ཚར་ཆེན་རྡོ་རྗེ་འཆང་གི་བླ་སྒྲུབ་ཧེ་རུ་ཀའི་དགོངས་རྒྱན།

From Khyentse Lineage - A Tsadra Foundation Project
JKCL-KABUM-04-NGA-030
Wylie title tshar chen rdo rje 'chang gi bla sgrub he ru ka'i dgongs rgyan JKCL-KABUM-04-NGA-030.pdf
Location chos kyi blo gros bka' 'bum
Volume 4, Text 30, Pages 183-198 (Folios 1a1 to 8b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཚར་ཆེན་བློ་གསལ་རྒྱ་མཚོ་ (tshar chen blo gsal rgya mtsho)
Citation 'jam dbyangs mkhyen brtse chos kyi blo gros. tshar chen rdo rje 'chang gi bla sgrub he ru ka'i dgongs rgyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 183-198. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་མེ་སྤྲེལ་དབྱུག་ཟླའི་ཚེས་ལ་མང་མཁར་ཐུབ་བསྟན་དགེ་འཕེལ་གྱི་རྗེ་ཚར་པའི་འདྲ་ཞལ་རིན་པོ་ཆེ་མཇལ་བ་ན་མོས་གུས་རྐྱེན་གྱིས་བྱིན་བརླབ་ཀྱི་ཟིལ་ཅུང་ཟད་ཐོབ་པས་རྐྱེན་བྱས་སྦས་ཡུལ་འབྲས་མོ་གཤོངས་ཀྱི་ས་སྣེར་ཟིན་པ་ན་ཤེས་ཉམས་ར་རིས་ཀྱི་སྣང་བར་བདེན་པར་བཟུང་སྟེ། ཀུན་དགའ་ཕྲིན་ལས་རྒྱ་མཚོ་འཇིགས་མེད་དབང་གི་རྒྱལ་པོས་བརྫུན་བྲིས་སུ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །།མངྒ་ལཾ།།

/ces pa'ang me sprel dbyug zla'i tshes la mang mkhar thub bstan dge 'phel gyi rje tshar pa'i 'dra zhal rin po che mjal ba na mos gus rkyen gyis byin brlab kyi zil cung zad thob pas rkyen byas sbas yul 'bras mo gshongs kyi sa sner zin pa na shes nyams ra ris kyi snang bar bden par bzung ste/__kun dga' phrin las rgya mtsho 'jigs med dbang gi rgyal pos brdzun bris su btab pa dge legs su gyur cig__//mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཚར་ཆེན་རྡོ་རྗེ་འཆང་གི་བླ་སྒྲུབ་ཧེ་རུ་ཀའི་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་ཝེ། གང་ཞིག་དད་པས་བསྙེན་པ་ལ། །བྱིན་བརླབས་དངོས་གྲུབ་ཆར་དུ་བསྙིལ། །དེ་ཕྱིར་ཐར་འདོད་སྐྱེས་བུ་རྣམས། །ཟབ་མོའི་ལམ་འདིར་འཇུག་པར་བྱ། །དབེན་པའི་གནས་སུ་རྟེན་བཀྲམ་སྟེ། །ཕྱི་ནང་མཆོད་གཏོར་ཚོགས་བྱས་ཏེ། །བདེ་བའི་སྟན་ལ་ལུས་གནད་བཅའ། །ངེས་འབྱུང་བྱང་ཆུབ་སེམས་ལྡན་པས། །དང་པོ་སྐྱབས་སུ་འགྲོ་བ་ནི། །མདུན་མཁར་སྐྱབས་ཡུལ་གསལ་བཏབ་ལ། ཨཿ སྟོང་ཆེན་གཏིང་གསལ་ཆོས་ཀྱི་སྐུ། །ལྔ་ལྡན་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཐུགས་རྗེ་རོལ་རྩལ་སྤྲུལ་སྐུར་ཤར། །སྐུ་གསུམ་བླ་མར་སྐྱབས་སུ་མཆི། །གཉིས་པ་བྱང་ཆུབ་མཆོག་སེམས་བསྐྱེད། ཨཿ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །ཡེ་སངས་རྒྱས་པའི་རང་བཞིན་ལ། །དེ་ལྟར་མ་རྟོགས་སེམས་ཅན་ལ། །སྙིང་རྗེ་ཆེན་པོས་སེམས་བསྐྱེད་དོ། །གསུམ་པ་བཀའ་སྒོ་མཚམས་བཅོད་ནི། ཧཱུྃ་ཧཱུྃ་ཧཱུྃ། བགེགས་ཞེས་བྱ་བ་རྣམ་རྟོག་གི། བདག་ཏུ་འཛིན་པ་འབྱུང་པོ་རྣམས། །དཔལ་ཆེན་ཕྱག་རྒྱའི་བཀའ་བྱུང་བས། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་རྒྱ་མཚོའི་ཕ་མཐར་དེངས། །ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིས་བསྐྲད། ཧཱུྃ། བདག་གི་ཐུགས་ནས་འབར་བའི་ཧཱུྃ། །བཅུ་འཕྲོས་སྲུང་བའི་འཁོར་ལོའི་ནང་། །དཔལ་ཆེན་ཁྲོ་རྒྱལ་བཅུ་རུ་གྱུར། །ཁྲོ་ཚོགས་ཕྱག་མཚན་མེ་དཔུང་འབར། །སྟོང་ཉིད་རྡོ་རྗེས་མཚམས་བཅད་དོ། །བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ། ཞེས་པས་མཚམས་བཅད་བརྡ་སྒོ་དབྱེ། ཧཱུྃ། བདག་ལུས་གདན་གསུམ་ཚང་བའི་གྲོང་། །དཔལ་ཆེན་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རང་གསལ་བརྡ་ཡི་སྒོ་དབྱེ་ཞིང་། །རང་ངོ་ཤེས་པས་བརྡ་ཕྱག་འཚལ། །བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བརྗོད་མེད་དོན་གྱི་བཤགས་པ་དང་། རང་རིག་ཡོངས་གྲུབ་དག་པ་ཆེན་པོ་ལ། །གཉིས་འཛིན་འཁྲུལ་པའི་གཞན་དབང་དུ་གྱུར་པས། །ཀུན་བརྟགས་གློ་བུར་འཁྲུལ་པའི་དབང་གྱུར་པས། །བཅས་དང་རང་བཞིན་ཉེས་པའི་ཚོགས་རྣམས་བཤགས། །དག་ཅིང་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཡི་གེ་བརྒྱ་པ་མང་དུ་བརྗོད། །དམ་བཅའ་རྡོ་རྗེའི་ཕྱག་རྒྱ་བཅིང་། ཧོཿ བསྐལ་པ་སྔོན་ནས་བསྙེན་ཅིང་འབྲེལ་པ་ཡི། །བླ་མ་དཔལ་ཆེན་པདྨ་ཧེ་རུ་ཀའི། །གསང་གསུམ་སྒྱུ་འཕྲུལ་ཕྱག་རྒྱའི་རོལ་གར་ལས། །ནམ་ཡང་མི་འདའ་རྡོ་རྗེའི་དམ་བཅའ་བཟུང་། །ཨོཾ་བྷོ་དྷི་ཙིཏྟ་ཀཱ་ཡ་ཝཱཀྐ་ཙིཏྟ་ས་མ་ཡ་སྟྭྃ། བྱིན་འབེབས་མཆོད་བརླབ་བྱ་བ་ནི། ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་དབུས་མཐའ་བྲལ་བ་ནས། །བླ་མ་བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་བཞེངས། །ཕྱི་ནང་གནས་ཡུལ་དཔའ་བོ་མཁའ་འགྲོ་དང་། །རྒྱུད་གསུམ་དམ་ཅན་ནོར་ལྷ་གཏེར་བདག་ཚོགས། །འདིར་གཤེགས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྣོད་བཅུད་དག་པ་རྡོ་རྗེའི་ཞིང་དུ་བསྒྱུར། །ཡེ་ཤེས་ཆེན་པོའི་བྱིན་འབེབས་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝཱ་ཌཱ་ཀི་ནི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཕེཾ་ཕེཾ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་རྡོ་རྗེའི་བྱིན་དབབ་སྟེ། ཨོཾ་ཨཱཿཧཱུྃ། ཕྱི་ནང་གསང་བའི་མཆོད་གཏོར་དམ་རྫས་རྣམས། །ཟག་པ་མེད་པ་ཀུན་བཟང་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་རོལ་ལས་བྱུང་བ། །བདེ་སྟོང་མཆོད་པའི་སྤྲིན་ཕུང་ཆེན་པོར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང་། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་གྷ་ཎ་གུ་ཧྱ་པུ་ཙ་ཨ་ཧཱུྃ། །ཞེས་པས་བྱིན་བརླབ་རྒྱས་པར་སྤེལ། སྔོན་འགྲོའི་ལས་ཀྱི་རིམ་པའོ། །དངོས་གཞི་བསྙེན་པའི་རྣལ་འབྱོར་ནི། ཨཿ རང་རིག་དཔལ་ལྡན་རྡོ་རྗེ་སེམས། །ཞི་འཛུམ་ཁྲོ་ཆགས་ཉམས་ལྡན་པ། །དཀར་གསལ་རིན་ཆེན་རུས་པས་བརྒྱན། །རྡོར་དྲིལ་འཛིན་ཅིང་སྙེམས་མ་ནི། །གྲི་ཐོད་འཛིན་དང་མཉམ་པར་སྦྱོར། །པདྨ་ཟླ་བའི་སྟེང་ན་བཞུགས། །དེ་ལྟར་གསལ་བའི་མདུན་མཁའ་རུ། །སེང་ཁྲི་པདྨ་ཟླ་ཉི་དང་། །བདུད་བཞི་བསྣོལ་བའི་གདན་གྱི་སྟེང་། །ངོ་བོ་བླ་མ་ཚར་པ་རྗེ། །རྣམ་པ་ཧེ་རུ་ཀ་དཔལ་ནི། །དམར་སྨུག་རྣལ་འབྱོར་སྤྱོད་པའི་ཚུལ། །རུས་རྒྱན་སྟག་ཤམ་དྲིལ་གཡེར་དང་། །ཐོད་སྐམ་དབུ་རྒྱན་རལ་པའི་ཏོག །རྡོ་རྗེ་སྔོན་པོ་ཕྱེད་པས་བརྒྱན། །ཕྱག་གཡས་རྡོ་རྗེ་དཔུང་གཡས་འཕྱར། །རྩེ་ལས་ཁྲོ་ཆུང་དཔག་མེད་འཕྲོ། །གཡོན་པས་མཉམ་བཞག་ཐོད་བུམ་བསྣམས། །མཆན་གཡོན་རྡོ་རྗེའི་ཁ་ཊཱྃ་བརྟེན། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས། །ཞི་མ་ཁྲོ་ཆགས་ཉམས་ལྡན་པའི། །སྤྱི་བོར་ཨོ་རྒྱན་རྡོ་རྗེ་འཆང་། །གསང་འདུས་མཚོ་རྒྱལ་དཀར་མོར་འཁྲིལ། །དེ་ཡི་སྤྱི་བོར་ཚེ་དཔག་མེད། །དམར་པོ་མཉམ་བཞག་ཚེ་བུམ་འཛིན། །མགྲིན་པར་པདྨ་གར་གྱི་དབང་། །དམར་གསལ་པད་ཕྲེང་ཚེ་བུམ་འཛིན། །གོས་དཀར་མོ་དང་མཉམ་པར་སྦྱོར། །ཐུགས་ཀར་དགྱེས་མཛད་ཧེ་རུ་ཀ །རྡོ་རྗེ་ཐོད་འཛིན་བདག་མེད་སྦྱོར། །དེ་ཡི་ཐུགས་ཀར་བིཪྺ་པ། །དམར་སྨུག་བསྡིག་མཛུབ་མཁའ་ལ་གཏད། །ཐོད་པ་བསྣམས་ཤིང་སེམས་སྐྱིལ་བཞུགས། །ལྟེ་བར་པད་ཉི་འཇིགས་དུས་སྟེང་། །རྣལ་འབྱོར་མ་དཔལ་གྲི་ཐོད་འཛིན། །གསང་བ་ཆོས་འབྱུང་གྲུ་གསུམ་སྟེང་། །དཔལ་ལྡན་མགོན་པོ་ལྕམ་དྲལ་དང་། ཞིང་སྐྱོང་བྲམ་ཟེའི་གཟུགས་ཅན་གསལ། །སྐུ་ཡི་བ་སྤུའི་བུ་ག་རྣམས། །བླ་མ་ཡི་དམ་མཁའ་འགྲོ་རྣམས། །ཏིལ་གོང་ཁ་ཕྱེས་ལྟ་བུར་གསལ། །ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ། །དེ་ལས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་དབྱེར་མེད་ཐིམ་པར་གྱུར། །ཡན་ལག་བདུན་པ་རྒྱས་པའམ། །བསྡུ་ན་ཚིག་འདིས་གསལ་བཏབ་སྟེ། དཀྱིལ་འཁོར་མངའ་བདག་དཔལ་ལྡན་བླ་མ་ལ། །ལུས་འདི་ཞིང་རྡུལ་མཉམ་པར་སྤྲུལ་ཕྱག་འཚལ། །དངོས་འབྱོར་ཡིད་ལས་བྱུང་བའི་མཆོད་པའི་སྤྲིན། །དཔག་མེད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འབུལ། །ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཟག་བཅས་ཟག་མེད་བདག་གཞན་དགེ་བའི་ཚོགས། །བསགས་པར་ཕྲག་དོག་མེད་པར་རྗེས་ཡི་རང་། །ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བ་སྲས་བཅས་ལ། །ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་བར་བསྐུལ། །མྱ་ངན་འདའ་བར་བཞེད་པ་རྣམས་ལ་ནི། །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས། །དུས་གསུམ་བསགས་པའི་དགེ་བ་ཅི་མཆིས་པ། །འགྲོ་རྣམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་དམ་པ་ཐོབ་པར་ཤོག །ཚོགས་བསགས་ཀུན་གྱི་སྙིང་པོ་ནི། །ཕྱི་ནང་གསང་བའི་མཎྜལ་ཕུལ། །ཟབ་ལམ་སྙིང་པོ་མོས་གདུང་གིས། །གསོལ་བ་དྲག་པོ་སྙིང་ནས་འདེབས། ཨེ་མ་ཧོ། ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །ལུང་རྟོགས་དམ་ཆོས་མ་ལུས་འབྱུང་བའི་གནས། །འཕགས་ཚོགས་དགེ་འདུན་ཀུན་གྱི་བདག་ཉིད་ཆེ། །དཀོན་མཆོག་གསུམ་དངོས་བླ་མ་མཆོག་ལ་འདུད། །ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་སྟེ། །ཁྱོད་ནི་མཁའ་འགྲོ་ཁྱོད་ནི་ཆོས་སྐྱོང་དང་། །རྩ་གསུམ་རབ་འབྱམས་སྤྲོ་དང་བསྡུ་བའི་བདག །ཁྱབ་བདག་བླ་མ་མཆོག་ལ་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་ཀུན་གྱི་བདག་ཉིད་ཆེ། །དངོས་གྲུབ་རྒྱ་མཚོའི་འབྱུང་གཏེར་བླ་མ་རྗེ། །སྲིད་ཞིའི་འཇིགས་འཕྲོག་ཧེ་རུ་ཀ་དཔལ་ལ། །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རློབས། །རྟག་ཏུ་བདག་ལ་ཐུགས་རྗེས་དགོངས་པ་དང་། །ལས་ཅན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར༴ །ངེས་འབྱུང་བྱང་སེམས་སྐྱེ་བར༴ །ཚོགས་གཉིས་མྱུར་དུ་རྫོགས་པར༴ །བསྐྱེད་རྫོགས་ལམ་ལ་བརྩོན་པར༴ །ཉམས་རྟོགས་ཡོན་ཏན་འཆར་བར༴ །གཟུངས་སྤྲིན་ཏིང་འཛིན་སྐྱེ་བར༴ །ས་བཅུ་ལམ་ལྔ་བགྲོད་པར༴ །འགྲོ་དོན་དཔག་མེད་འབྱུང་བར༴ །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཐུགས་དམ་རྒྱུད་བསྐུལ་བཟླས་པ་ནི། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཤྲཱི་པདྨ་ཧེ་རུ་ཀ་དྷེ་ཝཱ་དྷཱ་ཀི་ནི་དྷརྨཱ་པཱ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ། ཞེས་བཟླ་ཐུགས་དམ་གནད་ནས་བསྐུལ། །དབང་བླང་དངོས་གྲུབ་ཞུ་བ་ནི། རྩ་བརྒྱུད་བླ་མ་ཀུན་འདུས། །ཡི་དམ་རྒྱ་མཚོའི་མངའ་བདག །མཁའ་འགྲོ་ཡོངས་ཀྱི་མིང་པོ། །བླ་མ་ཧེ་རུ་ཀ་དཔལ། །ཁྱེད་ལ་གསོལ་བ་འདེབས་ན། །ད་ལྟ་ཉིད་དུ་བྱིན་རློབས། །རྡོ་རྗེའི་དབང་བསྐུར་སྩོལ་ཅིག །བླ་མའི་གནས་གསུམ་འབྲུ་གསུམ་འོད་ཟེར་འབར། །དཀར་དམར་མཐིང་གསུམ་བདུད་རྩིའི་ཆུ་རྒྱུན་བྱུང་། །རིམ་དང་ཅིག་ཆར་ཞུགས་ཤིང་ཐིམ་པ་ཡིས། །སྒྲིབ་དག་དབང་དང་དངོས་གྲུབ་ཐོབ་པར་གྱུར། །བླ་མ་འོད་ཞུ་རང་ལ་ཐིམ་པ་དང་། །རང་གི་སྒོ་གསུམ་བླ་མའི་ངོ་བོར་ཤར། །བློ་འདས་བརྗོད་བྲལ་གཉུག་མའི་རང་ཞལ་བསྐྱངས། །ཡེངས་མེད་འཛིན་བྲལ་སྒོམ་མེད་ངང་དུ་བཞག །དེ་ནི་བསྙེན་པའི་རིམ་པའོ། །ཉེར་སྒྲུབ་ཕྱག་རྒྱའི་རྣལ་འབྱོར་ནི། ཨཿ དེ་བཞིན་ཉིད་དབྱིངས་སྟོང་པ་ཆེན་པོ་ལས། །སྙིང་རྗེ་སྒྱུ་མ་ཀུན་སྣང་རིག་པའི་གདངས། །རྒྱུ་ཡི་ཏིང་འཛིན་ཧྲཱིཿདམར་ཏལ་གྱིས་ཤར། །དེ་ལས་ཨེ་ཡཾ་བཾ་ལཾ་སུཾ་རྣམས་ཆད། །འབྱུང་བ་རིམ་བརྩེགས་སྲུང་འཁོར་གཞལ་ཡས་ཁང་། །མཚན་ཉིད་ཡོངས་སུ་རྫོགས་པའི་ནང་ཁོངས་སུ། །རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང་། །བདུད་བཞི་བྱི་ཆིངས་བསྣོལ་བའི་གདན་གྱི་སྟེང་། །དབྱངས་དང་གསལ་བྱེད་ཡོངས་གྱུར་ཉི་ཟླ་དང་། །ནམ་མཁར་གནས་པའི་ཧྲཱིཿཡིག་ཞུགས་པ་དང་། །སྤྲོ་བསྡུས་རྡོ་རྗེ་ཐོད་པར་གྱུར་པ་རྣམས། །གཅིག་འདུས་འོད་ཀྱི་གོང་བུར་གྱུར་པ་ལས། །འབར་བ་ཆེན་པོའི་ཆོ་འཕྲུལ་སྣ་ཚོགས་ཀྱིས། །ཡོངས་གྱུར་དཔལ་ཆེན་པདྨ་ཧེ་རུ་ཀ། འཁོར་འདས་ཟིལ་གནོན་སྨུག་ནག་གར་དགུའི་བརྗིད། །ཞལ་གདངས་མཆེ་གཙིག་སྤྱན་གསུམ་སྡང་མིག་བསྒྲད། །སྨར་སྨིན་རབ་འབར་དབུ་སྐྲ་གྱེན་དུ་འཁྱིལ། །རུས་པའི་རྒྱན་དྲུག་མི་མགོ་སྐམ་རློན་ཕྲེང་། །སྟག་ཤམ་གླང་ཀོས་སྟོད་གཡོགས་ཞབས་དོར་སྟབས། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་འཕྱར་བ་ལས། །སྤྲུལ་པའི་ཁྲོ་ཚོགས་ཕྱག་མཚན་སྐར་ལྟར་འཁྲུགས། །གཡོན་པས་དུང་ཆེན་ཁྲག་གིས་བཀང་བ་བསྣམས། །སྤྱི་བོར་ཆོས་སྐུ་ཚེ་དཔག་མེད་དམར་པོ། །སྤྲུལ་སྐུའི་ཆ་བྱད་མཉམ་བཞག་ཚེ་བུམ་འཛིན། །དུང་ཁང་ནང་དུ་ཨོ་རྒྱན་རྡོ་རྗེ་འཆང་། །གསང་འདུས་མཐིང་ནག་རྡོར་དྲིལ་མཚོ་རྒྱལ་འཁྲིལ། །པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མགྲིན་པར་ཐུགས་ཆེན་པདྨ་གར་གྱི་དབང་། །དམར་པོ་རུས་པ་རིན་ཆེན་པད་ཕྲེང་རྒྱན། །ཕྱག་གཡས་པདྨ་དམར་པོའི་ཕྲེང་བ་འཛིན། །གཡོན་པས་མཉམ་བཞག་ཚེ་ཡི་བུམ་པ་བསྣམས། །རང་འོད་གོས་དཀར་དམར་མོ་པདྨ་དང་། །ཚེ་བུམ་འཛིན་དང་མཉམ་སྦྱོར་སྐུ་རུ་གསལ། །ཐུགས་ཀར་དགྱེས་པ་རྡོ་རྗེ་ཞལ་བརྒྱད་པ། །ཕྱག་ནི་བཅུ་དྲུག་ཞབས་བཞི་བརྐྱང་བསྐུམ་གྱིས། །བདུད་བཞིའི་སྟེང་དུ་གར་དགུའི་རོལ་པས་འགྱིང་། །ཕྱག་མཚན་སྲོག་ཆགས་བརྒྱད་དང་ལྷ་བརྒྱད་རྣམས། །ཐོད་པའི་ནང་དུ་ཕྱིར་བལྟ་ནང་བསྟན་བསྣམས། །རུས་པའི་རྒྱན་དང་མི་མགོའི་དོ་ཤལ་དང་། །གླང་ལྤགས་སྟོད་གཡོགས་སྟག་གི་ཤམ་ཐབས་གསོལ། །བདག་མེད་ནག་མོ་གྲི་ཐོད་འཛིན་དང་འཁྲིལ། །ལྟེ་བར་པད་ཉི་འཇིགས་བྱེད་དུས་མཚན་སྟེང་། །མཁའ་སྤྱོད་མ་དཔལ་དམར་མོ་གྲི་ཐོད་དང་། །ཕྲག་གཡོན་རྡོ་རྗེའི་ཁ་ཊྭཱྃ་ཀ་འགེལ་ཞིང་། །སྟེང་ཕྱོགས་ཞལ་གཟིགས་བཅུ་དྲུག་བདེ་བའི་གར། །གསང་བར་གྲུ་གསུམ་མཐིང་ནག་ཁྲག་མཚོའི་ཀློང་། །གུར་གྱི་མགོན་པོ་ཕོ་ཉ་ལྔ་ཡིས་བསྐོར། །ཨེ་ཀ་ཛ་ཊི་ལྷ་མོ་འདོད་ཁམས་མ། །ལས་མགོན་ཕོ་མོ་པུ་ཏྲ་མིང་སྲིང་གསུམ། །ཞིང་སྐྱོང་གདོང་བཞི་དྲེགས་པ་ལྕམ་སྲིང་གསལ། །གཙོ་བོ་ཡབ་ཡུམ་རྗེས་ཆགས་སྔགས་ཀྱི་སྒྲས། །བསྐུལ་བས་བདེ་གཤེགས་སྤྱན་དྲངས་སྐུ་ལ་ཞུགས། །འོད་ཞུ་བྱང་སེམས་གོང་བུ་བཅུ་གཉིས་གྱུར། །མཁའ་ནས་ཕྱིར་སྤྲོས་ཕྱོགས་མཚམས་བརྒྱད་དང་ནི། །སྒོ་བཞིར་སྤྲོས་པ་ཡོངས་སུ་གྱུར་པ་ལས། །ཤར་དུ་པདྨ་ཉི་ཟླའི་གདན་གྱི་སྟེང་། །གསང་འདུས་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན། །རྡོ་རྗེ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར། །ལྷོ་རུ་བཅོམ་ལྡན་གཤིན་རྗེ་གཤེད་དམར་པོ། །པད་ཉི་མ་ཧེའི་གདན་སྟེང་སྐུ་མདོག་དམར། །ཐོད་དབྱུག་ཐོད་ཁྲག་ཁྲོ་བོའི་ཆས་དང་ལྡན། །ནུབ་ཏུ་རྟ་མགྲིན་དམར་པོ་པདྨ་དང་། །ཐོད་ཁྲག་འཛིན་ཅིང་པད་ཉི་ཀླུ་སྟེང་བཞུགས། །བྱང་དུ་ཕུར་པ་ལྗང་ནག་ཕུར་པ་འདྲིལ། །འཁོར་ལོ་རྒྱས་འདེབས་མ་དང་མཉམ་པར་སྦྱོར། །པད་ཉི་དབང་ཕྱུག་ཕོ་མོའི་སྟེང་ན་འགྱིང་། །ཤར་ལྷོར་མི་གཡོ་དཀར་པོ་རལ་གྲི་འཛིན། །ལྷོ་སྒོར་འོད་ཟེར་ཅན་མ་ཕག་ལ་ཞོན། །ནུབ་སྒོར་རིགས་བྱེད་ལྕགས་ཀྱུ་ཞགས་པ་གདེང་། །བྱང་སྒོར་བདུད་རྩི་འཁྱིལ་ལྗང་རྒྱ་གྲམ་འཛིན། །གཞན་ཡང་ཕྱི་ནང་བར་ཁྱམས་ཐམས་ཅད་དུ། །བདག་སྐྱོབ་ལྷ་དང་རིག་འཛིན་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །ནོར་ལྷ་གཏེར་བདག་སྤྲིན་བཞིན་གཏིབས། །ཀུན་ཀྱང་གཙོ་མཆོག་བླ་མ་རྗེའི། །ཡེ་ཤེས་ཆེན་པོའི་རྣམ་རོལ་དུ། །ལྷུན་གྲུབ་ཕྱག་རྒྱའི་དཀྱིལ་འཁོར་གསལ། །སྒྲུབ་པ་རྒྱས་གདབ་དབང་བསྐུར་ནི། གནས་གསུམ་ཨོཾ་དཀར་ཨཱཿདམར་པོ། །ཧཱུྃ་ཡིག་སྔོན་པོས་མཚན་པར་གསལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཝཱཀ་ཨ་བྷི་ཥིཉྩ་ཨཱཿཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དབང་ལྷ་སྤྱན་དྲངས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་ཆུ་ལྷག་ནི། །གྱེན་དུ་འཁྱིལ་བས་པདྨའི་རིགས། །གཙོ་གྱུར་རིགས་ལྔས་དབུ་བརྒྱན་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲི་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་བཛྲ་བྷཱ་ཝ་ཧྲཱི་ཧཱུྃ་ཏྲཱྃ་ཨོཾ་ཨ། ཨ་བྷི་ཥིཉྩ་ཧཱུྃ། སྒྲུབ་པ་ཆེན་པོའི་ལས་ཀྱི་རིམ། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་བྱ། རང་གི་ཐུགས་ནས་འོད་འཕྲོས་པས། །རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན། །མཁའ་ལ་སྤྲིན་བཞིན་གཏིབས་ནས་ཀྱང་། །ཡེ་ཤེས་ཆེན་པོའི་བྱིན་རླབས་སྩོལ། །ཧཱུྃ་ཧྲཱིཿབཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དམ་ཅན་ཆོས་སྐྱོང་ནོར་ལྷའི་ཚོགས། །འདིར་གཤེགས་དབང་བསྐུར་བྱིན་ཆེན་ཕོབས། །རྟགས་དང་མཚན་མ་སྟོན་པ་དང་། །སྒྲུབ་པའི་འབྲས་བུ་མཆིས་པར་མཛོད། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝཱ་དྷ་ཀི་བཛྲ་ས་མཱ་ཛཿཨེ་ཨ་རཱ་ལི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ། ཧོ། གདོད་ནས་དག་པའི་དཀྱིལ་འཁོར་འདིར། །དམ་ཚིག་ཡེ་ཤེས་དབྱེར་མེད་པ། །མི་འབྲལ་དམ་ཚིག་ཕྱག་རྒྱས་བཅིངས། །དགྱེས་མཉམ་ཆེན་པོར་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛ་ལྷན། ཕྱག་མཆོད་བསྟོད་པ་བྱ་བ་ནི། ཨེ་མ་ཧོཿསངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དཀྱིལ་འཁོར་རྒྱ་མཚོའི་བདག་པོ་མཆོག །བྱིན་རླབས་དངོས་གྲུབ་འབྱུང་བའི་གནས། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞི་དང་ཁྲོ་བོའི་གར་བསྒྱུར་ཞིང་། །བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཆེ། །ཁ་སྦྱོར་བདུན་ལྡན་དཔལ་འབར་བ། །ཡི་དམ་ལྷ་ལ་ཕྱག༴ །གནས་གསུམ་ཞིང་ན་བཞུགས་པ་ཡི། །བདེ་མཆོག་སྒྱུ་མའི་གར་གྱིས་རོལ། །རྗེས་ཆགས་བདེ་བའི་ཉམས་བརྒྱས་སྒེག །མཁའ་འགྲོ་རབ་འབྱམས༴ །དམ་ཚིག་ཅན་རྣམས་སྲུང་མཛད་ཅིང་། །དམ་ཉམས་སྒྲོལ་བའི་ལས་མཛད་པ། །ཕྲིན་ལས་རྣོ་མྱུར་ཐོགས་པ་མེད། །ཆོས་སྐྱོངས་སྲུང་མར༴ །འདོད་རྒུའི་ནོར་བུའི་སྤྲིན་ཆེན་ལས། །ཅི་འདོད་དངོས་གྲུབ་ཆར་བཞིན་འབེབས། །འགྲོ་བའི་དབུལ་བ་སེལ་མཛད་པ། །ནོར་ལྷའི་ཚོགས་ལ༴ །གཞན་ཡང་ཞིང་རྡུལ་གྲངས་སྙེད་ཀྱི། །སྐྱབས་གནས་རྒྱ་མཚོ་ཐམས་ཅད་ལ། །གུས་པས་རྟག་ཏུ་ཕྱག་འཚལ་ལོ། །སྒྲིབ་དག་ཚོགས་གཉིས་རྫོགས་པར་ཤོག །ན་མོ་པཱུ་རུ་ཤ་ཡ་ཧོ། ཨ་ཏི་པཱུ་ཧོཿཔྲ་ཏཱིཙྪ་ཧོཿཕྱི་ནང་གསང་བའི་མཆོད་པས་སྟོབ། རྒྱས་པར་སྤྲོ་ན། སྔ་འགྱུར་བཀའ་མའི་མཆོད་ཕྲེང་ཞི་ཁྲོའི་བསྟོད་པ་བཅས་བྱ་བའམ། བསྡུ་ན། ཨོཾ། ཀུན་བཟང་རྣམ་རོལ་ལས་བྱུང་བའི། སོགས་ཞེས་པས་མཆོད། བསྟོད་པའི་གླུ་དབྱངས་སྒྲོགས། ཧྲཱིཿམ་བཅོས་སྤྲོས་བྲལ༴ །བདག་མེད་ཕྱོགས་བྲལ༴ །བྱམས་དང་༴ །གདུག་པ༴ །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །རྗེས་ཆགས་བདེ་ཆེན་ཡེ་ཤེས་སྒྱུ་མའི་གར། །པདྨ་རཱ་གའི་མདངས་ལྡན་གཟི་འོད་འབར། །མཁའ་སྤྱོད་ཌཱ་ཀི་ཡོངས་ཀྱི་གཙོ་མོ་རྗེ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་། །དྲག་རྩལ་རྣོ་མྱུར་བསྐལ་མེ་བཞིན་དུ་འབར། །སྒྲུབ་ལ་ཅི་འདོད་ཐོགས་མེད་སྟེར་མཛད་པ། །ཆོས་སྐྱོང་ལྕམ་དྲལ་འཁོར་དང་བཅས་ལ་བསྟོད། །དཀྱིལ་འཁོར་ཆེན་པོའི་སྒོ་བཞི་སྐྱོང་བ་ཡི། །ཞི་རྒྱས་དབང་དང་དྲག་པོའི་ལས་མཛད་པས། །ཕྲིན་ལས་ཀུན་སྒྲུབ་འདོད་དོན་སྩོལ་བའི་ལྷ། །ཞི་ཆགས་གཏུམ་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ཕྱི་ནང་གདན་གསུམ་ཚང་བའི་སྐུ། །རྩ་གསུམ་རབ་འབྱམས་སྤྲིན་ལྟར་གཏིབས་པ་ལ། །རྡོ་རྗེའི་གླུ་ཡིས་བསྟོད་པའི་རོལ་མོ་འཁྲོལ། །གསང་བ་གསུམ་དང་དབྱེར་མེད་འགྲུབ་པར་ཤོག །ཛ྄བ་ཀྱིས་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧྲཱི༔ པདྨ་དབང་གི་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཛ྄བ་ཀྱི་ཐུགས་དམ་ཉེ་བར་བསྐུལ་ལགས་ན། །ཡེ་ཤེས་ཆེན་པོས་རྗེས་སུ་དགོངས་མཛོད་ལ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས། །དགྱེས་མཛད་ཧེ་རུ་ཀ་དཔལ་གྱི། །ཐུགས་ཀར་ཉི་ཟླའི་གའུའི་དབུས། །ཧཱུྃ་ཡིག་མཐིང་སྔོན་གསལ་ལ་འཚེར། །སྲ་ཞིང་བརྟག་པར་དཀའ་བ་ལས། །རྡོ་རྗེའི་སྔགས་ཀྱི་ཕྲེང་བ་འཕྲོས། །འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །སྣོད་བཅུད་དཀྱིལ་འཁོར་ཆེན་པོར་རྫོགས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨ་མི་ཏ་བྷ་མ་ཧཱ་ཀཱ་རུ་ཎི་ཀ་ཤྲཱི་པདྨ་ཧེ་རུ་ཀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་དྷརྨ་པཱ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་སྤྱི་དྲིལ་དང་། སྒོས་སྔགས་བཟླ་བར་སྤྲོ་ན། ཨོཾ་མ་ཧཱ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཨ་མཱ་ར་ཎི་དང་། སིདྡྷི། མ་ཎི། དེ་བ་པི་ཙུ། ཨོཾ་གསུམ་མ། མགོན་པོའི་ཡིག་བདུན། ཤཱ་ས་ན་རྣམས་ཅི་ནུས་བཟླ། ཐུན་མཚམས་སྟོང་ཚིག་མཆོད་བསྟོད་འབུལ། །དེ་རྣམས་དངོས་གཞིའི་ལས་རིམ་མོ། །རྗེས་ལ་ཚོགས་མཆོད་ལས་རིམ་སོགས། །རྩ་གསུམ་སྤྱི་ཡི་གཞུང་བཞིན་དང་། །གཏོར་སྐྱོངས་བརྟན་མ་མཆོད་པའང་། །གཞན་ནས་འབྱུང་བ་ལྟར་བྱའོ། །དངོས་གྲུབ་བླངས་པ་ནི། མཆོད་བསྟོད་བྱས་ལ། ཧོཿརྩ་གསུམ་ལྷ་ཚོགས༴ ནོངས་བཤགས་ནི། མ་རྙེད་ཡོངས་སུ༴ བསྡུ་ལྡང་སྨོན་ལམ་ཤིས་པ་བརྗོད། ཧཱུྃ་ཧཱུྃ་ཧཱུྃ། རྟེན་དང་བརྟེན་པའི་སྣང་ཆ་ཀུན། །རིམ་ཡལ་གདོད་མའི་དབྱིངས་སུ་ཐིམ། །གཤིས་ལུགས་སྐྱེ་མེད་ཆོས་སྐུའི་ངང་། །དུས་གསུམ་དུས་མེད་རྟག་ཏུ་བལྟ། ཨ་ཨ་ཨ། ཕཊ་ཕཊ་ཕཊ། སླར་ཡང་སྣང་གྲགས་དྲན་རྟོག་ཀུན། །བླ་མ་པདྨ་ཧེ་རུ་ཀའི། །གསང་བ་གསུམ་གྱི་རོལ་པར་ཤར། །ཅིར་སྣང་ཅི་སྤྱོད་ལྷ་སྔགས་དང་། །ཡེ་ཤེས་སྒྱུ་མའི་རོལ་པས་སྤྱོད། །ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཧོ། དགེ་བ་འདིས་མཚོན༴ །བྱིན་རླབས་ཆར་འབེབས༴ །ཅེས་སོགས་བཀྲ་ཤིས་རྒྱས་པར་བརྗོད། །འདི་ནི་བཀའ་གཏེར་གང་ཡང་མིན། །དྲན་ཆོག་ཚར་པ་ཆོས་རྗེ་ལ། །ལྷན་སྐྱེས་དད་མོས་བརྟན་པ་ལས། །ཉམས་ལ་ཤུགས་འབྱུང་གང་ཐོན་པ། །ཆལ་ཆོལ་བྲིས་པའི་དགེ་བ་ཡིས། །འགྲོ་རྣམས་སྐུ་བཞིར་འགོད་པར་ཤོག །ཅེས་པའང་མེ་སྤྲེལ་དབྱུག་ཟླའི་ཚེས་ལ་མང་མཁར་ཐུབ་བསྟན་དགེ་འཕེལ་གྱི་རྗེ་ཚར་པའི་འདྲ་ཞལ་རིན་པོ་ཆེ་མཇལ་བ་ན་མོས་གུས་རྐྱེན་གྱིས་བྱིན་བརླབ་ཀྱི་ཟིལ་ཅུང་ཟད་ཐོབ་པས་རྐྱེན་བྱས་སྦས་ཡུལ་འབྲས་མོ་གཤོངས་ཀྱི་ས་སྣེར་ཟིན་པ་ན་ཤེས་ཉམས་ར་རིས་ཀྱི་སྣང་བར་བདེན་པར་བཟུང་སྟེ། ཀུན་དགའ་ཕྲིན་ལས་རྒྱ་མཚོ་འཇིགས་མེད་དབང་གི་རྒྱལ་པོས་བརྫུན་བྲིས་སུ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །།མངྒ་ལཾ།། །།
[edit]

