JKCL-KABUM-04-NGA-031

From Khyentse Lineage - A Tsadra Foundation Project

ཚར་ཆེན་རྡོ་རྗེ་འཆང་གི་ལམ་ཟབ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་མཆོད་ཆོག་བྱིན་རླབས་བདུད་རྩིའི་རོལ་མཚོ།
Wylie title tshar chen rdo rje 'chang gi lam zab bla ma'i rnal 'byor dang 'brel ba'i mchod chog byin rlabs bdud rtsi'i rol mtsho JKCL-KABUM-04-NGA-031.pdf
Location chos kyi blo gros bka' 'bum
Volume 4, Text 31, Pages 199-233 (Folios 1a1 to 18a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཚར་ཆེན་བློ་གསལ་རྒྱ་མཚོ་ (tshar chen blo gsal rgya mtsho)
Citation 'jam dbyangs mkhyen brtse chos kyi blo gros. tshar chen rdo rje 'chang gi lam zab bla ma'i rnal 'byor dang 'brel ba'i mchod chog byin rlabs bdud rtsi'i rol mtsho. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 199-233. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་ས་སྟག་དབོ་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུའི་མཆོད་པར་གསུང་ངག་རིན་པོ་ཆེའི་ཚོགས་ཀྱི་དགའ་སྟོན་ལ་སྤྱོད་པའི་ཚོགས་གྲལ་དུ་རིག་འཛིན་གྱི་བཙུན་པ་དྷརྨ་མ་ཏིས་གླུར་བླང་བའོ།།

/ces pa'ang sa stag dbo zla ba'i dmar phyogs kyi tshes bcu'i mchod par gsung ngag rin po che'i tshogs kyi dga' ston la spyod pa'i tshogs gral du rig 'dzin gyi btsun pa d+harma ma tis glur blang ba'o//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །ཚར་ཆེན་རྡོ་རྗེ་འཆང་གི་ལམ་ཟབ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་མཆོད་ཆོག་བྱིན་རླབས་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བྷཌྜ་རཱ་ཀ་དྷི་ཀ་ཤ་སཱ་ག་ར་ཡ། སྙན་བརྒྱུད་རྒྱ་མཚོའི་བསྟན་པའི་མངའ་བདག་ཆེ། །སྙིགས་དུས་རྡོ་རྗེ་འཛིན་པ་ཀུན་གྱི་རྗེ། །དྲན་པས་གདུང་སེལ་བློ་གསལ་རྒྱ་མཚོ་ཡི། །ཞབས་ལ་བཏུད་ནས་མཆོད་པའི་ཆོ་ག་དབྱེ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ། རྟེན་མཆོད་བཤམས་པ་དང་། ཆོ་གའི་སྔོན་འགྲོའོ། །དང་པོ་ནི། གནས་ཁང་ཕྱག་དར་དང་། ཆག་ཆག་ལེགས་པར་བཏབ། འཕན་གདུགས་སོགས་ཅི་འབྱོར་པའི་རྒྱན་བཀོད་ལ། སྟེགས་བུའི་གོང་དུ་རྩ་བའི་བླ་མའི་སྣང་བརྙན་སོགས་དཀོན་མཆོག་གི་རྟེན་བཀྲམ་པའི་མདུན་དུ་སྒྲུབ་པའི་མཎྜལ་པདྨ་འདབ་བརྒྱད་དབུས་ཚོམ་བུ་གཅིག་བཀོད། ཉེར་སྤྱོད་མཆོད་པ་བརྒྱ་རྩ་སོགས་ཅི་འབྱོར་དང་། བཀྲ་ཤིས་རྫས་རྟགས། སྣ་བདུན་སོགས་ཡོད་ན་བཀྲམ། རང་གི་མདུན་དུ། མཆོད་པའི་མཎྜལ། དྲི་བཟང་། བ་བྱུང་གི་ཆུ་དང་། རྡོར་དྲིལ། འཐོར་འབྲུ་སོགས་ལེགས་པར་འདུ་བྱས། དྲི་བཟང་གི་ཆུས་ཁ་བཤལ། བདེ་བའི་སྙན་ལ་འཁོད་དེ། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་རྣམ་གཉིས་ལ་ཡུན་རིང་དུ་བློ་བཞག་གོ། གཉིས་པ་ལ། མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཛྭ་ལ་ཨཱ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཨོཾ་སྭཱ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། སོགས་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། གི་བར་བརྗོད་ཅིང་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝེ། བཛྲ་ས་ཏྭ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང་། རོལ་མོ་དང་བཅས་པས་བྱིན་དབབ། དེ་ནས་སྐྱབས་ཡུལ་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཅི་མང་དང་། ཐལ་མོ་སྙིང་གར་སྦྱར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྐྱབས་གསོལ་བྱས་ནས་སྐྱབས་ཡུལ་རང་ལ་བསྟིམ། སྨོན་འཇུག་གི་དོན་དྲན་བཞིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྤྱི་ལྟར་བསྒོམ། དེ་རྣམས་ནི་སྔོན་འགྲོ་སྦྱོར་བའི་རིམ་པའོ། །གཉིས་པ་དངོས་གཞི་ལ། རྟེན་བསྐྱེད་པ། ཚོགས་བསགས་པ། གསོལ་བ་བཏབ་པའོ། །དང་པོ་ནི། ཨོཾ་སྭཱ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ་྅ཧཾ། དབྱིངས་སྟོང་ཉིད་སྤྲོས་བྲལ་ནམ་མཁའི་ཀློང་། །གདངས་གསལ་རིག་འགགས་མེད་འཇའ་གུར་དབུས། །སེང་ཁྲི་དང་པདྨ་ཟླ་བའི་སྟེང་། །དཔལ་ཧེ་རུ་ཀ་དངོས་ཚར་པ་རྗེ། །སྐུ་དམར་སྨུག་མཚན་དཔེའི་གཟི་བྱིན་འབར། །སྤྱན་ལྟ་སྟངས་བར་སྣང་ཁམས་སུ་གཟིགས། །ཕྱག་གཡས་པས་ཆོས་འཆད་གླེགས་བམ་དང་། །གཡོན་མཉམ་བཞག་བྷནྡྷ་ཚེ་བུམ་བསྣམས། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །ཚུལ་རབ་མཛེས་ཆོས་གོས་རྣམ་གསུམ་དང་། །དབུ་པད་རག་མདངས་ཅན་ཞྭ་མོ་གསོལ། །ཐུགས་བདེ་སྟོང་ཆེན་པོའི་རྣམ་རོལ་ལས། །སྐྱབས་དཀོན་མཆོག་རྒྱ་མཚོ་སྤྲིན་བཞིན་གཏིབ། །མགོན་དཔའ་བོ་མཁའ་འགྲོས་གླུ་གར་ལེན། །དཔལ་ཆོས་སྲུང་ནོར་ལྷས་བཀའ་བཞིན་བསྒྲུབ། །ཀུན་ཐ་མལ་ཤེས་པ་རང་འགགས་ངང་། །སྣོད་བཅུད་ཀུན་འོད་གསལ་ལྷ་སྐུར་ཤར། །གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་དང་། །ཧཱུྃ་སྔོན་པོས་མཚན་ལས་འོད་འཕྲོས་པས། །སྐྱབས་གནས་ཀུན་སྤྱན་དྲངས་དབྱེར་མེད་ཐིམ། །སྐུ་གཟི་བརྗིད་མཚན་དཔེ་དཔལ་དུ་འབར། །གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྒྲ་སྒྲོགས། །ཐུགས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཏེར། །རྗེ་དྲན་པ་ཙམ་གྱིས་སྲིད་དང་ཞིའི། །འཇིགས་པ་ཀུན་འཕྲོག་པའི་ངོ་བོར་གསལ། །གཉིས་པ་ཚོགས་བསགས་ཡན་ལག་བདུན་པ་བྱ་བ་ལ་བདུན་ལས། །དང་པོ་ནི། རང་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་སོགས་མཆོད་པའི་ལས་ལ་འཇུག་པར་མོས་པ་དང་བཅས། མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ། དམ་པའི་ཆོས་ཐམས་ཅད་ཀྱི་འབྱུང་གནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བླ་མ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས། ཆོས་ཀྱི་རྗེ་ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། མཁྱེན་བརྩེ་ནུས་གསུམ་གཅིག་བསྡུས་པ། རྡོ་རྗེ་འཆང་དངོས་ཚར་པ་རྗེའི། །ཞབས་ཀྱི་པདྨོར་གུས་པས་འདུད། །ཁྱེད་ཀྱིས་བསོད་ནམས་ཡེ་ཤེས་ཚོགས། །བསྐལ་པ་དུ་མར་རབ་བསྒྲུབས་པས། །བཞེད་པའི་དོན་རྣམས་ཡོངས་རྫོགས་པའི། །བློ་གསལ་རྒྱ་མཚོ་ལ་ཕྱག་འཚལ། །འཁྲུལ་པ་མི་མངའ་ཉེས་མི་མངའ། །ཚུལ་ཁྲིམས་ཕུང་པོས་བརྒྱན་པའི་སྐུ། །མཐོང་བ་ཙམ་གྱིས་རབ་དད་པར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཅ་ཅོ་མི་མངའ་རྣམ་དག་གསུང་། །ཐ་དད་སྐད་ཀྱིས་མཐའ་ཡས་པའི། །གདུལ་བྱའི་དབང་པོ་ཚིམ་མཛད་པའི། །གསུང་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །མཉམ་པར་གཞག་ཅིང་རྟོག་མི་མངའ། །འགྲོ་བའི་ཡིད་ལ་མཉམ་པར་འཇུག །ཏིང་ངེ་འཛིན་དང་གཟུངས་ཀྱི་གཏེར། །རྣམ་གྲོལ་ཐུགས་ལ༴ །ཁྱེད་ཀྱི་ཤེས་བྱའི་དཀྱིལ་འཁོར་འདི། །མ་ལུས་ཐུགས་སུ་ཆུབ་གྱུར་པས། །འཆད་རྩོད་རྩོམ་པའི་བྱ་བ་ལ། །མངའ་བརྙེས་ཁྱོད་ལ༴ །དམིགས་པ་ཀུན་ལས་རྣམ་གྲོལ་ཞིང་། །ཐུགས་རྗེ་ཆེན་པོ་དང་ལྡན་པས། །གཞན་དོན་དུས་ལས་མི་འདའ་བའི། །བརྩེ་ཆེན་ཁྱོད་ལ༴ །མཁྱེན་བརྩེ་བརྩོན་པའི་སྟོབས་ཆེན་གྱིས། །བདུད་ཀྱི་སྟོབས་རྣམས་འཇོམས་མཛད་ཅིང་། །ཉོན་མོངས་བྱང་ཆུབ་ལམ་བསྒྱུར་བའི། །མཐུ་ཆེན་ཁྱོད་ལ༴ །འཁོར་བ་ཇི་སྲིད་གནས་ཀྱི་བར། །རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས། །དེ་སྲིད་དེ་ཡི་དོན་མཛད་པའི། །ཕྲིན་ལས་དབང་ཕྱུག་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་གཞན་དོན་ཕྱིར། །སོ་སོ་སྐྱེ་བའི་སྐུར་སྟོན་པ། །མཚུངས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་པོ་ཁྱེད་ཉིད་དེ། །ཁྱེད་ཉིད་དཀོན་མཆོག་གསུམ་ཡང་ལགས། །དེ་བས་རྣམ་པ་ཐམས་ཅད་དུ། །ཁྱོད་ལ་གུས་པས༴ །སྟོན་མཆོག་ཁྱེད་ལ༴ །སྐྱབས་མཆོག་ཁྱོད་ལ༴ འདྲེན་པ་མཆོག་ལ༴ །བླ་མ་མཆོག་ལ༴ །གང་ལ་ཁྱོད་ཀྱིས་སྐུ་རེག་ཅིང་། །ཁྱོད་གསུང་ཐོས་ཤིང་འཛིན་པ་དང་། །ཁྱོད་ཀྱི་ཐུགས་རྗེས་རྗེས་བཟུངས་བ། །དེ་དག་ཀུན་ལའང་༴ །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །འགྲོ་བའི་དོན་དུ་བཞུགས་པ་ཡི། །རྫོགས་པའི་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་གུས་པས༴ །ཐོག་མ་བར་དང་མཐར་དགེ་ཞིང་། །རྣམ་པར་དཀར་ལ་མ་འདྲེས་པ། །ངེས་པར་འབྱུང་བ་མཆོག་གི་ལམ། །དམ་པའི་ཆོས་ལ༴ །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ལྷ་དང་མི་ཡི་མཆོད་པའི་གནས། །རྒྱལ་སྲས་རང་རྒྱལ་དགྲ་བཅོམ་པ། །ཚོགས་མཆོག་དགེ་འདུན་ལ་ཕྱག་འཚལ། །ཚུལ་གནས་ཐོས་དང་བསམ་ལྡན་ཞིང་། །ཏིང་ངེ་འཛིན་ལ་མཉམ་པར་གནས། །བདེ་གཤེགས་བསྟན་པ་གཅེས་འཛིན་པའི། །བཤེས་གཉེན་ཀུན་ལ་ཕྱག་འཚལ་ལོ། །མཆོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །གཉིས་པ་མཆོད་པ་ལ། སྤྱིར་མཆོད་པ་ནི། མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་དང་། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲས། །བླ་མའི་ཚོགས་དང་དཀོན་མཆོག་མཆོད། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །བདག་པོས་ཡོངས་སུ་མ་བཟུང་བའི། །མཆོད་པའི་ཡོ་བྱད་ཅི་མཆིས་པ། །བློ་ཡིས་བླང་ནས་འབུལ་བར་བགྱི། །རབ་དྭངས་ཡིད་ལས་བྱུང་གྱུར་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་ནི། །མཁའ་དང་མཉམ་པ་དུ་མ་ཡིས། །ཡོན་ཏན་རྒྱ་མཚོ་སྲས་བཅས་མཆོད། །དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྙོག་པ་ཀུན་ལས་རྣམ་གྲོལ་པའི། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །འདོད་ཡོན་ལྔ་བཀྲ་ཤིས་རྟགས་བརྒྱད་རྣམས་འབུལ་བ་ནི། ཐལ་མོ་སྙིང་གར་སྦྱར་ལ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དཔལ་ལྡན་བླ་མར་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ། མེ་ཏོག་དང་། པཱུཥྤེ། བདུག་སྤོས་དང་། དྷཱུ་པེ། སྣང་གསལ་དང་། ཨ་ལོ་ཀེ། དྲི་མཆོག་དང་། གྷནྡྷེ། ཞལ་ཟས་དང་། ནཻ་ཝིདྱ། སིལ་སྙན་དང་། ཤབྡ་རྣམས་སྦྱར་བའི་མཐར། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པྲ་ར་མི་ཏཱ་ནཱ་ད་སཾ་བྷ་ཝེ། བཛྲ་ས་ཏྭ་ཧྲི་ད་ཡ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། བརྗོད་ཅིང་རོལ་མོ་བྱའོ། །ཨོཾ་སརྦ་བི་ཏ་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་། ཨ་ཝརྟ་ཡ་ཧོ། ཞེས་བརྗོད་ཅིང་། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཎི་རཏྣ༴ །བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཤྲཱི་རཏྣ༴ །བློན་པོ་རིན་ཆེན༴ །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱ་ཏ་རཏྣ༴ །གླང་པོ་རིན་ཆེན༴ །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧ་སྟི་རཏྣ༴ །རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨ་ཤྭ་རཏྣ༴ །དམག་དཔོན་རིན་ཆེན་འདི༴ །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁངྒ་རཏྣ༴ །ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝ་ར་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། མོས་བློས༴ སོགས། ཤབྡ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། མོས་བློས༴ གྷནྡྷེ༴ །ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་རྣམས། མོས་བློས༴ རཱ་ས༴ །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། མོས་བློས༴ པཪྴེ༴ མགོན་པོ་ཐུགས་རྗེ་ཆེན་པོས་བྱིན་བརླབས་པའི། །དྲི་མེད་ཤིན་ཏུ་མཛེས་པའི་དཔལ་བེའུ་འདི། །གང་ལ་ཕུལ་བ་དེ་ཡི་སྐད་ཅིག་ལ། །ཀུན་མཁྱེན་ཡེ་ཤེས་ཉིད་དང་ལྡན་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝ་ར་མངྒ་ལ་ཤྲཱི། ཛ་པཱུ་ཛི་ཏེ་ཧཱུྃ། ཚིག་རྐང་དང་པོ་དང་གསུམ་པ་འོག་མ་རྣམས་ལ་སྦྱར་བས། བསོད་ནམས་རྒྱུ་ལས་གྲུབ་པའི་འཁོར་ལོ་འདི། །དམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །སྔགས་ཀྱི་ཐོག་མཐའ་འདྲ་བ་ལས། མཾ་ག་ལ་ཙཀྲ༴ འདམ་སྐྱེས་འདམ་གྱིས་མ་གོས་པདྨ་འདི། །འཁོར་བའི་ཉེས་པའི་སྐྱོན་གྱིས་མ་གོས་ཤོག །པདྨ༴ དམ་ཆོས་མི་ནུབ་རྒྱལ་མཚན་དམ་པ་འདི། །ཕྱོགས་བཅུར་ཆོས་ཀྱི་རྒྱལ་མཚན་འཛུག་པར་ཤོག །དྷྭ་ཛ༴ རྒྱན་གྱིས་སྤྲས་པའི་རིན་ཆེན་གདུགས་མཛེས་འདི། །ཀུན་ལ་སྐྱབས་ཀྱི་དམ་པ་བྱེད་པར་ཤོག །ཚ་ཏྲཾ་ག༴ །རིན་ཆེན་བཅུད་ཀྱིས་གང་བའི་བུམ་པ་འདི། །བསོད་ནམས་ཚོགས་རྫོགས་རྒྱན་གྱིས་བརྒྱན་པར་ཤོག །ཀཱ་ལ་ཤ༴ གཡས་འཁྱིལ་ཤིན་ཏུ་དཀར་བའི་དུང་ཆེན་འདི། །སྨྲ་ངན་ཕམ་བྱེད་ཆོས་སྒྲ་སྒྲོགས་པར་ཤོག །ཤཾ་ཁ༴ །ཤིན་ཏུ་གསལ་བའི་མིག་ལྡན་གསེར་ཉ་འདི། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བར་ཤོག །མཾ་ག་ལཾ་ཉ་ཚ༴ ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། ལེགས་པར་བཤམས་པའི་མཎྜལ་ཕྱག་ལེན་ལྟར་དབུལ་ཞིང་། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་བརྗོད་པས་དབང་ཆེན་གསེར་གྱི་ས་གཞིར་བསམ། གུང་མོ་ཁོར་ཡུག་ཏུ་བསྐོར་ལ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་དང་། ཧཱུྃ་ཞེས་པས་བསྲུང་། དེ་ནས་ཚོམ་བུ་རྣམས་རིམ་པར་བཀོད་ལ། རི་ཡི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམ་བུའི་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ཞེས་བརྗོད་ཅིང་དེ་དག་ཉིད་ཡིན་པར་བསམ། ཡང་མེ་ཏོག་གཅིག་བཀྲམ་ལ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་ཆུབ་སེམས་དཔའ། དམ་པ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོ་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་རྒུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱར་ལེགས་གནས་པའི། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་ཁམས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་བར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ཞེས་དང་ཁྱད་པར་དུ། ཞིང་ཁམས་རྣམ་པར་དག་པ་འདིར། །དབུས་ཀྱི་རི་རྒྱལ་རི་རབ་ལ། །གླིང་བཞི་འདོད་ཡོན་ལྔ་ཡིས་བརྒྱན། །ཉི་མ་ཟླ་བས་བསྐོར་བ་བྱེད། །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་འཇོའི་བ་དང་དཔག་བསམ་ཤིང་། །མ་རྨོས་ལོ་ཏོག་གསེར་དང་དངུལ། །འབྲུ་བཟང་ལོངས་སྤྱོད་བསམ་མི་ཁྱབ། །དངོས་པོ་བཟང་ལ་གྱ་ནོམ་པ། །བླ་མ་སངས་རྒྱས་རྣམས་ལ་འབུལ། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྒྱ་རྩ་སོགས་ཅི་ནུས་དབུལ། ནང་གི་རྡོ་རྗེ་ལུས་ཀྱི་མཎྜལ་ནི། དོན་ཡིད་ལ་དྲན་བཞིན་པས། པགས་པ་གསེར་གྱི་ས་གཞི་ལ། །རཀྟའི་རླན་གྱིས་ཀུན་ནས་བྱུགས། །སྒལ་ཚིགས་རི་རྒྱལ་ལྷུན་པོ་ལ། །ཡན་ལག་བཞི་ཡི་གླིང་བཞིས་བརྒྱན། །རོ་རྐྱང་དཀར་དམར་བྱང་ཆུབ་སེམས། །ཉི་ཟླ་གསེར་དངུལ་ལ་སོགས་པ། །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས། །དོན་སྣོད་བདེ་ཆ་རིན་ཆེན་བདུན། །ཧཾ་ལས་རྒྱུན་འབབས་འདོད་འཇོའི་བ། །སྐུ་གསུམ་ལྷུན་གྲུབ་མ་རྨོས་ལོ། །རྩ་ཕྲན་སྣ་ཚོགས་དཔག་བསམ་ཤིང་། །རང་ལུས་ཡོན་ཏན་མཐའ་ཡས་ཀྱི། །ཟས་གོས་འབྲུ་སོགས་དཔག་མེད་རྣམས། །སྙིང་དབུས་ཐིག་ལེར་བརྟན་བཞུགས་པའི། །བླ་མ་སངས་རྒྱས་ཁྱེད་ལ་འབུལ། །རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ཨོཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གསང་བ་ཟུང་འཇུག་སེམས་ཀྱི་མཎྜལ་ནི། དོན་དྲན་བཞིན་པས། ཆོས་དབྱིངས་ས་གཞི་སྙིང་རྗེའི་རླན་གྱིས་བྱུགས། །སེམས་ཉིད་ལྷུན་པོ་ཚད་མེད་གླིང་བཞིས་བརྒྱན། །ཟུང་འཇུག་ཉི་ཟླ་གཞན་དོན་འདོད་འཇོའི་བ། །ཆོས་སྐུའི་ལོ་ཏོག་གཟུགས་སྐུའི་ཕྲིན་ལས་སོགས། །དཔག་བསམ་ཤིང་འབྲུ་ལྷ་མིའི་ལོངས་སྤྱོད་ཀུན། །རང་སེམས་བླ་མར་སྣང་བའི་སློབ་དཔོན་ལ། །གུས་པས་འབུལ་གྱི་མཁའ་མཉམ་སེམས་ཅན་ལ། །ཐུན་མོང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་ཅི་ནུས་སུ་འབུལ། ཞེན་པ་སྤང་བ་ནི། གང་ལ་ཆགས་ན་ཉེས་ཀུན་འབྱུང་བའི་གཞི། །ཉོན་མོངས་ཀྱིས་བསགས་ཟས་ནོར་ལོངས་སྤྱོད་ཀུན། །རྗེ་བཙུན་བླ་མ་མཆོག་ལ་དབུལ་བར་བགྱི། །རྒྱགས་དང་སེར་སྣ་ཞི་བར་བྱིན་གྱིས་རློབས། །རང་གི་ཞེ་སྡང་རང་གཟུགས་ཤར་བ་ཡི། །གནོད་བྱེད་དགྲ་འདྲེར་སྣང་བ་ཅི་མཆིས་པ། །རྗེ་བཙུན་བླ་མའི་འཁོར་དུ་དབུལ་བར་བགྱི། །ཞེ་སྡང་དབྱིངས་སུ་ཞི་བར་བྱིན་གྱིས་རློབས། །ལྟར་སྣང་ཕན་པས་འཁོར་བར་འཆིང་བའི་གྲོགས། །གཉེན་དང་མཛའ་བཤེས་འཁོར་གཡོག་ལ་སོགས་པ། །དེ་ཀུན་བླ་མ་མཆོག་ལ་དབུལ་བར་བགྱི། །འདོད་ཆགས་རྣམ་རྟོག་ཞི་བར་བྱིན་གྱིས་རློབས། །ཚེ་རབས་དུ་མར་གྲངས་མེད་མ་བྱས་ཀྱང་། །ལས་ཉོན་དབང་གིས་གཉེན་ངོ་མ་ཤེས་པའི། །བར་མའི་འགྲོ་རྣམས་ཁྱེད་ལ་དབུལ་བར་བགྱི། །རྨོངས་དང་ཕྲག་དོག་ཞི་བར་བྱིན་གྱིས་རློབས། །རང་ལུས་ཕལ་པར་སྣང་བའི་ལག་གཡས་སུ། །ཤེས་རབ་རལ་གྲི་འབར་བ་ལེགས་ཐོགས་ཏེ། །ཐ་མལ་ལུས་སུ་སྣང་བའི་མགོ་བོ་ཡི། །ཡ་ཐོད་བཅད་ནས་མདུན་དུ་བཀན་ཏེ་བཞག །གང་དེ་ཆེས་དཀར་ཡངས་པའི་སྣོད་གྱུར་པར། །རང་གཡོན་གཡས་དང་ཁོག་སྨད་ནང་ཁྲོལ་དང་། །ཁོག་སྟོད་ལག་གཡོན་མགོ་བོའི་ལྷག་མ་དང་། །ལག་པ་རལ་གྲི་བཅས་པ་དེ་ནང་བསྐྱུར། །དེ་ལ་བསང་སྦྱངས་བྱིན་རླབས་རྒྱས་པར་བྱའམ། དེ་ཙམ་མི་ནུས་ན། ཨོཾ་ལས་ཆོས་དབྱིངས་སྟོང་པའི་ངང་ཉིད་ལས། །ཨཱཿལས་ཡེ་ཤེས་ཐོད་པ་ཆེས་ཡངས་པར། །ཧཱུྃ་ལས་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཧོ་ལས་དབྱེར་མེད་བདུད་རྩིའི་རྒྱ་མཚོར་གྱུར། །སངས་རྒྱས་ཀུན་དངོས་བླ་མ་རིན་པོ་ཆེ། །བདག་གིས་མངོན་པར་བཤམས་པའི་མཆོད་པ་འདི། །བདག་ལ་བརྩེ་བའི་ཐུགས་ཀྱིས་ལེགས་དགོངས་ལ། །དགྱེས་པ་ཆེན་པོས་བཞེས་པར་མཛད་དུ་གསོལ། །རང་ལུས་ལྷ་སྐུར་གསལ་བའི་ཐུགས་ཀ་ནས། །ཡིད་འཕྲོག་མཆོད་པའི་ལྷ་མོ་མང་སྤྲོས་པས། །ཕྱག་གི་ཐོད་པས་བདུད་རྩི་ལེགས་བླངས་ནས། །མཆོད་ཡུལ་རྣམས་ལ་ཕུལ་ཏེ་མཆོད་པར་གྱུར། །དྲིན་ཅན་རྩ་བའི་བླ་མ་བཀའ་དྲིན་ཅན། །འཁོར་ལོའི་མགོན་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །སྐྱབས་གནས་ཀུན་འདུས་ཞལ་དུ༴ །དགྱེས་པ་རྡོ་རྗེའི༴ །བརྒྱུད་པའི་བླ་མའི༴ །ཡི་དམ་ལྷ་ཚོགས༴ །སངས་རྒྱས་བྱང་སེམས༴ །ཉན་ཐོས་རང་རྒྱལ༴ །ཆོས་སྲུང་ནོར་ལྷའི༴ །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། །བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མཆོད་པའི་ལྷ་རྣམས་རྩ་བའི་བླ་མ་ཡི། །ཐུགས་ཀར་ཐིམ་པས་ཐུགས་རྒྱུད་ཟག་མེད་ཀྱི། །བདེ་བ་ཆེན་པོས་ཡོངས་སུ་མཉེས་གྱུར་ཏེ། །མཆོག་ཏུ་དགྱེས་པའི་ཉམས་དང་ལྡན་པར་གྱུར། །བདུད་རྩིའི་ལྷག་མ་རིགས་དྲུག་སེམས་ཅན་རྣམས། །ལྷ་རུ་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཆགས་སྡང་རྨོངས་གསུམ་རྣམ་རྟོག་ཞི་བ་དང་། །བྱང་ཆུབ་སེམས་འབྱོངས་སངས་རྒྱས་ཐོབ་གྱུར་ཅིག །གསུམ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་ལྔ་ནི། བདག་ནི་ཐོག་མེད་དུས་ནས་སུ། །ལས་དང་ཉོན་མོངས་དབང་གྱུར་པས། །ལུས་དང་ངག་དང་ཡིད་སྒོ་ནས། །རང་བཞིན་སྡིག་པ་ཅི་བགྱིས་དང་། །སྡོམ་པ་གསུམ་དང་འགལ་གྱུར་པའི། །ཉེས་པའི་ཚོགས་རྣམས་རབ་འགྱོད་པས། །མཆོད་འོས་རྣམས་ཀྱི་སྤྱན་སྔ་རུ། །སླན་ཆད་བསྡམ་པའི་སེམས་ཀྱིས་བཤགས། །བླ་མའི་ཕྲིན་ལས་རྨད་བྱུང་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་སོ་སོ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རང་། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང་། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པས་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བྱང་ཆུབ་སྤྱོད་པའང་སྤྱད་པར་བགྱི། །ཡེ་ཤེས་གསལ་བའི་སྤྱན་ལྡན་པའི། །བརྩེ་ལྡན་བླ་མའི་ཚོགས་རྣམས་དང་། །རྒྱལ་བ་སྲས་དང་བཅས་པ་ཀུན། །ཡུད་ཙམ་བདག་ལ་དགོངས་སུ་གསོལ། །མ་རིག་པ་ཡིས་ལྡོངས་གྱུར་ཅིང་། །ལས་ཀྱི་ཆུ་ཀླུང་གིས་འཕངས་པས། །སྲིད་པའི་རྒྱ་མཚོར་ལྷུང་གྱུར་ཏེ། །ཉོན་མོངས་ཆུ་སྲིན་དབང་གྱུར་པས། །མི་བཟད་སྡུག་བསྔལ་གྱིས་གཟིར་བའི། །ཉམས་ཆུང་བློ་གྲོས་རབ་དམན་པ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྐྱོབས་པ་མཛད་པར་གསོལ་བ་འདེབས། །བདག་ཅག་རྣམས་ཀྱིས་རབ་འབད་ཀྱང་། །ཐར་པའི་གོ་སྐབས་རྙེད་པར་དཀའ། །ཁྱེད་ཀྱི་ཐུགས་རྗེའི་ཕྱག་བརྐྱངས་ནས། །སྲིད་པའི་མཚོ་ལས་བསྒྲལ་དུ་གསོལ། །མངོན་པར་འདུ་བྱེད་ཀུན་གྱི་གཞི། །ཚུལ་མིན་ཡིད་ལ་བྱེད་པའི་རྒྱུ། །མ་རིག་མུན་པ་འཐིབས་པོ་ཆེ། །ཡེ་ཤེས་ཟེར་གྱིས་བསལ་དུ་གསོལ། །སྲིད་པའི་ཉེས་ཀུན་འབྱུང་བའི་གཞི། །རྟོག་པ་ཐམས་ཅད་སྐྱེད་བྱེད་པ། །བདག་ཏུ་འཛིན་པའི་འཁྲི་ཤིང་ནི། །ཤེས་རབ་རལ་གྲིས་བཅད་དུ་གསོལ། །ཀུན་རྨོངས་ཀུན་འཁྲུགས་ཀུན་ནས་དཀྲིས། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །མགོན་པོ་ཁྱོད་ཀྱི་མཐུ་ཆེན་གྱིས། །ཡེ་ཤེས་ཆེན་པོར་བསྒྱུར་དུ་གསོལ། །སྲིད་པ་ཐོག་མེད་དུས་ནས་སུ། །སེམས་ནི་ཉོན་མོངས་དབང་གྱུར་པས། །བག་ཆགས་དྲི་མ་གང་བསགས་པ། །ཡེ་ཤེས་ཆུ་ཡིས་སྦྱང་དུ་གསོལ། །རང་གིས་མངོན་པར་སྤྱད་པའི་མཐུས། །རང་ལ་རང་དབང་མེད་པར་ནི། །སྡུག་བསྔལ་རྒྱ་མཚོར་འཕེན་བྱེད་པའི། །ལས་ཀྱི་རླུང་ཤུགས་བཟློག་ཏུ་གསོལ། །ལས་དང་ཉོན་མོངས་ཀྱིས་སྤྲུལ་པའི། །སྐྱེ་རྒ་ན་དང་འཆི་ལ་སོགས། །སྡུག་བསྔལ་འདུ་བྱེད་འགྱུར་བ་ཡི། །སྡུག་བསྔལ་ཞི་བར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །འཇིག་རྟེན་པ་ཡི་དོན་གཉེར་བའི། །རྙེད་དང་བཀུར་སྟི་ལ་སོགས་པ། །སྙིང་པོ་མེད་པའི་བྱ་བ་ལས། །ཡིད་ནི་རབ་ཏུ་བཟློག་ཏུ་གསོལ། །ཀུན་གཞིའི་ལྟེ་བ་རབ་བརྟན་ཅིང་། །རྟེན་འབྲེལ་ཡན་ལག་རྩིབས་བཅུ་གཉིས། །སྡུག་བསྔལ་མུ་ཁྱུད་ཀྱིས་བསྐོར་བའི། །སྲིད་པའི་འཁོར་ལོ་གཞིག་ཏུ་གསོལ། །གཞན་དོན་ལ་སྐྱོ་བདག་ཆགས་པས། །རང་ཉིད་ཞི་བ་དོན་གཉེར་བ། །ཉན་ཐོས་ཐེག་པ་དམན་པའི་སེམས། །རྣམ་པ་ཀུན་ཏུ་དགག་ཏུ་གསོལ། །བདག་གི་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱི་སྒོ་ནས་ཀྱང་། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །ཕན་པ་རྒྱ་ཆེན་འབྱུང་བར་ཤོག །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །བཤེས་གཉེན་གྲོགས་མཆོག་དམ་ཆོས་དང་། །གནས་བཟང་བ་དང་ཡོ་བྱད་སོགས། །རྟག་ཏུ་མཐུན་པའི་རྐྱེན་རྣམས་ཀུན། །ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །བླ་མ་མཆོག་དང་ཧེ་རུ་ཀཿ། མཁའ་འགྲོའི་དབང་མོ་དཔག་ཡས་ཀྱིས། །མཁའ་སྤྱོད་གནས་སུ་བཀྲི་བར་མཛོད། །མང་དུ་སྨོས་ཀྱང་ཅི་འཚལ་ཏེ། །དབང་བཅུ་ལྡན་པ་ཁྱེད་རྣམས་ཀྱིས། །ཇི་ལྟར་གོ་འཕང་མཆོག་བརྙེས་པ། །དེ་ལྟར་བདག་གིས་ཐོབ་པར་མཛོད། །བདག་གཞན་སྲིད་པའི་སྡུག་བསྔལ་གྱིས། །རྣམ་པ་ཀུན་ཏུ་ཉམ་ཐག་པས། །མི་ཤེས་བཞིན་དུ་གསོལ་བ་ལ། །ཉེས་པ་སྣང་གང་བཟོད་པར་གསོལ། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །བདག་ནི་ཚེ་རབས་ཐམས་ཅད་དུ། །རིགས་གཟུགས་འབྱོར་ལྡན་ཤེས་རབ་དང་། །དབང་ཕྱུག་ཕུན་སུམ་ཚོགས་གྱུར་ཅིག །ནད་མེད་ཚེ་དང་ལྡན་གྱུར་ཅིག །སངས་རྒྱས་འབྱུང་བ་མཉེས་བྱེད་ཅིང་། །དམ་ཆོས་རྟག་ཏུ་སྤྱོད་པ་དང་། །འཕགས་པའི་དགེ་འདུན་རྒྱ་མཚོའི་ཚོགས། །རྣམ་པ་ཀུན་ཏུ་མཆོད་པར་ཤོག །ཀུན་དགའི་གསུང་རབ་རྟག་ཉན་ཅིང་། །སྐུ་ཡི་རྒྱལ་མཚན་བལྟ་བ་དང་། །དེ་ཡི་དཔལ་འབྱོར་བཟང་པོ་ཡིས། །རྟག་ཏུ་བདག་ནི་སྐྱོང་བར་ཤོག །དད་དང་བརྩེ་དང་བརྩོན་པའི་མཐུས། །བྱང་ཆུབ་ལམ་རྣམས་རྫོགས་བྱེད་ཅིང་། །སངས་རྒྱས་ཞིང་ཀུན་སྦྱོངས་བ་དང་། །སེམས་ཅན་སྨིན་པར་བྱེད་པར་ཤོག །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །བདག་ལས་སེམས་ཅན་ཐམས་ཅད་ཀྱི། །ཡིད་ལ་འདོད་རྒུ་འབྱུང་འགྱུར་ཞིང་། །འགྲོ་ཀུན་ཚིམ་པར་བྱེད་པར་ཤོག །བདག་ལ་བརྟེན་ནས་འགྲོ་བ་ཀུན། །ཟབ་མོའི་ལམ་ལ་རབ་ཞུགས་ནས། །སྲིད་དང་ཞི་ལ་མི་གནས་པའི། །བྱང་ཆུབ་ཆེན་པོ་ཐོབ་གྱུར་ཅིག །བློ་གྲོས་སྒྲིབ་གཉིས་རྣམ་དག་པས། །ཤིན་ཏུ་ཟབ་པའི་བློ་གྲོས་དང་། །རྒྱ་ཆེའི་བློ་གྲོས་དང་ལྡན་པའི། །བློ་གྲོས་ཆེན་པོར་བདག་གྱུར་ཅིག །ཚུལ་ཁྲིམས་རྒྱལ་མཚན་དང་ལྡན་ཞིང་། །ཆོས་ཀྱི་རྒྱལ་མཚན་ལེགས་གཟུང་བས། །བསྟན་པའི་རྒྱལ་མཚན་བརྟན་བྱས་ནས། །ཐར་པའི་རྒྱལ་མཚན་སློང་བར་ཤོག །ཚོགས་གཉིས་དཔལ་རབ་རྫོགས་གྱུར་ནས། །འགྲོ་བའི་དཔལ་མགོན་འབྱུང་བའི་གཞི། །སྐུ་གསུམ་དཔལ་འབྱོར་ལྷུན་གྲུབ་སྟེ། །སྲིད་ཞིའི་དཔལ་དུ་བདག་གྱུར་ཅིག །སྨོན་ལམ་བཟང་པོ་ལས་བྱུང་བའི། །ཕྲིན་ལས་བཟང་པོས་འགྲོ་བ་ཀུན། །སྐལ་པ་བཟང་པོས་ལེགས་སྒྲུབ་པའི། །བརྟུལ་ཞུགས་བཟང་པོར་བདག་གྱུར་ཅིག །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །རྗེས་སུ་བདག་ཀྱང་རབ་ཞུགས་ནས། །དགེ་བ་འདི་དང་དགེ་བ་གཞན། །ཐམས་ཅད་ཡོངས་སུ་བསྔོ་བར་བགྱི། །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་འགྲུབ་པར་ཤོག །ཅེས་དོན་ཡིད་ལ་དྲན་བཞིན་དུ་འདུན་པ་རྩེ་གཅིག་པས་བརྗོད་དོ། །གསུམ་པ་གསོལ་བ་བཏབ་པ་ནི། བདག་ལ་སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་བྱུང་ཡང་མགོན་པོ་མཆོག་ལས་རེ་ས་གཞན་ན་མེད་པས་ཐུགས་རྗེས་གཟིགས་པར་མཛད་དུ་གསོལ་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས། མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །ཕ་གཅིག་རྡོ་རྗེ་འཆང་དངོས། །དྲིན་ཆེན་བློ་གསལ་རྒྱ་མཚོ། །གདན་གསུམ་ཚང་བའི་ངོ་བོ། །ཁྱབ་བདག་ཧེ་རུ་ཀ་དཔལ། །འཁོར་ལོའི་མགོན་པོ་མཁྱེན་ནོ། །སྐྱབས་ཀུན་འདུས་ཚར་ཆེན་ཆོས་ཀྱི་རྗེ། །མགོན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །མཚན་བློ་གསལ་རྒྱ་མཚོ་དཔལ་བཟང་པོར། །བདག་སྙིང་ནས་གུས་པས་གསོལ་བ་འདེབས། །སྒོ་གསུམ་པོ་མི་ཕྱེད་དད་ཕྱག་འཚལ། །རབ་འབྱམས་ཀྱི་མཆོད་སྤྲིན་རྒྱ་མཚོས་མཆོད། །སྟོབས་བཞི་ཡིས་སྡིག་ལྟུང་ཚོགས་ཀུན་བཤགས། །འཁོར་འདས་ཀྱི་དགེ་ལ་རྗེས་ཡི་རངས། །ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར་བཞིན་དུ། །དུས་རྟག་ཏུ་བཞུགས་པར་གསོལ་བ་འདེབས། །ཚུལ་དེ་ལས་བྱུང་བའི་དགེ་ཚོགས་ཀུན། །བྱང་ཆུབ་སྙིང་པོར་བསྔོ་བར་བགྱི། །དོན་བདེ་ཆེན་ཡེ་ཤེས་གཅིག་པུ་ལས། །ཟུང་འཇུག་གི་རྣམ་རོལ་མཐའ་ཀླས་པ། །མཆོག་གསུམ་དང་རྩ་གསུམ་རྒྱ་མཚོའི་དངོས། །ཕ་བླ་མ་ཚར་ཆེན་རྡོ་རྗེ་འཆང་། །རྗེ་ཁྱེད་ཀྱི་ཐུགས་རྗེའི་ཡེ་ཤེས་ཀྱིས། །མི་བདག་དང་ཁམས་གསུམ་སེམས་ཅན་ལ། །དུས་མྱུར་བ་ཉིད་དུ་གཟིགས་ནས་ཀྱང་། །རྐྱེན་བར་ཆད་ཀུན་སོལ་དངོས་གྲུབ་སྩོལ། །ཅེས་དང་། གྲངས་བསོག་ན། སྐྱབས་ཀུན་འདུས་སོགས་ནས། བདག་སྙིང་ནས་གུས་པས་གསོལ་བ་འདེབས། །དོན་བདེ་ཆེན་ཡེ་ཤེས་གཅིག་པུ་ལས། སོགས་ནས། དངོས་གྲུབ་སྩོལ། ཞེས་པ་སྦྲེལ་བས་གསོལ་བ་བཏབ། གཞན་ཡང་རྗེ་རང་ཉིད་ཀྱི་གསུང་སོགས་གསོལ་འདེབས་སྐུ་བསྟོད་གང་ཤེས་རྣམས་ཀྱིས་གསོལ་བ་ནན་དུ་བཏབ་པར་བྱའོ། །ཞར་བྱུང་ཐུགས་བརྒྱུད་བསྐུལ་བའི་མཚན་སྔགས་ཀྱི་བཟླས་པ་བྱ་བར་སྤྲོ་ན། ཨོཾ་ཨཱཿབཛྲ་གུ་རུ་དྷི་ཀ་ཤ་ས་མུ་དྲ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿཞེས་དབང་བླང་བའི་དམིགས་པ་དང་སྦྲགས་ཅི་ནུས་བཟླའོ། །གསུམ་པ་རྗེས་ལ། གསོལ་བ་བཏབ་ཅིང་དབང་བླངས་ཤིང་རང་ལ་བསྟིམས་པ་ནི། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག །ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང་། འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པ་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སྔོན་གྱི་ལས་ལས་གྱུར་པ་དང་། །གནས་སྐབས་ཀྱི་རྐྱེན་ལས་གྱུར་པའི་མི་དང་མི་མ་ཡིན་པ་དང་འབྱུང་པོའི་གནོད་པ་དང་། ཉེ་བར་འཚེ་བ་དང་། བྱུར་དང་སྐལ་བ་ངན་པ་དང་། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་གྱི་ཆོས་བརྒྱད་དང་མཚན་མའི་རྣམ་པར་གཡེང་བ་ལ་སོགས་པ་སྲིད་པ་འཁོར་བར་འགྱུར་བའི་རྣམ་པར་རྟོག་པ་དང་། གཞན་གྱི་དོན་ལ་སྐྱོ་བ་དང་། རང་ཉིད་ཞི་བར་འདུན་པ་ལ་སོགས་པ་མྱ་ངན་ལས་འདའ་བར་འགྱུར་བའི་རྣམ་པར་རྟོག་པ་གང་ལགས་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སེམས་ལས་སུ་རུང་བ་དང་། བག་ཡོད་པ་དང་དྲན་པ་དང་ཤེས་བཞིན་ཡང་དག་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། དམ་ཚིག་དང་སྡོམ་པའི་ཚོགས་རྣམ་པར་དག་ཅིང་། སྡིག་པ་དང་སྒྲིབ་པ་དང་། ལྟུང་བ་དང་ཉེས་པའི་དྲི་མས་མ་གོས་པར་བྱིན་གྱིས་བརླབ་ཏུ་གསོལ། དད་པ་དང་སྙིང་རྗེ་དང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་ཆུད་ནས་ལུང་དང་མངོན་པར་རྟོགས་པས་བསྡུས་པའི་ཆོས་ཀྱི་སྣང་བ་དམ་པ་དང་། རྟོགས་པ་དགེ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། གང་གི་ཚེ་བདག་འཆི་བར་གྱུར་པ་དེ་ཡི་ཚེ་ཚེ་དང་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་དང་བྲལ་ཞིང་ལུས་དང་སེམས་ལ་ཟུག་རྔུ་དང་སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་འབྱུང་བར་དགའ་བ་དང་སྤྲོ་བ་དང་། ཡིད་གསལ་བ་མཆོག་དང་ལྡན་ཞིང་ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་དཔའ་བོ་དང་རྣལ་འབྱོར་མ་ཚོགས་ཡང་དག་པར་མཐོང་ཞིང་། དེ་དག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསུས་ཏེ། བར་དོའི་འཇིགས་པ་ཐམས་ཅད་དང་བྲལ་ཞིང་བདུད་དང་གཤིན་རྗེའི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་ནས་རིག་པ་འཛིན་པ་དང་། མཁའ་ལ་སྤྱོད་པ་ལ་སོགས་པའི་གོ་འཕང་མཆོག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་སྲིད་པ་དང་ཞི་བའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྒྱ་མཚོའི་ཚོགས་ཡང་དག་པར་བཟུང་ནས། ཆོས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་གཏོང་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ཏེ་ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་དང་། གཞི་མ་དག་སྣང་བར་ངེས་འབྱུང་གིས། །རྟེན་དལ་འབྱོར་སྙིང་པོ་ལེན་འདོད་བློས། །ལས་དཀར་ནག་དགེ་སྡིག་བླང་དོར་ལ། །ཚུལ་བཞིན་དུ་བརྩོན་པར་བྱིན་གྱིས་རློབས། །ལས་ཐུན་མོང་ཉམས་ཀྱི་སྣང་བ་མཆོག །བྱམས་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །སྔགས་ཐུན་མོང་མིན་པའི་ཉམས་སྣང་ལ། །གཏིང་ངེས་ཤེས་སྐྱེ་བར་བྱིན་གྱིས་རློབས། །འབྲས་དག་པའི་སྣང་བ་རྒྱལ་ཀུན་གྱི། །སྐུ་གསུང་ཐུགས་མི་ཟད་རྒྱན་འཁོར་ལོ། །དུས་མྱུར་བ་ཉིད་དུ་ཐོབ་འདོད་པས། །ལམ་ཟབ་མོར་འཇུག་པར༴ །གཞི་སྨིན་བྱེད་དབང་བཞིའི་ས་བོན་ཐེབས། །དམ་ཚིག་དང་སྡོམ་པ་རྣམ་པར་དག །འཁོར་འདས་གཉིས་དབྱེར་མེད་སེམས་ཉིད་ཀྱི། །དོན་མངོན་སུམ་མཐོང་བར༴ །བསྐྱེད་རིམ་གྱིས་ཕྱི་ནང་ལྷ་སྐུར་དག །རླུང་གཏུམ་མོས་འབར་འཛག་དབུ་མར་ཐིམ། །ཐུན་མོང་དང་ཁྱད་པར་ཕྱག་རྒྱ་ལས། །དཔེ་དོན་གྱི་ཡེ་ཤེས་མཐོང་བྱིན་རློབས། །འབྲས་རྟེན་དང་བརྟེན་པ་གནས་འགྱུར་བ། །རང་བཞིན་གྱིས་ཆེ་བ་གསུམ་ལྡན་པའི། །གོ་འཕང་དེ་ཚེ་འདིར་མངོན་གྱུར་ནས། །དོན་ཡིད་བཞིན་འགྲུབ་པར༴ །དེ་ལྟ་བུའི་གོ་འཕང་མ་ཐོབ་བར། །ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མགོན་རྒྱལ་བས་བསྔགས་པའི་མཐུན་རྐྱེན་རྣམས། །འབད་མེད་དུ་འབྱུང་བར༴ །བསྟན་འཛིན་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་བཅུར་འཕེལ། །འགྲོ་བ་ཀུན་བདེ་སྐྱིད་རྫོགས་ལྡན་གྱི། །དཔལ་འབྱོར་ལ་སྤྱོད་པར་བྱིན་གྱིས་རློབས། ། ༈ ཚུལ་དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །རྗེ་འཁོར་བཅས་འོད་ཞུ་རང་ལ་ཐིམ། །མི་བདག་གི་སྒོ་གསུམ་ཀུན་གཞིར་བཅས། །སྐྱབས་རྣམས་ཀྱི་གསང་གསུམ་ངོ་བོར་ཤར། །དབང་བཞི་ཐོབ་སྒྲིབ་བཞིའི་བག་ཆགས་དག །ལམ་རྣམ་བཞི་བསྒོམ་པའི་སྣོད་རུང་དང་། །འབྲས་སྐུ་བཞི་ཐོབ་པའི་ནུས་ལྡན་བྱས། །དབྱིངས་འོད་གསལ་ཆེན་པོར་རོ་གཅིག་གྱུར། །ཅེས་བརྗོད་ལ་ཐུགས་ཡིད་བསྲེ་བའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་གོ། དེ་ལས་ལྡང་བ་ན། སྣང་གྲགས་རིགས་གསུམ་བླ་མའི་རོལ་པར་བལྟས་ལ། སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་དང་། །སེམས་ཉིད་འོད་གསལ་ནང་གི་བླ་མ་དང་། །རང་བཞིན་སྤྲོས་བྲལ་དོན་གྱི་བླ་མ་གསུམ། །དབྱེར་མེད་སྙིང་པོའི་བླ་མ་རྟོགས་པར་ཤོག །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་ཉིད། །ལྷག་པའི་ལྷ་རུ་ཤེས་པའི་མོས་གུས་ཀྱིས། །དབང་དང་དངོས་གྲུབ་རྟག་ཏུ་ལེན་པར་ཤོག །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པའི། །དོན་ཡོད་རྣམ་བཞིའི་རྟག་ཏུ་མཉེས་བྱས་ནས། །ཅི་མཛད་རྒྱལ་བའི་མཛད་པར་ལེགས་རྟོགས་ཏེ། །རྨད་བྱུང་ཕྲིན་ལས་སྒྲུབ་ལ་བརྩོན་པར་ཤོག །ཅེས་དང་། སྐྱེ་བ་ཀུན་ཏུ་སོགས། མྱུར་ཐོབ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །བདག་སོགས་གདུལ་བྱར་གྱུར་པ་ཐམས་ཅད་ཀྱང་། །ལས་འབྲས་ལྷུར་ལེན་གསུང་རབ་དོན་ལ་མཁས། །ཚུལ་ཁྲིམས་དག་ཅིང་ཐོས་ལ་མངོན་བརྩོན་ཏེ། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི། །ལུས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་ཚོགས། །མྱུར་དུ་བསྒྲུབ་ནས་ཚེ་འདི་ཁོ་ན་ལ། །རྡོ་རྗེ་འཛིན་པའི་ས་ལ་བགྲོད་པར་ཤོག །བྱང་ཕྱོགས་སྐྱོང་བའི་སྐྱོབ་པ་མཆོག་གྱུར་པ། །མཁས་གྲུབ་རྒྱ་མཚོས་ཡོངས་སུ་གང་བའི་གནས། །གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པ། །ས་སྐྱ་པ་ཡི་བསྟན་པ་རྒྱས་གྱུར་ཅིག །གངས་ཅན་བོད་ཀྱི་ལྟེ་བ་རྡོ་རྗེའི་གདན། །དཔལ་ལྡན་ས་སྐྱའི་ཆོས་སྲིད་རྒྱས་གྱུར་ཅིག །སྤྲུལ་པའི་གདུང་བརྒྱུད་རྒྱུན་ཆད་མེད་པ་དང་། །ཀུན་ཀྱང་ཕྲིན་ལས་ནམ་མཁའ་མཉམ་པར་ཤོག །ཅེས་བསྔོ་སྨོན་དང་། རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གཅིག་པུ། །སྒྲུབས་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བ། །མཉམ་མེད་བླ་མ་མཆོག་གིས་བཀྲ་ཤིས་ཤོག །བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པ། །གངས་རིའི་ཁྲོད་འདིར་ཐེག་ཆེན་ཆོས་སྒྲ་སྒྲོགས། །འཁོར་ལོས་བསྒྱུར་རྒྱལ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོའི་ཞབས་ཀྱི་པདྨོའི་བཀྲ་ཤིས་ཤོག །འགྲོ་བའི་བླ་མ་ཆོས་རྗེ་པཎྜི་ཏ། །མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །རྒྱལ་བ་གཉིས་པ་དཔལ་ལྡན་ས་སྐྱ་པའི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །གང་གི་ཞབས་སེན་ཡིད་ལ་དྲན་ཙམ་གྱིས། །ཕྱི་ནང་བདུད་ལས་རྒྱལ་བའི་དཔལ་ཡོན་ཅན། །རྡོ་རྗེ་འཆང་དངོས་ཚར་པ་ཆོས་རྗེ་ཡི། །རིང་ལུགས་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སོགས་ཀྱི་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །དཔལ་ལྡན་བླ་མ་མཆོད་པའི་ཚུལ། །བྱིན་རླབས་བདུད་རྩིའི་རོལ་མཚོ་ཉིད། །ལེགས་པར་བསྡེབས་པའི་དགེ་བ་ཡིས། །རྡོ་རྗེ་འཛིན་དབང་ཐོབ་པར་ཤོག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐུབ་བསྟན་དགེ་འཕེལ་གྱི་རྗེ་ཡི་འདྲ་སྐུ་ཚར་ཆེན་རྡོ་རྗེ་འཆང་དངོས་སུ་གྱུར་ནས་ལམ་འབྲས་ཉེ་བརྒྱུད་གསན་སྐབས་ཀྱི་ལམ་འབྲས་སྙིང་པོའི་མགུར་གླུ་བླ་མའི་རྣལ་འབྱོར་དང་འབྲེལ་བ། རྡོ་རྗེའི་ཐོལ་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབས་ལ་སྦྱར་བའི་མཆོད་ཆོག་འདིའང་། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་མེ་སྤྲེལ་ཟླ་བ་དགུ་པ་ཉིས་བརྩེགས་ཀྱི་ཕྱི་མའི་ཚེས་བཅོ་ལྔ་བཟང་པོར་དགེ་འཕེལ་རྡོ་རྗེའི་ཕོ་བྲང་གི་བླ་མ་ལྷ་ཁང་འདྲ་ཞལ་རིན་པོ་ཆེ་བྱིན་རླབས་ཀྱི་གཟི་འོད་འབར་བའི་དྲུང་དུ་ལེགས་པར་བསྡེབས་པ་དགེ་ལེགས་མཆོག་ཏུ་རྒྱས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།ཚོགས་ཀྱི་འཁོར་ལོའི་གླུ་ཌཱ་ཀི་བཞད་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨ་ཧོ། རང་སྣང་རྣམ་དག་སྤྱི་གཙུག་བདེ་ཆེན་གྱི་གུར་ཁང་། །དཔལ་ལྡན་བླ་མ་སྐུ་ཡི་རྡོ་རྗེ་དེ་བཞུགས་ཡོད། །སྣང་སྟོང་ལྷ་སྐུར་འཆར་བས་གསོལ་བ་ཞིག་འདེབས་ན། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རང་རློབས་ཤིག །གྲགས་སྟོང་མགྲིན་པའི་རོ་རྣམས་འདུས་པ་ཡི་ཀློང་ན། །དཔལ་ལྡན་བླ་མ་གསུང་གི་རྡོ་རྗེ་དེ་བཞུགས་ཡོད། །གསལ་སྟོང་དབྱེར་མེད་ངང་ནས་གསོལ་བ་ཞིག་འདེབས་ན། །རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རང་རློབས་ཤིག །སྙིང་ག་ཆོས་ཀྱི་འཁོར་ལོའི་གཏེར་མཛོད་ཀྱི་ཀློང་ན། །དཔལ་ལྡན་བླ་མ་ཐུགས་ཀྱི་རྡོ་རྗེ་དེ་བཞུགས་ཡོད། །བདེ་སྟོང་དབྱེར་མེད་ངང་ནས་གསོལ་བ་ཞིག་འདེབས་ན། །མྱང་འདས་བདེ་ཆེན་འཆར་བར་བྱིན་གྱིས་རང་རློབས་ཤིག །ལྟེ་བ་སྤྲུལ་པའི་འཁོར་ལོའི་གཞལ་ཡས་ཀྱི་དབུས་ན། །དཔལ་ལྡན་བླ་མ་ཡོན་ཏན་རྡོ་རྗེ་དེ་བཞུགས་ཡོད། །རིག་སྟོང་དབྱེར་མེད་ངང་ནས་གསོལ་བ་ཞིག་འདེབས་ན། །འཁོར་འདས་བདེ་ཆེན་འཆར་བར་བྱིན་གྱིས་རང་རློབས་ཤིག །གསང་གནས་བདེ་སྐྱོང་འཁོར་ལོའི་གཞལ་མེད་ཀྱི་དབུས་ན། །དཔལ་ལྡན་བླ་མ་ཕྲིན་ལས་རྡོ་རྗེ་དེ་བཞུགས་ཡོད། །འཕོ་འགྱུར་བྲལ་བའི་ངང་ནས་གསོལ་བ་ཞིག་འདེབས་ན། །ཤིན་ཏུ་རྣམ་དག་རྟོགས་པར་བྱིན་གྱིས་རང་རློབས་ཤིག །རང་སྣང་འཆར་བ་ཐམས་ཅད་གདན་གསུམ་གྱི་དཀྱིལ་འཁོར། །ཕྱི་ནང་གསང་བའི་མཆོད་པས་མཉེས་ཤིང་ནི་ཚིམ་ནས། །གདོད་ནས་རྣམ་པར་དག་པ་རྡོ་རྗེ་ཡི་ལུས་ལ། །རང་བྱུང་ལྷུན་གྲུབ་ཆེན་པོར་བཞུགས་པ་འདི་ཨ་ཧོ། །སྙིང་དབུས་རང་བྱུང་བླ་མ་དགྱེས་མཛད་ཀྱི་རྡོ་རྗེ། །ཟག་མེད་ཡེ་ཤེས་བདུད་རྩིའི་མཆོད་པ་ཡིས་ཚིམ་ནས། །མཆོག་ཏུ་མི་འགྱུར་བདེ་ཆེན་ཡེ་ཤེས་ཀྱི་ཉམས་འབར། །བརྟན་གཡོ་ཀུན་གྱི་སྲོག་ཏུ་གྱུར་པ་འདི་ཨ་ཧོ། །རང་སྣང་དག་པའི་རླུང་གིས་ཕྱི་རོལ་ཏུ་བསྐྱོད་པའི། །སྲིད་གསུམ་འབྱུང་པོའི་ཚོགས་རྣམས་གཏོར་མ་ཡིས་ཚིམ་ཞིང་། །རྒྱུད་གསུམ་དྲེགས་པའི་ཚོགས་རྣམས་རང་དབང་དུ་འདུས་པས། །མ་འབད་ཕྲིན་ལས་རྣམ་བཞི་གྲུབ་པ་འདི་ཨ་ཧོ། །དམ་ཚིག་ལྡན་པའི་རྣལ་འབྱོར་མཆེད་ལྕམ་གྱི་ཚོགས་རྣམས། །རྨད་བྱུང་ག་ཎ་ཙཀྲའི་ལོངས་སྤྱོད་ཀྱིས་ཚིམ་པས། །སྲེད་ལེན་མེད་པའི་ཐབས་མཁས་ཚོགས་ཆེན་ནི་རྫོགས་ནས། །ལོངས་སྤྱོད་ཡོངས་རྫོགས་དགའ་སྟོན་ཆེན་པོ་འདི་ཨ་ཧོ། །རྩ་ཐིག་རླུང་གསུམ་དཔའ་བོ་མཁའ་འགྲོ་ཡི་གྲོང་ཁྱེར། །ཕྱིར་སྣང་གནས་གསུམ་ཌཱ་ཀིའི་སྤྲིན་ཕུང་དུ་ཤར་བར། །གྲགས་སྟོང་རྡོ་རྗེའི་གླུ་དང་གར་སྟབས་ཀྱིས་ཚིམ་པས། །ཕྱི་ནང་རྟེན་འབྲེལ་ཐམས་ཅད་རང་འགྲིགས་འདི་ཨ་ཧོ། །རང་ལུས་དཀྱིལ་འཁོར་རྣམ་བཞི་ལྷན་སྐྱེས་ཀྱི་ལྷ་སྐུར། །ཨ་ཧཾ་འབར་འཛག་དགའ་བཞིའི་དགྱེས་མཆོད་ཀྱིས་ཚིམ་པས། །བདེ་སྟོང་ཡེ་ཤེས་དགའ་བཞིའི་རོལ་རྩེད་ཀྱི་འབྲས་བུ། །འཇའ་ལུས་ཆོས་སྐུའི་གྲུབ་མཐའ་སྙོགས་པ་འདི་ཨ་ཧོ། །ཐབས་ཤེས་དཔའ་བོ་མཁའ་འགྲོའི་ཚོགས་ཆེན་གྱི་དཀྱིལ་འཁོར། །ཟག་མེད་ཚོགས་ཀྱི་འདུ་བའི་དགའ་སྟོན་ལ་སྤྱོད་པས། །ངེད་ཅག་ཚོམ་བུ་གཅིག་ཏུ་མངོན་འཚང་ནི་རྒྱ་སྟེ། །ཧེ་རུ་ཀ་དང་དགོངས་སྤྱོད་མཉམ་པ་རུ་ཤོག་ཅིག །ཅེས་པའང་ས་སྟག་དབོ་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུའི་མཆོད་པར་གསུང་ངག་རིན་པོ་ཆེའི་ཚོགས་ཀྱི་དགའ་སྟོན་ལ་སྤྱོད་པའི་ཚོགས་གྲལ་དུ་རིག་འཛིན་གྱི་བཙུན་པ་དྷརྨ་མ་ཏིས་གླུར་བླང་བའོ།། །།
[edit]

@#/__/tshar chen rdo rje 'chang gi lam zab bla ma'i rnal 'byor dang 'brel ba'i mchod chog byin rlabs bdud rtsi'i rol mtsho zhes bya ba bzhugs so/__/ na mo gu ru b+haD+Da rA ka d+hi ka sha sA ga ra ya/__snyan brgyud rgya mtsho'i bstan pa'i mnga' bdag che/__/snyigs dus rdo rje 'dzin pa kun gyi rje/__/dran pas gdung sel blo gsal rgya mtsho yi/__/zhabs la btud nas mchod pa'i cho ga dbye/__/'di la gsum/__sbyor ba/__dngos gzhi/__rjes kyi rim pa'o/__/dang po la/__rten mchod bshams pa dang /__cho ga'i sngon 'gro'o/__/dang po ni/__gnas khang phyag dar dang /__chag chag legs par btab/__'phan gdugs sogs ci 'byor pa'i rgyan bkod la/__stegs bu'i gong du rtsa ba'i bla ma'i snang brnyan sogs dkon mchog gi rten bkram pa'i mdun du sgrub pa'i maN+Dal pad+ma 'dab brgyad dbus tshom bu gcig bkod/__nyer spyod mchod pa brgya rtsa sogs ci 'byor dang /__bkra shis rdzas rtags/__sna bdun sogs yod na bkram/__rang gi mdun du/__mchod pa'i maN+Dal/__dri bzang /__ba byung gi chu dang /__rdor dril/__'thor 'bru sogs legs par 'du byas/__dri bzang gi chus kha bshal/__bde ba'i snyan la 'khod de/__nges 'byung dang /__byang chub kyi sems rnam gnyis la yun ring du blo bzhag go/__gnyis pa la/__mchod pa'i yo byad byin gyis brlab pa ni/__oM badz+ra yak+Sha hU~M/__oM badz+ra dz+wa la A na la ha na da ha pa tsa ma tha b+hany+dza ra Na hU~M phaT/__oM swA b+ha wa shud+d+haHsarba d+harmAHswA b+hA wa shud+d+ho \u0f85haM/__stong pa'i ngang las oM las byung ba'i rin po che las grub pa'i snod yangs shing rgya che ba rnams kyi nang du oM zhu ba las byung ba'i lha rdzas las grub pa'i mchod yon/__me tog__/bdug spos/__mar me/__dri/__zhal zas/__gzhan yang rol mo dang 'phan gdugs la sogs pa mchod rdzas bsam gyis mi khyab pa nam mkha'i khams thams cad gang bar gyur/__oM badz+ra ar+g+haM AHhU~M/__sogs nas/__oM badz+ra shab+da AHhU~M/__gi bar brjod cing so so'i phyag rgya dang bcas pas byin gyis brlab/__oM badz+ra d+harma ra Ni ta/__pra ra Ni ta/__saM pra ra Ni ta/__sarba bud+d+ha k+She tra pra tsa li ni/__pradz+nyA pA ra mi tA nA da saM b+ha we/__badz+ra sa twa hr-i da ya san+to Sha Ni hU~M hU~M hU~M ho ho ho a khaM swA hA/__zhes lan gsum brjod cing /__rol mo dang bcas pas byin dbab/__de nas skyabs yul gsal btab la/__bdag dang 'gro ba nam mkha'i mtha' dang mnyam pa'i sems can thams cad dus 'di nas bzung ste ji srid byang chub snying po la mchis kyi bar du phyogs bcu dus gsum gyi de bzhin gshegs pa thams cad kyi sku gsung thugs yon tan phrin las thams cad kyi ngo bo/__chos kyi phung po stong phrag brgyad cu rtsa bzhi'i 'byung gnas/__'phags pa'i dge 'dun thams cad kyi mnga' bdag__/rje btsun rtsa ba dang brgyud par bcas pa'i dpal ldan bla ma dam pa rnams la skyabs su mchi'o/__/rdzogs pa'i sangs rgyas bcom ldan 'das rnams la skyabs su mchi'o/__/dam pa'i chos rnams la skyabs su mchi'o/__/'phags pa'i dge 'dun rnams la skyabs su mchi'o/__/zhes skyabs 'gro ci mang dang /__thal mo snying gar sbyar la/__bla ma dang dkon mchog rin po che rnam pa gsum la bdag phyag 'tshal zhing skyabs su mchi'o/__/khyed rnams kyis bdag gi rgyud byin gyis brlab tu gsol/__zhes skyabs gsol byas nas skyabs yul rang la bstim/__smon 'jug gi don dran bzhin pas/__sems can thams cad kyi don du rdzogs pa'i sangs rgyas kyi go 'phang thob par bya/__de'i ched du bdag gis lam zab mo nyams su blang bar bgyi'o/__/zhes lan gsum gyis sems bskyed/__sems can thams cad bde ba dang sogs tshad med bzhi spyi ltar bsgom/__de rnams ni sngon 'gro sbyor ba'i rim pa'o/__/gnyis pa dngos gzhi la/__rten bskyed pa/__tshogs bsags pa/__gsol ba btab pa'o/__/dang po ni/__oM swA b+ha wa shud+d+haHsarba d+harmAHswA b+hA wa shud+d+ho \u0f85haM/__dbyings stong nyid spros bral nam mkha'i klong /__/gdangs gsal rig 'gags med 'ja' gur dbus/__/seng khri dang pad+ma zla ba'i steng /__/dpal he ru ka dngos tshar pa rje/__/sku dmar smug mtshan dpe'i gzi byin 'bar/__/spyan lta stangs bar snang khams su gzigs/__/phyag g.yas pas chos 'chad glegs bam dang /__/g.yon mnyam bzhag b+han+d+ha tshe bum bsnams/__/zhabs rdo rje'i skyil krung drang por bzhugs/__/tshul rab mdzes chos gos rnam gsum dang /__/dbu pad rag mdangs can zhwa mo gsol/__/thugs bde stong chen po'i rnam rol las/__/skyabs dkon mchog rgya mtsho sprin bzhin gtib/__/mgon dpa' bo mkha' 'gros glu gar len/__/dpal chos srung nor lhas bka' bzhin bsgrub/__/kun tha mal shes pa rang 'gags ngang /__/snod bcud kun 'od gsal lha skur shar/__/gnas gsum du oM dkar AHdmar dang /__/hU~M sngon pos mtshan las 'od 'phros pas/__/skyabs gnas kun spyan drangs dbyer med thim/__/sku gzi brjid mtshan dpe dpal du 'bar/__/gsung tshangs pa'i dbyangs kyis chos sgra sgrogs/__/thugs mkhyen brtse nus pa'i ye shes gter/__/rje dran pa tsam gyis srid dang zhi'i/__/'jigs pa kun 'phrog pa'i