རྩ་གསུམ་ཚེ་དཀར་གྱི་བསྐང་བ་འཆི་མེད་བདེ་ཆེན་བཅུད་འབེབས།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-023
Wylie title rtsa gsum tshe dkar gyi bskang ba 'chi med bde chen bcud 'bebs JKCL-KABUM-05-CA-023.pdf
Location chos kyi blo gros bka' 'bum
Volume 5, Text 23, Pages 299-303 (Folios 1a1 to 3a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rtsa gsum tshe dkar gyi bskang ba 'chi med bde chen bcud 'bebs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 299-303. Bir, H.P.: Khyentse Labrang, 2012.
Genre Mending Rituals - bskang chog
Deity tshe dkar
Colophon

།དེ་ལྟར་བསྐང་བཤགས་མཆོད་སྤྲིན་འདི། །བཀྲ་ཤིས་འཆི་མེད་གྲུབ་པ་ཡི། །དགའ་ཚལ་རྒྱས་པའི་གཞལ་མེད་ཁང་། །འཆི་མེད་རྡོ་རྗེ་གཟི་བརྗིད་ཀྱི། །བྱིན་རླབས་ཆ་ཙམ་ཐོབ་པ་ལས། །བཀྲ་ཤིས་དགེ་མཚན་རྒྱས་པའི་དུས། །འཆི་མེད་ལྷ་ཚོགས་སྒྲུབ་པའི་སྐབས། །གང་ཤར་ཡུད་ཙམ་བྲིས་པའི་དགེས། །པདྨས་ཁེབས་པའི་ཞིང་ཁམས་སུ། །འཆི་མེད་རྡོ་རྗེའི་ས་ཐོབ་ཤོག །།།

/de ltar bskang bshags mchod sprin 'di/__/bkra shis 'chi med grub pa yi/__/dga' tshal rgyas pa'i gzhal med khang /__/'chi med rdo rje gzi brjid kyi/__/byin rlabs cha tsam thob pa las/__/bkra shis dge mtshan rgyas pa'i dus/__/'chi med lha tshogs sgrub pa'i skabs/__/gang shar yud tsam bris pa'i dges/__/pad+mas khebs pa'i zhing khams su/__/'chi med rdo rje'i sa thob shog__///

1 Texts in this Section (sde tshan or chos tshan)

[edit]
རྩ་གསུམ་ཚེ་དཀར་གྱི་བསྐང་བ་འཆི་མེད་བདེ་ཆེན་བཅུད་འབེབས་བཞུགས། ཚོགས་དང་མཆོད་གཏོར་སྤྱན་གཟིགས་དང་། །ཕྱི་ནང་མཆོད་རྫས་རྒྱ་ཆེར་བཤམས། །སྙན་པའི་དབྱངས་དང་རོལ་མོ་བཅས། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ མཁའ་སྤྱོད་དག་པ་འཇའ་འོད་འཁྲིགས་པའི་ཀློང་། །ཚེ་དཔག་མེད་དང་ཡུམ་མཆོག་ཙནྡྷཱ་ལི། །ནཱ་གཱ་རྫུ་ན་པདྨ་སཾ་བྷ་ཝ། །མནྡཱ་ར་བ་བདེ་ཆེན་རྒྱལ་མོ་དང་། །མངའ་བདག་ཚངས་ཆེན་ལྷ་སྲས་རོལ་པ་རྩལ། །བདུད་འཇོམས་རྡོ་རྗེ་མཆོག་གྱུར་བདེ་ཆེན་གླིང་། །རྡོ་རྗེ་གཟི་བརྗིད་པདྨ་གར་དབང་སོགས། །ཚེ་བདག་བརྒྱུད་པའི་བླ་མ་ཐམས་ཅད་བཞུགས། །མི་མངོན་དབྱིངས་ནས་ཐུགས་རྗེ་གློག་ལྟར་མྱུར། །འདིར་གཤེགས་མོས་པའི་བུ་ལ་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་རྣམས་ལ་དངོས་གྲུབ་སྩོལ། །མི་ཤིགས་རྡོ་རྗེའི་སྲོག་མཆོག་འགྲུབ་པར་མཛོད། །ཧཱུྃ་ཧྲཱིཿའོད་གསལ་དག་པ་བདེ་ཆེན་ཕོ་བྲང་དབུས། །རིན་ཆེན་སེང་ཁྲི་པདྨ་ཟླ་བའི་སྟེང་། །ཚེ་བདག་བཅོམ་ལྡན་རྒྱལ་བ་རིགས་ལྔ་དང་། །སྒྱུ་འཕྲུལ་ཞི་བ་ཚེ་ལྷའི་ཚོམ་བུར་བཅས། །འགུགས་བྱེད་ལྷ་མོ་མགྱོགས་མ་རྣམ་པ་བཞི། །བཀྲ་ཤིས་རྟགས་ཀྱི་ཚེ་ཡི་ལྷ་མོ་སོགས། །དཀྱིལ་འཁོར་བསམ་ཡས་རབ་འབྱམས་རྒྱ་མཚོ་ལ། །བདེ་སྟོང་མཁའ་ཁྱབ་རྡོ་རྗེའི་མཆོད་སྤྲིན་གྱིས། །ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་བསྐང་། །ཧཱུྃ་ཧྲཱིཿཐུགས་དམ་བསྐང་བའི་ཕྱི་ནང་མཆོད་རྫས་ནི། །དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །ཀུན་བཟང་མཆོད་སྤྲིན་མཁའ་དབྱིངས་རྒྱས་པར་བསྐང་། །རྩ་གསུམ་ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །སྡིག་ལྟུང་དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས། །འཆི་མེད་རྡོ་རྗེའི་གསང་གསུམ་འགྲུབ་པར་མཛོད། །ཧཱུྃ་ཧྲཱིཿདཀྱིལ་འཁོར་རབ་འབྱམས་ལྷ་ཚོགས་ཐམས་ཅད་ལ། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞ་ཟས་རོལ་མོ་ལྷ་མིའི་ལོངས་སྤྱོད་མཆོག །སོ་སོའི་བཞེད་རྒུར་འཆར་བའི་མཆོད་སྤྲིན་གྱིས། །རྩ་གསུམ༴། སྡིག་ལྟུང་༴། འཆི་མེད༴། གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་མོའི་ཚོགས། །ལག་ན་འདོད་ཡོན་ཐོགས་པ་དཔག་མེད་ཀྱིས། །དཀྱིལ་འཁོར་ལྷ་ཚོགས་ཟག་མེད་དབང་པོའི་ཡུལ། །དགྱེས་པར་བསྐྱེད་པའི་འདོད་ཡོན་བསམ་མི་ཁྱབ། །རྩ་གསུམ་སོགས་འགྲེ། ཕྱི་ནང་གསང་གསུམ་རྡོ་རྗེའི་མཎྜ་ལར། །འཁོར་འདས་སྣང་སྲིད་སྣོད་བཅུད་དཔལ་འབྱོར་གྱི། །སྐུ་གསུམ་ཞིང་ཁམས་རྒྱས་པར་ཡོངས་བཀང་ནས། །མོས་པའི་བློ་དང་ཏིང་འཛིན་སྟོབས་ཀྱིས་འབུལ། །རྩ་གསུམ༴། བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རྣམ་པ་བདུན། །ཉེ་བའི་རིན་ཆེན་བདུན་དང་གཞལ་མེད་ཁང་། །བདེ་ཆེན་ཞིང་གི་བཀོད་པ་དཔག་མེད་ཀྱིས། །རྩ་གསུམ༴རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་ཕུད་དང་། །སྣོད་བཅུད་ཡོངས་རྫོགས་བ་ལིང་གཏོར་མ་བཤམ། །རྒྱུ་དྲུག་འཁོར་བ་བསྒྲལ་བའི་རཀྟ་ཡིས། །རྩ་གསུམ༴། ཀུན་གཞི་གསང་བ་ཆེན་པོའི་ཀོང་བུ་རུ། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་མར་ཁུས་གཏམས། །ཤེས་རབ་རང་བྱུང་སྒྲོན་མའི་སྡོང་བུ་ལ། །འོད་གསལ་ཐིག་ལེ་ཆེན་པོའི་མར་མེ་སྦར། །རྩ་གསུམ༴། ཨཱཿལས་བྷནྡྷ་སྟོང་གསུམ་ཁྱོན་མཉམ་ནང་། །ཤ་ལྔ་བདུད་རྩི་ལྷུན་པོར་སྤུངས་པ་ལས། །ཟག་མེད་ཡེ་ཤེས་བདུད་རྩིའི་འདོད་ཡོན་འཕྲོ། །རྨད་བྱུང་ག་ཎ་ཙཀྲའི་མཆོད་པ་འདིས། །རྩ་གསུམ༴། དགའ་བཞིའི་ཉམས་འགྱུར་རྫོགས་པའི་ལྷ་མོ་ཡིས། །དྲི་དང་ཕྲེང་ཐོགས་འཇོ་སྒེག་ལང་ཚོ་ངོམ། །བཅུ་དྲུག་བདེ་བའི་གར་བསྒྱུར་མཆོད་སྤྲིན་གྱིས། །རྩ་གསུམ༴། པད་ཅན་དུང་དང་རི་དྭགས་གླང་སྣ་ཅན། །ཡིད་འཕྲོག་ལྷ་མོ་ཨུཏྤལ་དྲི་བསུང་འཐུལ། །ཟག་མེད་མཉམ་སྦྱོར་འཁྲིལ་ཆགས་དགྱེས་མཆོད་ཀྱིས། །རྩ་གསུམ༴། ཀུན་ནས་ཀུན་དུ་དགའ་བའི་གར་བསྒྱུར་ཤིང་། །སྙན་པའི་གླུ་ལེན་ལྷ་རྫས་རོལ་མོ་འཁྲོལ། །དཀྱིལ་འཁོར་ལྷ་ཚོགས་ཡོན་ཏན་སྒྲོགས་པ་ཡི། །བསྟོད་དབྱངས་རྒྱ་མཚོའི་སྤྲིན་གྱི་བླ་བྲེ་བྲེས། །རྩ་གསུམ༴། གང་དག་ཞི་བས་གདུལ་བར་དཀའ་བ་རྣམས། །དྲག་པོའི་སྟོབས་ཀྱི་ས་གསུམ་གདུག་ཅན་བསྒྲལ། །མཁའ་དབྱིངས་གཏུན་བུར་ཐབས་ཀྱི་རྡོ་རྗེས་བརྡུང་། །ཡེ་ཤེས་རིག་པའི་མཚོན་ཆས་དུམ་བུར་གཏུབ། །དབང་ཆེན་ཁྲོ་བོ་རོལ་པའི་ཞལ་དུ་སྟོབས། །སྐྱེ་ཤི་རྩད་བཅད་དུག་ལྔའི་རྣམ་རྟོག་བཟློག །ག་ཎ་སྒྲོལ་བའི་དགྱེས་མཆོད་དམ་པ་འདིས། །རྩ་གསུམ་ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །སྡིག་ལྟུང་དམ་ཚིག་ཉམས་ཆགས་མཐོལ་ལོ་བཤགས། །འཆི་མེད་རྡོ་རྗེའི་གསང་གསུམ་འགྲུབ་པར་མཛོད། །ཧཱུྃ་ཧྲཱིཿདཀྱིལ་འཁོར་ཆེན་པོའི་བཀའ་ཉན་བསྟན་པ་སྲུངས། །རྡོ་རྗེའི་ཆོས་སྲུངས་ནོར་ལྷ་གཏེར་བདག་དང་། །གནས་དང་གཞི་བདག་དཀར་ཕྱོགས་སྐྱོང་རྣམས་ལ། །མཐུན་པའི་དམ་རྫས་འདོད་ཡོན་མཆོད་སྤྲིན་གྱིས། །ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང་། །དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས། །ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ། །རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་གྲོགས་མཛོད་ཅིག །ཧཱུྃ་ཧྲཱིཿབཅོམ་ལྡན་བདེ་གཤེགས་རྣམ་སྣང་ཚེ་དཔག་མེད། །རྡོ་རྗེ་རིན་ཆེན་པདྨ་ལས་རབ་ཀྱི། །ཚེ་ལྷ་བཅོམ་ལྡན་རྒྱལ་བ་རིགས་ལྔ་དང་། །ལྷ་མོ་མགྱོགས་མ་འཁོར་དང་བཅས་པ་ཡི། །འབྱུང་ལྔའི་བཅུད་བསྡུས་ཁམས་ལྔ་ཉམས་པ་གསོལ། །དུག་ལྔ་གནས་དག་ཡེ་ཤེས་ལྔ་མངོན་གྱུར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རིགས་མཆོག་གི། ཚེ་ཡི་དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཚེ་ཡི་དངོས་གྲུབ་དམ་པ་སྩལ་ནས་ཀྱང་། །རིགས་ལྔ་ཚེ་དཔག་མེད་དང་དབྱེར་མེད་ཅིང་། །གཞོམ་བྲལ་མི་ཤིགས་རྡོ་རྗེའི་སྐུ་ཐོབ་ཤོག །ཧཱུྃ་ཧྲཱིཿདེ་ལྟར་བསྐང་ཞིང་བཤགས་པའི་བྱིན་རླབས་ཀྱིས། །བདག་གཞན་ཚེ་ཐུང་རྒྱུ་འབྲས་ཀུན་ཞི་ཞིང་། །འཆི་བདག་གཤེད་པོའི་བདུད་ལས་རྣམ་པར་རྒྱལ། །འཆི་མེད་ཚེ་ཡི་བུམ་བཟང་རབ་ཏུ་བརྟན། །བཀྲ་ཤིས་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་གྱིས། །སྒོ་གསུམ་འཆི་མེད་རྡོ་རྗེའི་སྐུ་གསུང་ཐུགས། །དཀའ་བ་མེད་པར་དེང་འདིར་འགྲུབ་པ་དང་། །འགྲོ་རྣམས་འཆི་མེད་ས་ལ་འགོད་པར་ཤོག །ཚེ་དབང་རིག་འཛིན་བླ་མའི་བྱིན་རླབས་དང་། །ཡི་དམ་བཅོམ་ལྡན་རིགས་ལྔ་ཚེ་དཔག་མེད། །དྷཱ་ཀི་དབྱིངས་ཕྱུག་མནྡཱ་ར་བ་ཡི། །བྱིན་རླབས་བཀྲ་ཤིས་དགེ་ལེགས་དཔལ་འབར་ཤོག །དེ་ལྟར་བསྐང་བཤགས་མཆོད་སྤྲིན་འདི། །བཀྲ་ཤིས་འཆི་མེད་གྲུབ་པ་ཡི། །དགའ་ཚལ་རྒྱས་པའི་གཞལ་མེད་ཁང་། །འཆི་མེད་རྡོ་རྗེ་གཟི་བརྗིད་ཀྱི། །བྱིན་རླབས་ཆ་ཙམ་ཐོབ་པ་ལས། །བཀྲ་ཤིས་དགེ་མཚན་རྒྱས་པའི་དུས། །འཆི་མེད་ལྷ་ཚོགས་སྒྲུབ་པའི་སྐབས། །གང་ཤར་ཡུད་ཙམ་བྲིས་པའི་དགེས། །པདྨས་ཁེབས་པའི་ཞིང་ཁམས་སུ། །འཆི་མེད་རྡོ་རྗེའི་ས་ཐོབ་ཤོག །།།
[edit]

rtsa gsum tshe dkar gyi bskang ba 'chi med bde chen bcud 'bebs bzhugs/__tshogs dang mchod gtor spyan gzigs dang /__/phyi nang mchod rdzas rgya cher bshams/__/snyan pa'i dbyangs dang rol mo bcas/__/dkyil 'khor lha tshogs thugs dam bskang /__/hU~M hrIHmkha' spyod dag pa 'ja' 'od 'khrigs pa'i klong /__/tshe dpag med dang yum mchog tsan+d+hA li/__/nA gA rdzu na pad+ma saM b+ha wa/__/man+dA ra ba bde chen rgyal mo dang /__/mnga' bdag tshangs chen lha sras rol pa rtsal/__/bdud 'joms rdo rje mchog gyur bde chen gling /__/rdo rje gzi brjid pad+ma gar dbang sogs/__/tshe bdag brgyud pa'i bla ma thams cad bzhugs/__/mi mngon dbyings nas thugs rje glog ltar myur/__/'dir gshegs mos pa'i bu la byin gyis rlobs/__/'dir tshogs skal ldan rnams la dngos grub stsol/__/mi shigs rdo rje'i srog mchog 'grub par mdzod/__/hU~M hrIH'od gsal dag pa bde chen pho brang dbus/__/rin chen seng khri pad+ma zla ba'i steng /__/tshe bdag bcom ldan rgyal ba rigs lnga dang /__/sgyu 'phrul zhi ba tshe lha'i tshom bur bcas/__/'gugs byed lha mo mgyogs ma rnam pa bzhi/__/bkra shis rtags kyi tshe yi lha mo sogs/__/dkyil 'khor bsam yas rab 'byams rgya mtsho la/__/bde stong mkha' khyab rdo rje'i mchod sprin gyis/__/kun bzang yangs pa chen po'i klong du bskang /__/hU~M hrIHthugs dam bskang ba'i phyi nang mchod rdzas ni/__/dngos su 'byor dang yid las byung ba yi/__/kun bzang mchod sprin mkha' dbyings rgyas par bskang /__/rtsa gsum tshe yi lha tshogs thugs dam bskang /__/sdig ltung dam tshig nyams chag mthol lo bshags/__/'chi med rdo rje'i gsang gsum 'grub par mdzod/__/hU~M hrIHdkyil 'khor rab 'byams lha tshogs thams cad la/__/mchod yon me tog bdug spos mar me dri/__/zha zas rol mo lha mi'i longs spyod mchog__/so so'i