@#/__/tshar chen rdo rje 'chang gi bla sgrub he ru ka'i dgongs rgyan ces bya ba bzhugs so/__/ na mo gu ra we/__gang zhig dad pas bsnyen pa la/__/byin brlabs dngos grub char du bsnyil/__/de phyir thar 'dod skyes bu rnams/__/zab mo'i lam 'dir 'jug par bya/__/dben pa'i gnas su rten bkram ste/__/phyi nang mchod gtor tshogs byas te/__/bde ba'i stan la lus gnad bca'/__/nges 'byung byang chub sems ldan pas/__/dang po skyabs su 'gro ba ni/__/mdun mkhar skyabs yul gsal btab la/__aH_stong chen gting gsal chos kyi sku/__/lnga ldan lhun grub longs spyod rdzogs/__/thugs rje rol rtsal sprul skur shar/__/sku gsum bla mar skyabs su mchi/__/gnyis pa byang chub mchog sems bskyed/__aH_khams gsum sems can thams cad kyang /__/ye sangs rgyas pa'i rang bzhin la/__/de ltar ma rtogs sems can la/__/snying rje chen pos sems bskyed do/__/gsum pa bka' sgo mtshams bcod ni/__hU~M hU~M hU~M/__bgegs zhes bya ba rnam rtog gi/__bdag tu 'dzin pa 'byung po rnams/__/dpal chen phyag rgya'i bka' byung bas/__/rdul du brlag par gdon mi za/__/de bas rgya mtsho'i pha mthar dengs/__/oM sum+b+ha ni sogs hU~M bzhis bskrad/__hU~M/__bdag gi thugs nas 'bar ba'i hU~M/__/bcu 'phros srung ba'i 'khor lo'i nang /__/dpal chen khro rgyal bcu ru gyur/__/khro tshogs phyag mtshan me dpung 'bar/__/stong nyid rdo rjes mtshams bcad do/__/badz+ra rak+Sha rak+Sha hU~M b+h+rU~M/__zhes pas mtshams bcad brda sgo dbye/__hU~M/__bdag lus gdan gsum tshang ba'i grong /__/dpal chen dkyil 'khor lhun gyis grub/__/rang gsal brda yi sgo dbye zhing /__/rang ngo shes pas brda phyag 'tshal/__/b+h+rU~M pra we sha ya phaT:___a ti pU hoH_pra tIts+tsha hoH_brjod med don gyi bshags pa dang /__rang rig yongs grub dag pa chen po la/__/gnyis 'dzin 'khrul pa'i gzhan dbang du gyur pas/__/kun brtags glo bur 'khrul pa'i dbang gyur pas/__/bcas dang rang bzhin nyes pa'i tshogs rnams bshags/__/dag cing tshangs pa mchog gi dngos grub stsol/__/yi ge brgya pa mang du brjod/__/dam bca' rdo rje'i phyag rgya bcing /__hoH_bskal pa sngon nas bsnyen cing 'brel pa yi/__/bla ma dpal chen pad+ma he ru ka'i/__/gsang gsum sgyu 'phrul phyag rgya'i rol gar las/__/nam yang mi 'da' rdo rje'i dam bca' bzung /__/oM b+ho d+hi tsit+ta kA ya wAk+ka tsit+ta sa ma ya s+t+wa~M/__byin 'bebs mchod brlab bya ba ni/__hU~M hrI:___'og min chos dbyings dbus mtha' bral ba nas/__/bla ma bde gshegs zhi khro'i lha tshogs bzhengs/__/phyi nang gnas yul dpa' bo mkha' 'gro dang /__/rgyud gsum dam can nor lha gter bdag tshogs/__/'dir gshegs dbang bskur byin gyis brlab tu gsol/__/snod bcud dag pa rdo rje'i zhing du bsgyur/__/ye shes chen po'i byin 'bebs dngos grub stsol/__/oM AHhU~M gu ru d+he wA DA ki ni dz+nyA na A be sha ya a AH_e a ra li hriM hriM pheM pheM/__hU~M hU~M hU~M/__zhes pas rdo rje'i byin dbab ste/__oM AHhU~M/__phyi nang gsang ba'i mchod gtor dam rdzas rnams/__/zag pa med pa kun bzang mchod pa'i sprin/__/kun tu bzang po'i rnam rol las byung ba/__/bde stong mchod pa'i sprin phung chen por gyur/__nam mkha' mdzod kyi sngags rgya lan gsum dang /__oM badz+ra ar+g+haM nas/__shab+da AHhU~M/__oM sarba pany+tsa a mr-i ta rak+ta ba ling+ta g+ha Na gu h+ya pu tsa a hU~M/__/zhes pas byin brlab rgyas par spel/__sngon 'gro'i las kyi rim pa'o/__/dngos gzhi bsnyen pa'i rnal 'byor ni/__aH_rang rig dpal ldan rdo rje sems/__/zhi 'dzum khro chags nyams ldan pa/__/dkar gsal rin chen rus pas brgyan/__/rdor dril 'dzin cing snyems ma ni/__/gri thod 'dzin dang mnyam par sbyor/__/pad+ma zla ba'i steng na bzhugs/__/de ltar gsal ba'i mdun mkha' ru/__/seng khri pad+ma zla nyi dang /__/bdud bzhi bsnol ba'i gdan gyi steng /__/ngo bo bla ma tshar pa rje/__/rnam pa he ru ka dpal ni/__/dmar smug rnal 'byor spyod pa'i tshul/__/rus rgyan stag sham dril g.yer dang /__/thod skam dbu rgyan ral pa'i tog__/rdo rje sngon po phyed pas brgyan/__/phyag g.yas rdo rje dpung g.yas 'phyar/__/rtse las khro chung dpag med 'phro/__/g.yon pas mnyam bzhag thod bum bsnams/__/mchan g.yon rdo rje'i kha TA~M brten/__/zhabs gnyis rgyal po rol pa'i stabs/__/zhi ma khro chags nyams ldan pa'i/__/spyi bor o rgyan rdo rje 'chang /__/gsang 'dus mtsho rgyal dkar mor 'khril/__/de yi spyi bor tshe dpag med/__/dmar po mnyam bzhag tshe bum 'dzin/__/mgrin par pad+ma gar gyi dbang /__/dmar gsal pad phreng tshe bum 'dzin/__/gos dkar mo dang mnyam par sbyor/__/thugs kar dgyes mdzad he ru ka_/rdo rje thod 'dzin bdag med sbyor/__/de yi thugs kar biR+Wa pa/__/dmar smug bsdig