'byung ba'i gnas/__/rdo rje btsun mo'i chu skyes cher/__/thabs mchog khyod kyis rol par gyis/__snyoms 'jug dga' bzhi'i don ngo sprad/__shel rdo'i brda la brten byas te/__/don gyi ye shes ngo sprod bya/__e ma hoHrdo rje 'di ni chos kyi dbyings/__/rang bzhin 'od gsal dri ma med/__/gzung dang 'dzin pa las 'das pa'i/__/don dam mchog tu bde ba che/__/zhes brjod tshig gi ngo sprad gdab/__/rang rig sku gsum dbyer med kyi/__/dgongs pa'i ngang la mnyam par bzhag__/slar yang brtan gtor lag tu gtad/__kye hoHye shes dbyings kyi mkha' 'gro lnga/__/rnam pa 'jig rten srung ma'i tshul/__/sman btsun rdo rje g.yu sgron ma/__/sku ni ma nges cir yang ston/__/mtshan dang rnam 'phrul mtha' yas shing /__/gnas yul dur khrod skyong ba'i bdag__/phrin las thogs med dngos grub ster/__/gsang sngags bka' yi srung ma che/__/pad+ma 'byung gnas zab gter gyi/__/bstan pa skyong ba'i dbang mo che/__/tshe dang ye shes sbyin mdzad ma/__/mched lnga 'khor dang bcas pa rnams/__/sngon tshig dpal chen he ru ka/__rdo rje phag mo yum bcas dang /__/rdo rje mkha' 'gro seng gdong ma/__/pad+ma 'byung gnas la sogs kyi/__/spyan sngar khas blangs dam bcas pa'i/__/sngon gyi dam tshig dran gyis la/__/dam ldan rdo rje'i slob bu 'di'i/__/lus dang grib ma bzhin du 'grogs/__/phyi nang gsang ba'i bar chad sol/__/nyams rtogs bde chen ye shes bskyed/__/rtsa rlung thig le'i dkyil 'khor la/__/dpa' bo mkha' 'gro'i 'du ba spel/__/'du ba gsum dang 'bar ba yi/__/dngos grub chu bo'i rgyun ltar spel/__/dgra gsum bsad cing bdud bzhi sgrol/__/ye shes mkha' 'gro'i gsang gsum dang /__/dbyer med grub pa'i phrin las mdzod/__/srog sngags mthar/__badz+ra sa ma ya rak+Sha n+tu/__zhes brjod dam bsgrags bdud rtsi gtor/__thun mong min pa'i slob bu la/__/srog gi snying chu sbyin pa ni/__/slob dpon thugs nas 'od zer gyis/__/slob ma'i gnas lnga'i mkha' 'gro bskul/__/de rnams thugs nas 'od dmar 'phros/__/mdun gyi 'jig rten mkha' 'gro bskul/__/rang rang srog gi snying po rnams/__/'od dmar lcags kyu'i rtser drangs te/__/slob ma'i gnas lnga'i ye shes kyi/__/mkha' 'gro'i thugs kyi thig ler bstim/__/gong gnon sngags kyi mgo drangs te/__/phyi nang gsang sgrub srog sngags rnams/__/bzla dang bdud rtsi'i me long bkru/__/de nyid gtor dang blugs pa dang /__/zham chu slob mar sbyin par bya/__/mthar ni sman btsun DA ki lnga/__/rjes su chags pa'i 'od zhu nas/__/thig le lnga ru gyur pa la/__/sems gtad mthar ni gcig tu 'dres/__/lnga ldan thig le'i gong bu ni/__/lte 'og rtsa gsum 'dus pa'i mdor/__/rtag tu gnas par bsam pa ni/__/gsang rten lus la sba ba ste/__/man ngag snying po mthar thug go__/'di ni shin tu gnyan pas na/__/dam ldan brgyud 'dzin kho na las/__/gzhan du spel bar mi bya'o/__/bkra shis brjod cing dam tshig bsgrags/__hoHbla ma mched lcam la gus dang /__/byang chub sems ni spang mi bya/__/phyi nang gsang ba'i bsnyen sgrub brtson/__/shes rab ma la smad mi bya/__/rtag tu mchod cing gtor mar brtson/__/dam med rnams la chos skyong gi/__phyag rgya rten rdzas bstan mi bya/__/rme mnol gdol shan grib la 'dzem/__/mchod gtor 'bags pa la sogs pa'i/__/dam tshig gnyen po srung bar gyis/__/zhes bsgrags khas blangs maN+Dal sogs/__/dbang gi rjes rim rnams bya'o/__/slar yang mchod skong gtor ma stobs/__/phrin las rjes kyi cho ga bya//___//

Footnotes

Other Information