ngo bor gsal/__/gnyis pa tshogs bsags yan lag bdun pa bya ba la bdun las/__/dang po ni/__rang dang sems can thams cad kyi lus zhing gi rdul snyed du sprul nas phyag sogs mchod pa'i las la 'jug par mos pa dang bcas/__mi 'phrog pa'i mkhyen rab dang thugs rjer ldan pa khams gsum chos kyi rgyal po/__de bzhin gshegs pa thams cad kyi ngo bo/__dam pa'i chos thams cad kyi 'byung gnas/__byang chub sems dpa' thams cad kyi yab/__nyan thos dang rang sangs rgyas kyi bla ma/__lha dang bcas pa'i 'jig rten thams cad kyi skyabs/__chos kyi rje tshar chen rdo rje 'chang blo gsal rgya mtsho grags pa rgyal mtshan dpal bzang po'i zhabs la gus pas phyag 'tshal zhing skyabs su mchi'o/__/brtse ba chen pos dus thams cad du rjes su gzung du gsol/__sras bcas rgyal ba thams cad kyi/__mkhyen brtse nus gsum gcig bsdus pa/__rdo rje 'chang dngos tshar pa rje'i/__/zhabs kyi pad+mor gus pas 'dud/__/khyed kyis bsod nams ye shes tshogs/__/bskal pa du mar rab bsgrubs pas/__/bzhed pa'i don rnams yongs rdzogs pa'i/__/blo gsal rgya mtsho la phyag 'tshal/__/'khrul pa mi mnga' nyes mi mnga'/__/tshul khrims phung pos brgyan pa'i sku/__/mthong ba tsam gyis rab dad par/__/mdzad pa khyod la phyag 'tshal lo/__/ca co mi mnga' rnam dag gsung /__/tha dad skad kyis mtha' yas pa'i/__/gdul bya'i dbang po tshim mdzad pa'i/__/gsung mchog khyod la phyag 'tshal lo/__/mnyam par gzhag cing rtog mi mnga'/__/'gro ba'i yid la mnyam par 'jug__/ting nge 'dzin dang gzungs kyi gter/__/rnam grol thugs la=__/khyed kyi shes bya'i dkyil 'khor 'di/__/ma lus thugs su chub gyur pas/__/'chad rtsod rtsom pa'i bya ba la/__/mnga' brnyes khyod la=__/dmigs pa kun las rnam grol zhing /__/thugs rje chen po dang ldan pas/__/gzhan don dus las mi 'da' ba'i/__/brtse chen khyod la=__/mkhyen brtse brtson pa'i stobs chen gyis/__/bdud kyi stobs rnams 'joms mdzad cing /__/nyon mongs byang chub lam bsgyur ba'i/__/mthu chen khyod la=__/'khor ba ji srid gnas kyi bar/__/rnam par 'phrul pa sna tshogs kyis/__/de srid de yi don mdzad pa'i/__/phrin las dbang phyug la phyag 'tshal/__/sangs rgyas kun gyi ye shes sku/__/gcig tu bsdus pa gzhan don phyir/__/so so skye ba'i skur ston pa/__/mtshungs bral khyod la phyag 'tshal lo/__/dkon mchog gsum po khyed nyid de/__/khyed nyid dkon mchog gsum yang lags/__/de bas rnam pa thams cad du/__/khyod la gus pas=__/ston mchog khyed la=__/skyabs mchog khyod la=__'dren pa mchog la=__/bla ma mchog la=__/gang la khyod kyis sku reg cing /__/khyod gsung thos shing 'dzin pa dang /__/khyod kyi thugs rjes rjes bzungs ba/__/de dag kun la'ang =__/phyogs bcu'i 'jig rten thams cad na/__/'gro ba'i don du bzhugs pa yi/__/rdzogs pa'i sangs rgyas thams cad la/__/rtag tu gus pas=__/thog ma bar dang mthar dge zhing /__/rnam par dkar la ma 'dres pa/__/nges par 'byung ba mchog gi lam/__/dam pa'i chos la=__/bsod nams zhing rab mchog gyur pa/__/lha dang mi yi mchod pa'i gnas/__/rgyal sras rang rgyal dgra bcom pa/__/tshogs mchog dge 'dun la phyag 'tshal/__/tshul gnas thos dang bsam ldan zhing /__/ting nge 'dzin la mnyam par gnas/__/bde gshegs bstan pa gces 'dzin pa'i/__/bshes gnyen kun la phyag 'tshal lo/__/mchod par 'os pa thams cad la/__/zhing rdul kun gyi grangs snyed kyis/__/lus btud pa yis rnam kun tu/__/mchog tu dad pas phyag 'tshal lo/__/gnyis pa mchod pa la/__spyir mchod pa ni/__mchod yon me tog bdug spos dang /__/snang gsal dri mchog zhal zas dang /__/gdugs dang rgyal mtshan rol mo'i sgras/__/bla ma'i tshogs dang dkon mchog mchod/__/'jig rten khams ni mtha' yas par/__/bdag pos yongs su ma bzung ba'i/__/mchod pa'i yo byad ci mchis pa/__/blo yis blang nas 'bul bar bgyi/__/rab dwangs yid las byung gyur pa'i/__/mchod pa'i sprin gyi phung po ni/__/mkha' dang mnyam pa du ma yis/__/yon tan rgya mtsho sras bcas mchod/__/dman pa'i yul las rab 'das shing /__/rgyal ba kun gyi dam tshig mchog__/dngos grub kun gyi gzhir gyur pa/__/bdud rtsi mchog gis mchod par bgyi/__/sgrib pa'i dri ma kun bsal nas/__/rnyog pa kun las rnam grol pa'i/__/bla na med pa'i byang chub sems/__/bde ba chen pos mnyes gyur cig__/'dod yon lnga bkra shis rtags brgyad rnams 'bul ba ni/__thal mo snying gar sbyar la/__mchod yon phal cher mchod yon bla bre dang /__/mchod yon bkod pa'i 'od zer rab bkye zhing /__/mchod yon sna tshogs kun tu bkram byas nas/__/bdag nyid chen po dpal ldan bla mar mchod/__oM gu ru bud+d+ha bo d+hi sa twa sa pa ri wA ra ar+g+haM pra tI ts+tsha swA hA/__de bzhin du/__me tog dang /__pUSh+pe/__bdug spos dang /__d+hU pe/__snang gsal dang /__a lo ke/__dri mchog dang /__g+han+d+he/__zhal zas dang /__nai wid+ya/__sil snyan dang /__shab+da rnams sbyar ba'i mthar/__oM badz+ra d+harmA ra Ni ta/__pra ra Ni ta/__saM pra ra Ni ta/__sarba bud+d+ha k+She tra pra tsa li ni/__pradz+nyA pra ra mi tA nA da saM b+ha we/__badz+ra sa twa hri da ya san+to Sha Ni hU~M hU~M hU~M ho ho ho a khaM swA hA/__brjod cing rol mo bya'o/__/oM sarba bi ta pU ra pU ra/__su ra su ra/__a warta ya /__a warta ya ho/__zhes brjod cing /__bde bar gshegs pa thams cad la/__/'khor lo rin chen 'di phul bas/__/srid pa'i 'khor lo rgyun bcad de/__/chos kyi 'khor lo bskor bar shog__/oM gu ru bud+d+ha bo d+hi sa twa sa pa ri wa ra tsakra rat+na pU dzi te hU~M/__rgyal ba sras dang bcas rnams la/__/nor bu rin chen 'di phul bas/__/bkren cing phongs pa rgyun bcad de/__/'byor pa phun sum tshogs par shog__/ma Ni rat+na=__/btsun mo rin chen 'di phul bas/__/ma rig mun pa rgyun bcad de/__/shes rab dbyings kyi don rtogs nas/__/thabs dang shes rab 'brel bar shog__/shrI rat+na=__/blon po rin chen=__/phyi nang gsang gsum theg gsum ldan/__/bsam yas bstan pa rab 'dzin cing /__/yon tan thams cad ldan par shog__/ma hA ta rat+na=__/glang po rin chen=__/lta ngan rnams ni rab bsal nas/__/bla med theg par rab zhon te/__thams cad mkhyen grong bgrod par shog__/ha sti rat+na=__/rta mchog rin chen 'di phul bas/__/srid pa'i gzeb las nges grol te/__/rdzu 'phrul mchog gi shugs thob nas/__/sangs rgyas zhing du bgrod par shog__/a shwa rat+na=__/dmag dpon rin chen 'di=__/nyon mongs dgra las rgyal gyur nas/__/phas kyi rgol ba tshar bcad de/__/bsnyengs bral mchog ni thob par shog__/khang+ga rat+na=__/kha dog dbyibs legs yid 'ong rgyan phreng ldan/__/phyogs dus kun na gzugs mchog ci mchis rnams/__/mos blos bla ma mchog la bdag 'bul gyi/__/bzhes shing bla med grub mchog stsal du gsol/__/oM gu ru bud+d+ha bo d+hi satwa sa pa ri wa ra rU pa kA ma gu Na pU dzi te hU~M/__phyogs dus kun na zin dang ma zin pa'i/__/yon tan tshig mchog sgra snyan ci mchis rnams/__mos blos=__sogs/__shab+da=__phyogs dus kun na tsan+dan sbrul snying dang /__/a gar nag sogs dbang po tshim byed rnams/__mos blos=__g+han+d+he=__/phyogs dus kun na ro dang bcud ldan pa'i/__/lus sems brtas byed ro mchog ci mchis rnams/__mos blos=__rA sa=__/phyogs dus kun na 'jam mnyen 'khril chags pa'i/__/reg bya'i khyad par lus sems tshim byed rnams/__mos blos=__paR+she=__mgon po thugs rje chen pos byin brlabs pa'i/__/dri med shin tu mdzes pa'i dpal be'u 'di/__/gang la phul ba de yi skad cig la/__/kun mkhyen ye shes nyid dang ldan par shog__/oM gu ru bud+d+ha bo d+hi sa twa sa pa ri wa ra mang+ga la shrI/__dza pU dzi te hU~M/__tshig rkang dang po dang gsum pa 'og ma rnams la sbyar bas/__bsod nams rgyu las grub pa'i 'khor lo 'di/__/dam pa chos kyi 'khor lo bskor bar shog__/sngags kyi thog mtha' 'dra ba las/__maM ga la tsakra=__'dam skyes 'dam gyis ma gos pad+ma 'di/__/'khor ba'i nyes pa'i skyon gyis ma gos shog__/pad+ma=__dam chos mi nub rgyal mtshan dam pa 'di/__/phyogs bcur chos kyi rgyal mtshan 'dzug par shog__/d+h+wa dza=__rgyan gyis spras pa'i rin chen gdugs mdzes 'di/__/kun la skyabs kyi dam pa byed par shog__/tsha traM ga=__/rin chen bcud kyis gang ba'i bum pa 'di/__/bsod nams tshogs rdzogs rgyan gyis brgyan par shog__/kA la sha=__g.yas 'khyil shin tu dkar ba'i dung chen 'di/__/smra ngan pham byed chos sgra sgrogs par shog__/shaM kha=__/shin tu gsal ba'i mig ldan gser nya 'di/__/'khor ba'i rgya mtsho che las sgrol bar shog__/maM ga laM nya tsha=__zhes so so'i phyag rgya dang bcas pas mchod/__legs par bshams pa'i maN+Dal phyag len ltar dbul zhing /__oM badz+ra b+hU mi AHhU~M/__zhes brjod pas dbang chen gser gyi sa gzhir bsam/__gung mo khor yug tu bskor la/__oM badz+ra re khe AHhU~M/__zhes dang /__hU~M zhes pas bsrung /__de nas tshom bu rnams rim par bkod la/__ri yi rgyal po ri rab/__shar lus 'phags po/__lho dzam bu'i gling /__nub ba lang spyod/__byang sgra mi snyan/__lus dang lus 'phags/__rnga yab dang rnga yab gzhan/__g.yo ldan dang lam mchog 'gro/__sgra mi snyan dang sgra mi snyan gyi