bzhed rgur 'char ba'i mchod sprin gyis/__/rtsa gsum=/__sdig ltung =/__'chi med=/__gzugs sgra dri ro reg bya'i lha mo'i tshogs/__/lag na 'dod yon thogs pa dpag med kyis/__/dkyil 'khor lha tshogs zag med dbang po'i yul/__/dgyes par bskyed pa'i 'dod yon bsam mi khyab/__/rtsa gsum sogs 'gre/__phyi nang gsang gsum rdo rje'i maN+Da lar/__/'khor 'das snang srid snod bcud dpal 'byor gyi/__/sku gsum zhing khams rgyas par yongs bkang nas/__/mos pa'i blo dang ting 'dzin stobs kyis 'bul/__/rtsa gsum=/__bkra shis rtags rdzas rgyal srid rnam pa bdun/__/nye ba'i rin chen bdun dang gzhal med khang /__/bde chen zhing gi bkod pa dpag med kyis/__/rtsa gsum=rtsa brgyad stong la sbyar ba'i sman phud dang /__/snod bcud yongs rdzogs ba ling gtor ma bsham/__/rgyu drug 'khor ba bsgral ba'i rak+ta yis/__/rtsa gsum=/__kun gzhi gsang ba chen po'i kong bu ru/__/chos dbyings byang chub sems kyi mar khus gtams/__/shes rab rang byung sgron ma'i sdong bu la/__/'od gsal thig le chen po'i mar me sbar/__/rtsa gsum=/__AHlas b+han+d+ha stong gsum khyon mnyam nang /__/sha lnga bdud rtsi lhun por spungs pa las/__/zag med ye shes bdud rtsi'i 'dod yon 'phro/__/rmad byung ga Na tsakra'i mchod pa 'dis/__/rtsa gsum=/__dga' bzhi'i nyams 'gyur rdzogs pa'i lha mo yis/__/dri dang phreng thogs 'jo sgeg lang tsho ngom/__/bcu drug bde ba'i gar bsgyur mchod sprin gyis/__/rtsa gsum=/__pad can dung dang ri dwags glang sna can/__/yid 'phrog lha mo ut+pal dri bsung 'thul/__/zag med mnyam sbyor 'khril chags dgyes mchod kyis/__/rtsa gsum=/__kun nas kun du dga' ba'i gar bsgyur shing /__/snyan pa'i glu len lha rdzas rol mo 'khrol/__/dkyil 'khor lha tshogs yon tan sgrogs pa yi/__/bstod dbyangs rgya mtsho'i sprin gyi bla bre bres/__/rtsa gsum=/__gang dag zhi bas gdul bar dka' ba rnams/__/drag po'i stobs kyi sa gsum gdug can bsgral/__/mkha' dbyings gtun bur thabs kyi rdo rjes brdung /__/ye shes rig pa'i mtshon chas dum bur gtub/__/dbang chen khro bo rol pa'i zhal du stobs/__/skye shi rtsad bcad dug lnga'i rnam rtog bzlog__/ga Na sgrol ba'i dgyes mchod dam pa 'dis/__/rtsa