mdzub mkha' la gtad/__/thod pa bsnams shing sems skyil bzhugs/__/lte bar pad nyi 'jigs dus steng /__/rnal 'byor ma dpal gri thod 'dzin/__/gsang ba chos 'byung gru gsum steng /__/dpal ldan mgon po lcam dral dang /__zhing skyong bram ze'i gzugs can gsal/__/sku yi ba spu'i bu ga rnams/__/bla ma yi dam mkha' 'gro rnams/__/til gong kha phyes lta bur gsal/__/kun gyi gnas gsum yig 'bru gsum/__/de las 'od 'phros ye shes pa/__/spyan drangs dbyer med thim par gyur/__/yan lag bdun pa rgyas pa'am/__/bsdu na tshig 'dis gsal btab ste/__dkyil 'khor mnga' bdag dpal ldan bla ma la/__/lus 'di zhing rdul mnyam par sprul phyag 'tshal/__/dngos 'byor yid las byung ba'i mchod pa'i sprin/__/dpag med kun tu bzang po'i mchod sprin 'bul/__/tshe rabs 'khor ba thog med nas bsags pa'i/__/sdig ltung dam tshig nyams pa mthol lo bshags/__/zag bcas zag med bdag gzhan dge ba'i tshogs/__/bsags par phrag dog med par rjes yi rang /__/phyogs bcu'i zhing bzhugs rgyal ba sras bcas la/__/chos kyi 'khor lo bla med bskor bar bskul/__/mya ngan 'da' bar bzhed pa rnams la ni/__/mya ngan mi 'da' rtag par bzhugs gsol 'debs/__/dus gsum bsags pa'i dge ba ci mchis pa/__/'gro rnams bla med byang chub thob phyir bsngo/__/nam mkha'i mthar thug mtha' yas sems can rnams/__/bla med byang chub dam pa thob par shog__/tshogs bsags kun gyi snying po ni/__/phyi nang gsang ba'i maN+Dal phul/__/zab lam snying po mos gdung gis/__/gsol ba drag po snying nas 'debs/__e ma ho/__phyogs dus rgyal ba kun gyi ngo bo nyid/__/lung rtogs dam chos ma lus 'byung ba'i gnas/__/'phags tshogs dge 'dun kun gyi bdag nyid che/__/dkon mchog gsum dngos bla ma mchog la 'dud/__/khyod ni bla ma khyod ni yi dam ste/__/khyod ni mkha' 'gro khyod ni chos skyong dang /__/rtsa gsum rab 'byams spro dang bsdu ba'i bdag__/khyab bdag bla ma mchog la gsol ba 'debs/__/dus gsum sangs rgyas kun gyi bdag nyid che/__/dngos grub rgya mtsho'i 'byung gter bla ma rje/__/srid zhi'i 'jigs 'phrog he ru ka dpal la/__/gsol ba snying nas 'debs so byin gyis rlobs/__/rtag tu bdag la thugs rjes dgongs pa dang /__/las can sdig sgrib dag par byin gyis rlobs/__/rkyen ngan bar chad zhi bar=__/nges 'byung byang sems skye bar=__/tshogs gnyis myur du rdzogs par=__/bskyed rdzogs lam la brtson par=__/nyams rtogs yon tan 'char bar=__/gzungs sprin ting 'dzin skye bar=__/sa bcu lam lnga bgrod par=__/'gro don dpag med 'byung bar=__/'khor ba dong nas sprugs par byin gyis rlobs/__/thugs dam rgyud bskul bzlas pa ni/__oM AHhU~M ma hA gu ru shrI pad+ma he ru ka d+he wA d+hA ki ni d+harmA pA la sarba sid+d+hi pha la hU~M swA hA/__zhes bzla thugs dam gnad nas bskul/__/dbang blang dngos grub zhu ba ni/__rtsa brgyud bla ma kun 'dus/__/yi dam rgya mtsho'i mnga' bdag__/mkha' 'gro yongs kyi ming po/__/bla ma he ru ka dpal/__/khyed la gsol ba 'debs na/__/da lta nyid du byin rlobs/__/rdo rje'i dbang bskur stsol cig__/bla ma'i gnas gsum 'bru gsum 'od zer 'bar/__/dkar dmar mthing gsum bdud rtsi'i chu rgyun byung /__/rim dang cig char zhugs shing thim pa yis/__/sgrib dag dbang dang dngos grub thob par gyur/__/bla ma 'od zhu rang la thim pa dang /__/rang gi sgo gsum bla ma'i ngo bor shar/__/blo 'das brjod bral gnyug ma'i rang zhal bskyangs/__/yengs med 'dzin bral sgom med ngang du bzhag__/de ni bsnyen pa'i rim pa'o/__/nyer sgrub phyag rgya'i rnal 'byor ni/__aH_de bzhin nyid dbyings stong pa chen po las/__/snying rje sgyu ma kun snang rig pa'i gdangs/__/rgyu yi ting 'dzin hrIHdmar tal gyis shar/__/de las e yaM baM laM suM rnams chad/__/'byung ba rim brtsegs srung 'khor gzhal yas khang /__/mtshan nyid yongs su rdzogs pa'i nang khongs su/__/rin chen zur brgyad pad+ma nyi zla'i steng /__/bdud bzhi byi chings bsnol ba'i gdan gyi steng /__/dbyangs dang gsal byed yongs gyur nyi zla dang /__/nam mkhar gnas pa'i hrIHyig zhugs pa dang /__/spro bsdus rdo rje thod par gyur pa rnams/__/gcig 'dus 'od kyi gong bur gyur pa las/__/'bar ba chen po'i cho 'phrul sna tshogs kyis/__/yongs gyur dpal chen pad+ma he ru ka/__'khor 'das zil gnon smug nag gar dgu'i brjid/__/zhal gdangs mche gtsig spyan gsum sdang mig bsgrad/__/smar smin rab 'bar dbu skra gyen du 'khyil/__/rus pa'i rgyan drug mi mgo skam rlon phreng /__/stag sham glang kos stod g.yogs zhabs dor stabs/__/phyag g.yas gnam