zla/__rin po che'i ri bo/__dpag bsam gyi shing /__'dod 'jo'i ba/__ma rmos pa'i lo tog__/'khor lo rin po che/__nor bu rin po che/__btsun mo rin po che/__blon po rin po che/__glang po rin po che/__rta mchog rin po che/__dmag dpon rin po che/__gter chen po'i bum pa/__sgeg mo ma/__phreng ba ma/__glu ma/__gar ma/__bdug spos ma/__me tog ma/__mar me ma/__dri chab ma/__nyi ma/__zla ba/__rin po che'i gdugs/__phyogs las rnam par rgyal ba'i rgyal mtshan/__zhes brjod cing de dag nyid yin par bsam/__yang me tog gcig bkram la/__lha dang mi'i dpal 'byor phun sum tshogs pa ma tshang ba med pa 'di nyid drin can rtsa ba dang brgyud par bcas pa'i dpal ldan bla ma dam pa rnams dang /__yi dam dkyil 'khor gyi lha tshogs/__sangs rgyas byang chub sems dpa'/__dam pa chos skyong ba'i srung ma gnod sbyin nor lha'i tshogs dang bcas pa rnams la 'bul bar bgyi'o/__/thugs rjes 'gro ba'i don du bzhes su gsol/__bzhes nas byin gyis brlab tu gsol/__gang gi mchod rdzas zhing khams rgya mtsho rgya mtsho'i rdul snyed sna tshogs mchod pa'i sprin phung gis/__/rnam par brgyan pa'i rgyan gyi 'od zer phyogs bcur 'phro ba'i 'od kyi rtse mo rgya mtsho yi/__/rdul gyi grangs snyed rin chen pad+mo rin chen 'od 'byin kun nas rgyas pa'i snying po la/__/lha dang mi yi 'dod yon rmad 'di 'dod rgu'i dpal 'byung bye ba phrag brgyar legs gnas pa'i/__/kun tu bzang po'i rnam 'phrul ji bzhin kun nas dge ba'i sems kyis sprul pa'i mchod sprin 'di/__/chos dbyings ji bzhin nam mkha'i khams kun kun la khyab cing sems can dbyings mtha' ji srid bar/__/rnam par gnas nas chos kyi rgyal po rgyal ba rgyal sras rang rgyal dgra las rnam rgyal bas/__/kun nas bskor ba'i dkyil 'khor kun tu rnam par mchod pa'i mchod pa kun gyis mnyes gyur cig__/oM gu ru bud+d+ha bo d+hi satwa sa pa ri wA ra rat+na maN+Dal pU dza me g+ha sa mu dra s+pha ra Na sa ma ya hU~M/__zhes dang khyad par du/__zhing khams rnam par dag pa 'dir/__/dbus kyi ri rgyal ri rab la/__/gling bzhi 'dod yon lnga yis brgyan/__/nyi ma zla bas bskor ba byed/__/lha mi'i longs spyod phun sum tshogs/__/rgyal srid rin chen rnam pa bdun/__/'dod 'jo'i ba dang dpag bsam shing /__/ma rmos lo tog gser dang dngul/__/'bru bzang longs spyod bsam mi khyab/__/dngos po bzang la gya nom pa/__/bla ma sangs rgyas rnams la 'bul/__/rdzogs pa'i sangs rgyas thob par shog__/oM gu ru bud+d+ha bo d+hi sa twa maN+Da la pU dza me g+ha sa mu dra s+pha ra Na sa ma ye hU~M/__zhes brgya rtsa sogs ci nus dbul/__nang gi rdo rje lus kyi maN+Dal ni/__don yid la dran bzhin pas/__pags pa gser gyi sa gzhi la/__/rak+ta'i rlan gyis kun nas byugs/__/sgal tshigs ri rgyal lhun po la/__/yan lag bzhi yi gling bzhis brgyan/__/ro rkyang dkar dmar byang chub sems/__/nyi zla gser dngul la sogs pa/__/lha mi'i longs spyod phun sum tshogs/__/don snod bde cha rin chen bdun/__/haM las rgyun 'babs 'dod 'jo'i ba/__/sku gsum lhun grub ma rmos lo/__/rtsa phran sna tshogs dpag bsam shing /__/rang lus yon tan mtha' yas kyi/__/zas gos 'bru sogs dpag med rnams/__/snying dbus thig ler brtan bzhugs pa'i/__/bla ma sangs rgyas khyed la 'bul/__/rdzogs pa'i byang chub thob par shog__/oM gu ru rat+na maN+Dal pU dza me g+ha sa mu dra s+pha ra Na sa ma ye hU~M/__gsang ba zung 'jug sems kyi maN+Dal ni/__don dran bzhin pas/__chos dbyings sa gzhi snying rje'i rlan gyis byugs/__/sems nyid lhun po tshad med gling bzhis brgyan/__/zung 'jug nyi zla gzhan don 'dod 'jo'i ba/__/chos sku'i lo tog gzugs sku'i phrin las sogs/__/dpag bsam shing 'bru lha mi'i longs spyod kun/__/rang sems bla mar snang ba'i slob dpon la/__/gus pas 'bul gyi mkha' mnyam sems can la/__/thun mong mchog gi dngos grub stsal du gsol/__/oM gu ru rat+na maN+Dal pU dza me g+ha sa mu dra s+pha ra Na sa ma ye hU~M/__zhes ci nus su 'bul/__zhen pa spang ba ni/__gang la chags na nyes kun 'byung ba'i gzhi/__/nyon mongs kyis bsags zas nor longs spyod kun/__/rje btsun bla ma mchog la dbul bar bgyi/__/rgyags dang ser sna zhi bar byin gyis rlobs/__/rang gi zhe sdang rang gzugs shar ba yi/__/gnod byed dgra 'drer snang ba ci mchis pa/__/rje btsun bla ma'i 'khor du dbul bar bgyi/__/zhe sdang dbyings su zhi bar byin gyis rlobs/__/ltar snang phan pas 'khor bar 'ching ba'i grogs/__/gnyen dang mdza' bshes 'khor g.yog la sogs pa/__/de kun bla ma mchog la dbul bar bgyi/__/'dod chags rnam rtog zhi bar byin gyis rlobs/__/tshe rabs du mar grangs med ma byas kyang /__/las nyon dbang gis gnyen ngo ma shes pa'i/__/bar ma'i 'gro rnams khyed la dbul bar bgyi/__/rmongs dang phrag dog zhi bar byin gyis rlobs/__/rang lus phal par snang ba'i lag g.yas su/__/shes rab ral gri 'bar ba legs thogs te/__/tha mal lus su snang ba'i mgo bo yi/__/ya thod bcad nas mdun du bkan te bzhag__/gang de ches dkar yangs pa'i snod gyur par/__/rang g.yon g.yas dang khog smad nang khrol dang /__/khog stod lag g.yon mgo bo'i lhag ma dang /__/lag pa ral gri bcas pa de nang bskyur/__/de la bsang sbyangs byin rlabs rgyas par bya'am/__de tsam mi nus na/__oM las chos dbyings stong pa'i ngang nyid las/__/AHlas ye shes thod pa ches yangs par/__/hU~M las sha lnga bdud rtsi ye shes lnga/__/ho las dbyer med bdud rtsi'i rgya mtshor gyur/__/sangs rgyas kun dngos bla ma rin po che/__/bdag gis mngon par bshams pa'i mchod pa 'di/__/bdag la brtse ba'i thugs kyis legs dgongs la/__/dgyes pa chen pos bzhes par mdzad du gsol/__/rang lus lha skur gsal ba'i thugs ka nas/__/yid 'phrog mchod pa'i lha mo mang spros pas/__/phyag gi thod pas bdud rtsi legs blangs nas/__/mchod yul rnams la phul te mchod par gyur/__/drin can rtsa ba'i bla ma bka' drin can/__/'khor lo'i mgon po'i zhal du oM AHhU~M/__/skyabs gnas kun 'dus zhal du=__/dgyes pa rdo rje'i=__/brgyud pa'i bla ma'i=__/yi dam lha tshogs=__/sangs rgyas byang sems=__/nyan thos rang rgyal=__/chos srung nor lha'i=__/ye shes bdud rtsi'i rgya mtsho chen po 'di/__/bzhes nas bdag dang sems can thams cad la/__/mchog dang thun mong dngos grub stsal du gsol/__/mchod pa'i lha rnams rtsa ba'i bla ma yi/__/thugs kar thim pas thugs rgyud zag med kyi/__/bde ba chen pos yongs su mnyes gyur te/__/mchog tu dgyes pa'i nyams dang ldan par gyur/__/bdud rtsi'i lhag ma rigs drug sems can rnams/__/lha ru gsal ba'i zhal du oM AHhU~M/__/chags sdang rmongs gsum rnam rtog zhi ba dang /__/byang chub sems 'byongs sangs rgyas thob gyur cig__/gsum pa sdig pa bshags pa sogs yan lag lhag ma lnga ni/__bdag ni thog med dus nas su/__/las dang nyon mongs dbang gyur pas/__/lus dang ngag dang yid sgo nas/__/rang bzhin sdig pa ci bgyis dang /__/sdom pa gsum dang 'gal gyur pa'i/__/nyes pa'i tshogs rnams rab 'gyod pas/__/mchod 'os rnams kyi spyan snga ru/__/slan chad bsdam pa'i sems kyis bshags/__/bla ma'i phrin las rmad byung dang /__/rgyal dang rgyal sras rang rgyal dang /__/dgra bcom so so skye bo yi/__/dge ba kun la rjes yi rang /__/'gro kun smin cing grol bya'i phyir/__/bla ma rnams dang sangs rgyas la/__/zab pa dang ni rgya che ba'i/__/chos kyi 'khor lo bskor bar bskul/__/sems can ji srid gnas kyi bar/__/mya ngan mi 'da' rtag bzhugs nas/__/'gro ba kun gyi don mdzad par/__/thal mo sbyar nas gsol ba 'debs/__/byang chub snying por mchis kyi bar/__/bla ma mchog dang sangs rgyas dang /__/chos dang 'phags pa'i dge 'dun la/__/rtag tu gus pas bdag skyabs mchi/__/sems can kun gyi don slad du/__/rdzogs pa'i byang chub thob bya'i phyir/__/byang chub sems ni bskyed bgyi zhing /__/byang chub spyod pa'ang spyad par bgyi/__/ye shes gsal ba'i spyan ldan pa'i/__/brtse ldan bla ma'i tshogs rnams dang /__/rgyal ba sras dang bcas pa kun/__/yud tsam bdag la dgongs su gsol/__/ma rig pa yis ldongs gyur cing /__/las kyi chu klung gis 'phangs pas/__/srid pa'i rgya mtshor lhung gyur te/__/nyon mongs chu srin dbang gyur pas/__/mi bzad sdug bsngal gyis gzir ba'i/__/nyams chung blo gros rab dman pa/__/bdag dang sems can thams cad kyi/__/skyobs pa mdzad par gsol ba 'debs/__/bdag cag rnams kyis rab 'bad kyang /__/thar pa'i go skabs rnyed par dka'/__/khyed kyi thugs rje'i phyag brkyangs nas/__/srid pa'i mtsho las bsgral du gsol/__/mngon par 'du byed kun gyi gzhi/__/tshul min yid la byed pa'i rgyu/__/ma rig mun pa 'thibs po che/__/ye shes zer gyis bsal du gsol/__/srid pa'i nyes kun 'byung ba'i gzhi/__/rtog pa thams cad skyed byed pa/__/bdag tu 'dzin pa'i 'khri shing ni/__/shes rab ral gris bcad du gsol/__/kun rmongs kun 'khrugs kun nas dkris/__/nga rgyal dang ni phrag dog kun/__/mgon po khyod kyi mthu chen gyis/__/ye shes chen por bsgyur du gsol/__/srid pa thog med dus nas su/__/sems ni nyon mongs dbang gyur pas/__/bag chags dri ma gang bsags pa/__/ye shes chu yis sbyang du gsol/__/rang