gsum tshe yi lha tshogs thugs dam bskang /__/sdig ltung dam tshig nyams chags mthol lo bshags/__/'chi med rdo rje'i gsang gsum 'grub par mdzod/__/hU~M hrIHdkyil 'khor chen po'i bka' nyan bstan pa srungs/__/rdo rje'i chos srungs nor lha gter bdag dang /__/gnas dang gzhi bdag dkar phyogs skyong rnams la/__/mthun pa'i dam rdzas 'dod yon mchod sprin gyis/__/thugs dam gnyan po chos kyi dbyings su bskang /__/dam tshig nyams chags thams cad mthol lo bshags/__/thugs dang 'gal ba thams cad bzod par gsol/__/rdo rje'i tshe mchog sgrub pa'i grogs mdzod cig__/hU~M hrIHbcom ldan bde gshegs rnam snang tshe dpag med/__/rdo rje rin chen pad+ma las rab kyi/__/tshe lha bcom ldan rgyal ba rigs lnga dang /__/lha mo mgyogs ma 'khor dang bcas pa yi/__/'byung lnga'i bcud bsdus khams lnga nyams pa gsol/__/dug lnga gnas dag ye shes lnga mngon gyur/__/sku gsung thugs yon phrin las rigs mchog gi/__tshe yi dngos grub dam pa stsal du gsol/__/tshe yi dngos grub dam pa stsal nas kyang /__/rigs lnga tshe dpag med dang dbyer med cing /__/gzhom bral mi shigs rdo rje'i sku thob shog__/hU~M hrIHde ltar bskang zhing bshags pa'i byin rlabs kyis/__/bdag gzhan tshe thung rgyu 'bras kun zhi zhing /__/'chi bdag gshed po'i bdud las rnam par rgyal/__/'chi med tshe yi bum bzang rab tu brtan/__/bkra shis byin rlabs bdud rtsi'i chu rgyun gyis/__/sgo gsum 'chi med rdo rje'i sku gsung thugs/__/dka' ba med par deng 'dir 'grub pa dang /__/'gro rnams 'chi med sa la 'god par shog__/tshe dbang rig 'dzin bla ma'i byin rlabs dang /__/yi dam bcom ldan rigs lnga tshe dpag med/__/d+hA ki dbyings phyug man+dA ra ba yi/__/byin rlabs bkra shis dge legs dpal 'bar shog__/de ltar bskang bshags mchod sprin 'di/__/bkra shis 'chi med grub pa yi/__/dga' tshal rgyas pa'i gzhal med khang /__/'chi med rdo rje gzi brjid kyi/__/byin rlabs cha tsam thob pa las/__/bkra shis dge mtshan rgyas pa'i dus/__/'chi med lha tshogs sgrub pa'i skabs/__/gang shar yud tsam bris pa'i dges/__/pad+mas khebs pa'i zhing khams su/__/'chi med rdo rje'i sa thob shog__///__

Footnotes

Other Information