lcags rdo rje 'phyar ba las/__/sprul pa'i khro tshogs phyag mtshan skar ltar 'khrugs/__/g.yon pas dung chen khrag gis bkang ba bsnams/__/spyi bor chos sku tshe dpag med dmar po/__/sprul sku'i cha byad mnyam bzhag tshe bum 'dzin/__/dung khang nang du o rgyan rdo rje 'chang /__/gsang 'dus mthing nag rdor dril mtsho rgyal 'khril/__/pad zla'i gdan la rdo rje'i skyil krung bzhugs/__/mgrin par thugs chen pad+ma gar gyi dbang /__/dmar po rus pa rin chen pad phreng rgyan/__/phyag g.yas pad+ma dmar po'i phreng ba 'dzin/__/g.yon pas mnyam bzhag tshe yi bum pa bsnams/__/rang 'od gos dkar dmar mo pad+ma dang /__/tshe bum 'dzin dang mnyam sbyor sku ru gsal/__/thugs kar dgyes pa rdo rje zhal brgyad pa/__/phyag ni bcu drug zhabs bzhi brkyang bskum gyis/__/bdud bzhi'i steng du gar dgu'i rol pas 'gying /__/phyag mtshan srog chags brgyad dang lha brgyad rnams/__/thod pa'i nang du phyir blta nang bstan bsnams/__/rus pa'i rgyan dang mi mgo'i do shal dang /__/glang lpags stod g.yogs stag gi sham thabs gsol/__/bdag med nag mo gri thod 'dzin dang 'khril/__/lte bar pad nyi 'jigs byed dus mtshan steng /__/mkha' spyod ma dpal dmar mo gri thod dang /__/phrag g.yon rdo rje'i kha T+wA~M ka 'gel zhing /__/steng phyogs zhal gzigs bcu drug bde ba'i gar/__/gsang bar gru gsum mthing nag khrag mtsho'i klong /__/gur gyi mgon po pho nya lnga yis bskor/__/e ka dza Ti lha mo 'dod khams ma/__/las mgon pho mo pu tra ming sring gsum/__/zhing skyong gdong bzhi dregs pa lcam sring gsal/__/gtso bo yab yum rjes chags sngags kyi sgras/__/bskul bas bde gshegs spyan drangs sku la zhugs/__/'od zhu byang sems gong bu bcu gnyis gyur/__/mkha' nas phyir spros phyogs mtshams brgyad dang ni/__/sgo bzhir spros pa yongs su gyur pa las/__/shar du pad+ma nyi zla'i gdan gyi steng /__/gsang 'dus mthing nag rdo rje dril bu 'dzin/__/rdo rje dbyings phyug ma dang mnyam par sbyor/__/lho ru bcom ldan gshin rje gshed dmar po/__/pad nyi ma he'i gdan steng sku mdog dmar/__/thod dbyug thod khrag khro bo'i chas dang ldan/__/nub tu rta mgrin dmar po pad+ma dang /__/thod khrag 'dzin cing pad nyi klu steng bzhugs/__/byang du phur pa ljang nag phur pa 'dril/__/'khor lo rgyas 'debs ma dang mnyam par sbyor/__/pad nyi dbang phyug pho mo'i steng na 'gying /__/shar lhor mi g.yo dkar po ral gri 'dzin/__/lho sgor 'od zer can ma phag la zhon/__/nub sgor rigs byed lcags kyu zhags pa gdeng /__/byang sgor bdud rtsi 'khyil ljang rgya gram 'dzin/__/gzhan yang phyi nang bar khyams thams cad du/__/bdag skyob lha dang rig 'dzin dang /__/yi dam mkha' 'gro chos skyong dang /__/nor lha gter bdag sprin bzhin gtibs/__/kun kyang gtso mchog bla ma rje'i/__/ye shes chen po'i rnam rol du/__/lhun grub phyag rgya'i dkyil 'khor gsal/__/sgrub pa rgyas gdab dbang bskur ni/__gnas gsum oM dkar AHdmar po/__/hU~M yig sngon pos mtshan par gsal/__/oM sarba ta thA ga ta kA ya a b+hi Shiny+tsa oM/__wAka a b+hi Shiny+tsa AHtsit+ta a b+hi Shiny+tsa hU~M/__dbang lha spyan drangs dbang bskur bas/__/sku gang sgrib dag chu lhag ni/__/gyen du 'khyil bas pad+ma'i rigs/__/gtso gyur rigs lngas dbu brgyan gyur/__oM sarba ta thA ga ta a nu ra ga na badz+ri swA b+hA wa At+ma ko\u0f85 haM/__oM badz+ra b+hA wa hrI hU~M trA~M oM a/__a b+hi Shiny+tsa hU~M/__sgrub pa chen po'i las kyi rim/__/ye shes spyan drangs dbyer med bya/__rang gi thugs nas 'od 'phros pas/__/rtsa gsum rgyal ba rab 'byams kun/__/mkha' la sprin bzhin gtibs nas kyang /__/ye shes chen po'i byin rlabs stsol/__/hU~M hrIHbzhengs shig stobs bcu mnga' ba'i lha/__/dam can chos skyong nor lha'i tshogs/__/'dir gshegs dbang bskur byin chen phobs/__/rtags dang mtshan ma ston pa dang /__/sgrub pa'i 'bras bu mchis par mdzod/__/oM AHhU~M gu ru d+he wA d+ha ki badz+ra sa mA dzaHe a rA li hrIM hrIM pheM pheM/__ho/__gdod nas dag pa'i dkyil 'khor 'dir/__/dam tshig ye shes dbyer med pa/__/mi 'bral dam tshig phyag rgyas bcings/__/dgyes mnyam chen por bzhugs su gsol/__/dzaHhU~M ba~M hoHsa ma ya tiSh+Tha lhan/__phyag mchod bstod pa bya ba ni/__e ma hoHsangs rgyas kun gyi ye shes sku/__/dkyil 'khor rgya mtsho'i bdag po mchog__/byin rlabs dngos grub 'byung ba'i gnas/__/bla ma rnams la phyag 'tshal lo/__/zhi dang khro bo'i gar bsgyur zhing /__/bsam yas sgyu 'phrul drwa ba che/__/kha sbyor bdun ldan