gis mngon par spyad pa'i mthus/__/rang la rang dbang med par ni/__/sdug bsngal rgya mtshor 'phen byed pa'i/__/las kyi rlung shugs bzlog tu gsol/__/las dang nyon mongs kyis sprul pa'i/__/skye rga na dang 'chi la sogs/__/sdug bsngal 'du byed 'gyur ba yi/__/sdug bsngal zhi bar mdzad du gsol/__/thabs dang skyabs dang dag pa dang /__/theg chen nges par 'byung ba las/__/sems can rnams ni rab bslu ba'i/__/bdud kyi las rnams bzlog tu gsol/__/'jig rten pa yi don gnyer ba'i/__/rnyed dang bkur sti la sogs pa/__/snying po med pa'i bya ba las/__/yid ni rab tu bzlog tu gsol/__/kun gzhi'i lte ba rab brtan cing /__/rten 'brel yan lag rtsibs bcu gnyis/__/sdug bsngal mu khyud kyis bskor ba'i/__/srid pa'i 'khor lo gzhig tu gsol/__/gzhan don la skyo bdag chags pas/__/rang nyid zhi ba don gnyer ba/__/nyan thos theg pa dman pa'i sems/__/rnam pa kun tu dgag tu gsol/__/bdag gi lus dang ngag dang ni/__/de bzhin yid kyi sgo nas kyang /__/sems can kun la rnam kun tu/__/phan pa rgya chen 'byung bar shog__/rdzogs pa'i byang chub sgrub pa la/__/phyi dang nang gi 'tshe ba yi/__/bar du gcod pa thams cad kun/__/nye bar zhi bar mdzad du gsol/__/bshes gnyen grogs mchog dam chos dang /__/gnas bzang ba dang yo byad sogs/__/rtag tu mthun pa'i rkyen rnams kun/__/lhun gyis grub par mdzad du gsol/__/tshe ring nad med 'byor ldan zhing /__/'gro kun rtag tu 'dun pa dang /__/ji ltar bsam pa'i don rnams kun/__/chos bzhin 'grub par mdzad du gsol/__/tshe yi 'du byed gtong ba'i tshe/__/bla ma mchog dang he ru kaH/__mkha' 'gro'i dbang mo dpag yas kyis/__/mkha' spyod gnas su bkri bar mdzod/__/mang du smos kyang ci 'tshal te/__/dbang bcu ldan pa khyed rnams kyis/__/ji ltar go 'phang mchog brnyes pa/__/de ltar bdag gis thob par mdzod/__/bdag gzhan srid pa'i sdug bsngal gyis/__/rnam pa kun tu nyam thag pas/__/mi shes bzhin du gsol ba la/__/nyes pa snang gang bzod par gsol/__/dge ba 'di dang dge ba gzhan/__/ma lus gcig tu bsdoms byas nas/__/sems can kun gyi don gyi phyir/__/rdzogs pa'i sangs rgyas myur thob shog__/bdag ni tshe rabs thams cad du/__/rigs gzugs 'byor ldan shes rab dang /__/dbang phyug phun sum tshogs gyur cig__/nad med tshe dang ldan gyur cig__/sangs rgyas 'byung ba mnyes byed cing /__/dam chos rtag tu spyod pa dang /__/'phags pa'i dge 'dun rgya mtsho'i tshogs/__/rnam pa kun tu mchod par shog__/kun dga'i gsung rab rtag nyan cing /__/sku yi rgyal mtshan blta ba dang /__/de yi dpal 'byor bzang po yis/__/rtag tu bdag ni skyong bar shog__/dad dang brtse dang brtson pa'i mthus/__/byang chub lam rnams rdzogs byed cing /__/sangs rgyas zhing kun sbyongs ba dang /__/sems can smin par byed par shog__/yid bzhin nor bu chen po ltar/__/bdag las sems can thams cad kyi/__/yid la 'dod rgu 'byung 'gyur zhing /__/'gro kun tshim par byed par shog__/bdag la brten nas 'gro ba kun/__/zab mo'i lam la rab zhugs nas/__/srid dang zhi la mi gnas pa'i/__/byang chub chen po thob gyur cig__/blo gros sgrib gnyis rnam dag pas/__/shin tu zab pa'i blo gros dang /__/rgya che'i blo gros dang ldan pa'i/__/blo gros chen por bdag gyur cig__/tshul khrims rgyal mtshan dang ldan zhing /__/chos kyi rgyal mtshan legs gzung bas/__/bstan pa'i rgyal mtshan brtan byas nas/__/thar pa'i rgyal mtshan slong bar shog__/tshogs gnyis dpal rab rdzogs gyur nas/__/'gro ba'i dpal mgon 'byung ba'i gzhi/__/sku gsum dpal 'byor lhun grub ste/__/srid zhi'i dpal du bdag gyur cig__/smon lam bzang po las byung ba'i/__/phrin las bzang pos 'gro ba kun/__/skal pa bzang pos legs sgrub pa'i/__/brtul zhugs bzang por bdag gyur cig__/rgyal dang rgyal ba'i sras rnams kyi/__/rjes su bdag kyang rab zhugs nas/__/dge ba 'di dang dge ba gzhan/__/thams cad yongs su bsngo bar bgyi/__/gzhan yang skye ba 'di nyid du/__/mi mthun phyogs kun zhi ba dang /__/tshe ring nad med phun sum tshogs/__/rtag tu bde dang ldan gyur cig__/bla med bla ma'i thugs rje dang /__/rgyal dang rgyal sras rang rgyal dang /__/dgra bcom bden pa'i byin rlabs kyis/__/ji ltar bsngos bzhin 'grub par shog__/ces don yid la dran bzhin du 'dun pa rtse gcig pas brjod do/__/gsum pa gsol ba btab pa ni/__bdag la skyid sdug legs nyes mtho dman ci byung yang mgon po mchog las re sa gzhan na med pas thugs rjes gzigs par mdzad du gsol snyam pa'i mos gus gdung shugs drag pos/__mkhyen no mkhyen no bla ma mkhyen no/__/pha gcig rdo rje 'chang dngos/__/drin chen blo gsal rgya mtsho/__/gdan gsum tshang ba'i ngo bo/__/khyab bdag he ru ka dpal/__/'khor lo'i mgon po mkhyen no/__/skyabs kun 'dus tshar chen chos kyi rje/__/mgon rigs brgya'i khyab bdag rdo rje 'chang /__/mtshan blo gsal rgya mtsho dpal bzang por/__/bdag snying nas gus pas gsol ba 'debs/__/sgo gsum po mi phyed dad phyag 'tshal/__/rab 'byams kyi mchod sprin rgya mtshos mchod/__/stobs bzhi yis sdig ltung tshogs kun bshags/__/'khor 'das kyi dge la rjes yi rangs/__/zab rgyas kyi chos 'khor bskor bzhin du/__/dus rtag tu bzhugs par gsol ba 'debs/__/tshul de las byung ba'i dge tshogs kun/__/byang chub snying por bsngo bar bgyi/__/don bde chen ye shes gcig pu las/__/zung 'jug gi rnam rol mtha' klas pa/__/mchog gsum dang rtsa gsum rgya mtsho'i dngos/__/pha bla ma tshar chen rdo rje 'chang /__/rje khyed kyi thugs rje'i ye shes kyis/__/mi bdag dang khams gsum sems can la/__/dus myur ba nyid du gzigs nas kyang /__/rkyen bar chad kun sol dngos grub stsol/__/ces dang /__grangs bsog na/__skyabs kun 'dus sogs nas/__bdag snying nas gus pas gsol ba 'debs/__/don bde chen ye shes gcig pu las/__sogs nas/__dngos grub stsol/__zhes pa sbrel bas gsol ba btab/__gzhan yang rje rang nyid kyi gsung sogs gsol 'debs sku bstod gang shes rnams kyis gsol ba nan du btab par bya'o/__/zhar byung thugs brgyud bskul ba'i mtshan sngags kyi bzlas pa bya bar spro na/__oM AHbadz+ra gu ru d+hi ka sha sa mu dra sarba sid+d+hi pha la hU~M swA hAHzhes dbang blang ba'i dmigs pa dang sbrags ci nus bzla'o/__/gsum pa rjes la/__gsol ba btab cing dbang blangs shing rang la bstims pa ni/__phyogs bcu dus gsum gyi de bzhin gshegs pa thams cad kyi sku gsung thugs yon tan phrin las thams cad kyi ngo bor gyur pa/__chos kyi rje/__chos kyi rgyal po/__chos kyi dbang phyug__/chos dam pa'i 'byor pa thams cad kyis phun sum tshogs shing /__'khor ba dang mya ngan las 'das pa'i dpal dam par gyur pa bla ma dam pa'i zhabs kyi pad+mo dri ma med pa la gus pas phyag 'tshal zhing skyabs su mchi'o/__/sku gsung thugs yon tan phrin las thams cad kyis bdag dang sems can thams cad la byin gyis brlab tu gsol/__bdag gi sngon gyi las las gyur pa dang /__/gnas skabs kyi rkyen las gyur pa'i mi dang mi ma yin pa dang 'byung po'i gnod pa dang /__nye bar 'tshe ba dang /__byur dang skal ba ngan pa dang /__phyi nang gi bar du gcod pa thams cad nye bar zhi bar byin gyis brlab tu gsol/__tshe dang dpal dang 'byor pa dang dbang phyug phun sum tshogs par byin gyis brlab tu gsol/__'jig rten gyi chos brgyad dang mtshan ma'i rnam par g.yeng ba la sogs pa srid pa 'khor bar 'gyur ba'i rnam par rtog pa dang /__gzhan gyi don la skyo ba dang /__rang nyid zhi bar 'dun pa la sogs pa mya ngan las 'da' bar 'gyur ba'i rnam par rtog pa gang lags pa thams cad mi 'byung bar byin gyis brlab tu gsol/__bdag gi sems las su rung ba dang /__bag yod pa dang dran pa dang shes bzhin yang dag pa dang ldan par byin gyis brlab tu gsol/__bdag gi tshul khrims kyi phung po dang /__dam tshig dang sdom pa'i tshogs rnam par dag cing /__sdig pa dang sgrib pa dang /__ltung ba dang nyes pa'i dri mas ma gos par byin gyis brlab tu gsol/__dad pa dang snying rje dang shes rab phun sum tshogs pa dang ldan zhing /__byang chub kyi sems gnyis zung du chud nas lung dang mngon par rtogs pas bsdus pa'i chos kyi snang ba dam pa dang /__rtogs pa dge ba khyad par can rgyud la skye bar byin gyis brlab tu gsol/__gang gi tshe bdag 'chi bar gyur pa de yi tshe tshe dang 'jig rten 'di la mngon par zhen pa dang bral zhing lus dang sems la zug rngu dang sdug bsngal cung zad tsam yang mi 'byung bar dga' ba dang spro ba dang /__yid gsal ba mchog dang ldan zhing ting nge 'dzin dam pa rgyud la skyes nas bla ma dang dkyil 'khor gyi lha tshogs rnams dang dpa' bo dang rnal 'byor ma tshogs yang dag par mthong zhing /__de dag gi rnam par 'phrul pa bsam gyis mi khyab pa dang bcas pas bsus te/__bar do'i 'jigs pa thams cad dang bral zhing bdud dang gshin rje'i spyod yul thams cad las shin tu 'das nas rig pa 'dzin pa dang /__mkha' la spyod pa la sogs pa'i go 'phang mchog tu skye bar byin gyis brlab tu gsol/__skye ba dang srid pa thams cad du 'jig rten las 'das pa'i rgud pa thams cad dang bral zhing srid pa dang zhi ba'i 'byor pa phun sum tshogs pa thob ste/__phyogs bcu'i de bzhin gshegs pa thams cad kyi gsung rab rgya mtsho'i tshogs yang dag par bzung nas/__chos kyis phongs pa'i sems can thams cad la chos kyi sbyin pa rgya chen po gtong zhing /__sangs rgyas kyi zhing yongs su dag pa dang sems can rnams yongs su smin par byas nas/__dngos po thams cad kyis bla ma dam pa mnyes par byas te sa dang lam thams cad bde blag tu bgrod nas/__sku bzhi ye shes lnga dang ldan pa'i rdo rje 'chang chen po'i go 'phang myur du thob par byin gyis brlab tu gsol/__zhes lan gsum dang /__gzhi ma dag snang bar nges 'byung gis/__/rten dal 'byor snying po len 'dod blos/__/las dkar nag dge sdig blang dor la/__/tshul bzhin du brtson par byin gyis rlobs/__/las thun mong nyams kyi snang ba mchog__/byams snying rje byang chub sems 'byongs shing /__/sngags thun mong min pa'i nyams snang la/__/gting nges shes skye bar byin gyis rlobs/__/'bras dag pa'i snang ba rgyal kun gyi/__/sku gsung thugs mi zad rgyan 'khor lo/__/dus myur ba nyid du thob 'dod pas/__/lam zab mor 'jug par=__/gzhi smin byed dbang bzhi'i sa bon thebs/__/dam tshig dang sdom pa rnam par dag__/'khor 'das gnyis dbyer med sems nyid kyi/__/don mngon sum mthong bar=__/bskyed rim gyis phyi nang lha skur dag__/rlung gtum mos 'bar 'dzag dbu mar thim/__/thun mong dang khyad par phyag rgya las/__/dpe don gyi ye shes mthong byin rlobs/__/'bras rten dang brten pa gnas 'gyur ba/__/rang bzhin gyis che ba gsum ldan pa'i/__/go 'phang de tshe 'dir mngon gyur nas/__/don yid bzhin 'grub par=__/de lta bu'i go 'phang ma thob bar/__/chos sgrub pa'i 'gal rkyen kun zhi zhing /__/mgon rgyal bas bsngags pa'i mthun rkyen rnams/__/'bad med du 'byung bar=__/bstan 'dzin rnams zhabs pad bskal brgyar brtan/__/bshad sgrub kyi bstan pa phyogs bcur 'phel/__/'gro ba kun bde skyid rdzogs ldan gyi/__/dpal 'byor la spyod par byin gyis rlobs/__/_!__tshul de ltar rtse gcig gsol btab pas/__/rje 'khor bcas 'od zhu rang la thim/__/mi bdag gi sgo gsum kun gzhir bcas/__/skyabs rnams kyi gsang gsum ngo bor shar/__/dbang bzhi thob sgrib bzhi'i bag chags dag__/lam rnam bzhi bsgom pa'i snod rung dang /__/'bras sku bzhi thob pa'i nus ldan byas/__/dbyings 'od gsal chen por ro gcig gyur/__/ces brjod la thugs yid bsre ba'i ngang la ci gnas su mnyam par bzhag go/__de las ldang ba na/__snang grags rigs gsum bla ma'i rol par bltas la/__sangs rgyas kun 'dus phyi yi bla ma dang /__/sems nyid 'od gsal nang gi bla ma dang /__/rang bzhin spros bral don gyi bla ma gsum/__/dbyer med snying po'i bla ma rtogs par shog__/dge ba 'di yis bdag sogs sems can kun/__/dngos grub 'byung gnas dpal ldan bla ma nyid/__/lhag pa'i lha ru shes pa'i mos gus kyis/__/dbang dang dngos grub rtag tu len par shog__/lus ngag yid gsum longs spyod dang bcas pa'i/__/don yod rnam bzhi'i rtag tu mnyes byas nas/__/ci mdzad rgyal ba'i mdzad par legs rtogs te/__/rmad byung phrin las sgrub la brtson par shog__/ces dang /__skye ba kun tu sogs/__myur thob shog__/skye zhing skye ba dag ni thams cad du/__/rigs bzang blo gsal nga rgyal med pa dang /__/snying rje che zhing bla ma la gus ldan/__/dpal ldan bla ma'i dam tshig la gnas shog__/bdag sogs gdul byar gyur pa thams cad kyang /__/las 'bras lhur len gsung rab don la mkhas/__/tshul khrims dag cing thos la mngon brtson te/__/thub bstan phyogs bcur rgyas par mdzad du gsol/__/dge ba 'di yis nam mkha'i mtha' klas pa'i/__/lus can kun gyi bsod nams ye shes tshogs/__/myur du bsgrub nas tshe 'di kho na la/__/rdo rje 'dzin pa'i sa la bgrod par shog__/byang phyogs skyong ba'i skyob pa mchog gyur pa/__/mkhas grub rgya mtshos yongs su gang ba'i gnas/__/gangs ri'i khrod 'dir bstan pa gsal mdzad pa/__/sa skya pa yi bstan pa rgyas gyur cig__/gangs can bod kyi lte ba rdo rje'i gdan/__/dpal ldan sa skya'i chos srid rgyas gyur cig__/sprul pa'i gdung brgyud rgyun chad med pa dang /__/kun kyang phrin las nam mkha' mnyam par shog__/ces bsngo smon dang /__rgyal mtshan rtse mor dbang gi rgyal po ltar/__/lhag pa'i lha yi gtsug gi rgyan gcig pu/__/sgrubs pa po la dngos grub mchog stsol ba/__/mnyam med bla ma mchog gis bkra shis shog__/bstan pa'i bdag po dpal ldan sa skya pa/__/gangs ri'i khrod 'dir theg chen chos sgra sgrogs/__/'khor los bsgyur rgyal kun dga' rgyal mtshan dpal/__/bzang po'i zhabs kyi pad+mo'i bkra shis shog__/'gro ba'i bla ma chos rje paN+Di ta/__/mkhyen rab dbang phyug rje btsun 'jam pa'i dbyangs/__/rgyal ba gnyis pa dpal ldan sa skya pa'i/__/bstan pa yun ring gnas pa'i bkra shis shog__/gang gi zhabs sen yid la dran tsam gyis/__/phyi nang bdud las rgyal ba'i dpal yon can/__/rdo rje 'chang dngos tshar pa chos rje yi/__/ring lugs phyogs bcur rgyas pa'i bkra shis shog__/ces sogs kyi shis pa brjod pas dge legs su bya'o/__/dpal ldan bla ma mchod pa'i tshul/__/byin rlabs bdud rtsi'i rol mtsho nyid/__/legs par bsdebs pa'i dge ba yis/__/rdo rje 'dzin dbang thob par shog__/ces pa'ang 'jam dbyangs mkhyen brtse'i dbang pos thub bstan dge 'phel gyi rje yi 'dra sku tshar chen rdo rje 'chang dngos su gyur nas lam 'bras nye brgyud gsan skabs kyi lam 'bras snying po'i mgur glu bla ma'i rnal 'byor dang 'brel ba/__rdo rje'i thol glu byin rlabs bdud rtsi'i char 'bebs la sbyar ba'i mchod chog 'di'ang /__'jam dbyangs chos kyi blo gros pas me sprel zla ba dgu pa nyis brtsegs kyi phyi ma'i tshes bco lnga bzang por dge 'phel rdo rje'i pho brang gi bla ma lha khang 'dra zhal rin po che byin rlabs kyi gzi 'od 'bar ba'i drung du legs par bsdebs pa dge legs mchog tu rgyas par gyur cig__/sarba dA mang+ga laM//____//tshogs kyi 'khor lo'i glu DA ki bzhad pa'i dbyangs snyan ces bya ba bzhugs so/__/a ho/__rang snang rnam dag spyi gtsug bde chen gyi gur khang /__/dpal ldan bla ma sku yi rdo rje de bzhugs yod/__/snang stong lha skur 'char bas gsol ba zhig 'debs na/__/'khor 'das dbyer med rtogs par byin gyis rang rlobs shig__/grags stong mgrin pa'i ro rnams 'dus pa yi klong na/__/dpal ldan bla ma gsung gi rdo rje de bzhugs yod/__/gsal stong dbyer med ngang nas gsol ba zhig 'debs na/__/rang byung ye shes rtogs par byin gyis rang rlobs shig__/snying ga chos kyi 'khor lo'i gter mdzod kyi klong na/__/dpal ldan bla ma thugs kyi rdo rje de bzhugs yod/__/bde stong dbyer med ngang nas gsol ba zhig 'debs na/__/myang 'das bde chen 'char bar byin gyis rang rlobs shig__/lte ba sprul pa'i 'khor lo'i gzhal yas kyi dbus na/__/dpal ldan bla ma yon tan rdo rje de bzhugs yod/__/rig stong dbyer med ngang nas gsol ba zhig 'debs na/__/'khor 'das bde chen 'char bar byin gyis rang rlobs shig__/gsang gnas bde skyong 'khor lo'i gzhal med kyi dbus na/__/dpal ldan bla ma phrin las rdo rje de bzhugs yod/__/'pho 'gyur bral ba'i ngang nas gsol ba zhig 'debs na/__/shin tu rnam dag rtogs par byin gyis rang rlobs shig__/rang snang 'char ba thams cad gdan gsum gyi dkyil 'khor/__/phyi nang gsang ba'i mchod pas mnyes shing ni tshim nas/__/gdod nas rnam par dag pa rdo rje yi lus la/__/rang byung lhun grub chen por bzhugs pa 'di a ho/__/snying dbus rang byung bla ma dgyes mdzad kyi rdo rje/__/zag med ye shes bdud rtsi'i mchod pa yis tshim nas/__/mchog tu mi 'gyur bde chen ye shes kyi nyams 'bar/__/brtan g.yo kun gyi srog tu gyur pa 'di a ho/__/rang snang dag pa'i rlung gis phyi rol tu bskyod pa'i/__/srid gsum 'byung po'i tshogs rnams gtor ma yis tshim zhing /__/rgyud gsum dregs pa'i tshogs rnams rang dbang du 'dus pas/__/ma 'bad phrin las rnam bzhi grub pa 'di a ho/__/dam tshig ldan pa'i rnal 'byor mched lcam gyi tshogs rnams/__/rmad byung ga Na tsakra'i longs spyod kyis tshim pas/__/sred len med pa'i thabs mkhas tshogs chen ni rdzogs nas/__/longs spyod yongs rdzogs dga' ston chen po 'di a ho/__/rtsa thig rlung gsum dpa' bo mkha' 'gro yi grong khyer/__/phyir snang gnas gsum DA ki'i sprin phung du shar bar/__/grags stong rdo rje'i glu dang gar stabs kyis tshim pas/__/phyi nang rten 'brel thams cad rang 'grigs 'di a ho/__/rang lus dkyil 'khor rnam bzhi lhan skyes kyi lha skur/__/a haM 'bar 'dzag dga' bzhi'i dgyes mchod kyis tshim pas/__/bde stong ye shes dga' bzhi'i rol rtsed kyi 'bras bu/__/'ja' lus chos sku'i grub mtha' snyogs pa 'di a ho/__/thabs shes dpa' bo mkha' 'gro'i tshogs chen gyi dkyil 'khor/__/zag med tshogs kyi 'du ba'i dga' ston la spyod pas/__/nged cag tshom bu gcig tu mngon 'tshang ni rgya ste/__/he ru ka dang dgongs spyod mnyam pa ru shog cig__/ces pa'ang sa stag dbo zla ba'i dmar phyogs kyi tshes bcu'i mchod par gsung ngag rin po che'i tshogs kyi dga' ston la spyod pa'i tshogs gral du rig 'dzin gyi btsun pa d+harma ma tis glur blang ba'o//____//

Footnotes

Other Information