dpal 'bar ba/__/yi dam lha la phyag=__/gnas gsum zhing na bzhugs pa yi/__/bde mchog sgyu ma'i gar gyis rol/__/rjes chags bde ba'i nyams brgyas sgeg__/mkha' 'gro rab 'byams=__/dam tshig can rnams srung mdzad cing /__/dam nyams sgrol ba'i las mdzad pa/__/phrin las rno myur thogs pa med/__/chos skyongs srung mar=__/'dod rgu'i nor bu'i sprin chen las/__/ci 'dod dngos grub char bzhin 'bebs/__/'gro ba'i dbul ba sel mdzad pa/__/nor lha'i tshogs la=__/gzhan yang zhing rdul grangs snyed kyi/__/skyabs gnas rgya mtsho thams cad la/__/gus pas rtag tu phyag 'tshal lo/__/sgrib dag tshogs gnyis rdzogs par shog__/na mo pU ru sha ya ho/__a ti pU hoHpra tIts+tsha hoHphyi nang gsang ba'i mchod pas stob/__rgyas par spro na/__snga 'gyur bka' ma'i mchod phreng zhi khro'i bstod pa bcas bya ba'am/__bsdu na/__oM/__kun bzang rnam rol las byung ba'i/__sogs zhes pas mchod/__bstod pa'i glu dbyangs sgrogs/__hrIHma bcos spros bral=__/bdag med phyogs bral=__/byams dang =__/gdug pa=__/pad+ma he ru ka la phyag 'tshal bstod/__/rjes chags bde chen ye shes sgyu ma'i gar/__/pad+ma rA ga'i mdangs ldan gzi 'od 'bar/__/mkha' spyod DA ki yongs kyi gtso mo rje/__/rdo rje rnal 'byor ma la phyag 'tshal bstod/__/rgyal ba'i bstan dang bstan 'dzin bu bzhin skyong /__/drag rtsal rno myur bskal me bzhin du 'bar/__/sgrub la ci 'dod thogs med ster mdzad pa/__/chos skyong lcam dral 'khor dang bcas la bstod/__/dkyil 'khor chen po'i sgo bzhi skyong ba yi/__/zhi rgyas dbang dang drag po'i las mdzad pas/__/phrin las kun sgrub 'dod don stsol ba'i lha/__/zhi chags gtum khro'i tshogs la phyag 'tshal bstod/__/dkyil 'khor phyi nang gdan gsum tshang ba'i sku/__/rtsa gsum rab 'byams sprin ltar gtibs pa la/__/rdo rje'i glu yis bstod pa'i rol mo 'khrol/__/gsang ba gsum dang dbyer med 'grub par shog__/dza?b kyis thugs dam bskul ba ni/__hU~M hrI:__pad+ma dbang gi dkyil 'khor lha tshogs rnams/__/dza?b kyi thugs dam nye bar bskul lags na/__/ye shes chen pos rjes su dgongs mdzod la/__/mchog thun dngos grub ma lus stsal du gsol/__/gtso bo'i thugs kar ye shes sems/__/dgyes mdzad he ru ka dpal gyi/__/thugs kar nyi zla'i ga'u'i dbus/__/hU~M yig mthing sngon gsal la 'tsher/__/sra zhing brtag par dka' ba las/__/rdo rje'i sngags kyi phreng ba 'phros/__/'od kyis 'phags mchod 'gro sgrib sbyangs/__/snod bcud dkyil 'khor chen por rdzogs/__/oM AHhU~M badz+ra gu ru a mi ta b+ha ma hA kA ru Ni ka shrI pad+ma he ru ka sarba bud+d+ha DA ki nI ye d+harma pA la sarba sid+d+hi pha la hU~M/__zhes spyi dril dang /__sgos sngags bzla bar spro na/__oM ma hA pad+ma shrI he ru ka hU~M phaT/__a mA ra Ni dang /__sid+d+hi/__ma Ni/__de ba pi tsu/__oM gsum ma/__mgon po'i yig bdun/__shA sa na rnams ci nus bzla/__thun mtshams stong tshig mchod bstod 'bul/__/de rnams dngos gzhi'i las rim mo/__/rjes la tshogs mchod las rim sogs/__/rtsa gsum spyi yi gzhung bzhin dang /__/gtor skyongs brtan ma mchod pa'ang /__/gzhan nas 'byung ba ltar bya'o/__/dngos grub blangs pa ni/__mchod bstod byas la/__hoHrtsa gsum lha tshogs=__nongs bshags ni/__ma rnyed yongs su=__bsdu ldang smon lam shis pa brjod/__hU~M hU~M hU~M/__rten dang brten pa'i snang cha kun/__/rim yal gdod ma'i dbyings su thim/__/gshis lugs skye med chos sku'i ngang /__/dus gsum dus med rtag tu blta/__a a a/__phaT phaT phaT/__slar yang snang grags dran rtog kun/__/bla ma pad+ma he ru ka'i/__/gsang ba gsum gyi rol par shar/__/cir snang ci spyod lha sngags dang /__/ye shes sgyu ma'i rol pas spyod/__/oM AHhU~M badz+ra kA wA tsi rak+Sha haM/__ho/__dge ba 'dis mtshon=__/byin rlabs char 'bebs=__/ces sogs bkra shis rgyas par brjod/__/'di ni bka' gter gang yang min/__/dran chog tshar pa chos rje la/__/lhan skyes dad mos brtan pa las/__/nyams la shugs 'byung gang thon pa/__/chal chol bris pa'i dge ba yis/__/'gro rnams sku bzhir 'god par shog__/ces pa'ang me sprel dbyug zla'i tshes la mang mkhar thub bstan dge 'phel gyi rje tshar pa'i 'dra zhal rin po che mjal ba na mos gus rkyen gyis byin brlab kyi zil cung zad thob pas rkyen byas sbas yul 'bras mo gshongs kyi sa sner zin pa na shes nyams ra ris kyi snang bar bden par bzung ste/__kun dga' phrin las rgya mtsho 'jigs med dbang gi rgyal pos brdzun bris su btab pa dge legs su gyur cig__//mang+ga laM//____//

Footnotes

Other Information