JKCL-KABUM-04-NGA-003

From Khyentse Lineage - A Tsadra Foundation Project

ཐུབ་དབང་རིན་པོ་ཆེར་བསྟོད་པ་ཚངས་པའི་དབྱངས་སྙན།
Wylie title thub dbang rin po cher bstod pa tshangs pa'i dbyangs snyan JKCL-KABUM-04-NGA-003.pdf
Location chos kyi blo gros bka' 'bum
Volume 4, Text 3, Pages 11-13 (Folios 1a1 to 2a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཤཱཀྱ་ཐུབ་པ་ (Śākyamuni)
Citation 'jam dbyangs mkhyen brtse chos kyi blo gros. thub dbang rin po cher bstod pa tshangs pa'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 11-13. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་ཆོས་འཁོར་གྱི་གཙུག་ཏོར་ཤྲཱི་དེ་ཝ་མཾ་དུ་སྙིང་ནས་གུས་པ་ཆེན་པོས་མངོན་པར་བསྔགས་པའི་མེ་ཏོག་ཕྲ་མོ་འདི་ཡང་དོན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་མངྒ་ལཾ།།

/ces pa'ang 'jam dbyangs blo gros rgya mtsho dpal bzang pos chos 'khor gyi gtsug tor shrI de wa maM du snying nas gus pa chen pos mngon par bsngags pa'i me tog phra mo 'di yang don dang ldan par byin gyis brlab tu gsol/__/sarba mang+ga laM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཐུབ་དབང་རིན་པོ་ཆེར་བསྟོད་པ་ཚངས་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ན་མོ་ཤཱཀྱ་མུ་ན་ཡེ། ཚངས་དང་མགྲིན་སྔོན་དབང་ཕྱུག་དང་། །བརྒྱ་བྱིན་སྲེད་མེད་བུ་ལ་སོགས། །འཇིག་རྟེན་ཀུན་གྱིས་གུས་བཏུད་པ། །ཐུབ་དབང་ཞབས་ཀྱི་པདྨོར་འདུད། །རང་དོན་ཞི་བར་གཞོལ་བ་དང་། །ཆོས་ཀུན་རྟེན་འབྲེལ་ལེགས་ཤེས་ཤིང་། །བློ་ཆེན་སློབ་པའི་ཚོགས་རྣམས་ཀྱིས། །ཁྱོད་ཞབས་རྩིབས་སྟོང་བཀྲ་བར་བཏུད། །གཟོད་ནས་དེ་བཞིན་ཉིད་གཤེགས་ལ། །ཞིང་འདིར་སྲིད་པ་ཐ་མའི་སྟོན། །དམ་པ་ཏོག་དཀར་ཞེས་བྱ་བས། །ངོ་མཚར་མཆོག་གི་མཛད་པ་ཡིས། །རྩོད་ལྡན་འགྲོ་རྣམས་འདུལ་བར་མཛད། །འཇིག་རྟེན་ཤེས་བྱའི་གནས་ཀུན་མཁྱེན། །ཟག་མེད་ཆོས་རྣམས་ཡོངས་སུ་རྫོགས། །སྒྲིབ་གཉིས་མུན་པའི་གླང་པོ་བཅོམ། །མཁྱེན་གཉིས་ཡེ་ཤེས་རྡོ་རྗེ་འབར། །མི་རིང་མངོན་པར་བྱང་ཆུབ་པས། །དེ་བཞིན་གཤེགས་དང་རོ་གཅིག་གྱུར། །སྐུ་བཞིའི་ཡོན་ཏན་བསམ་མི་ཁྱབ། །རྒྱལ་བས་ཀྱང་ནི་བརྗོད་པར་དཀའ། །ཆོས་ཀྱི་འཁོར་ལོ་ཚད་མེད་པ། །སྙིང་པོའི་ལྟེ་བ་རབ་ཟླུམ་པས། །གདུལ་བྱའི་ཉོན་མོངས་གཅོད་པ་ཡི། །འདུལ་བྱེད་ཉིད་ཀྱང་དེ་ལྟར་སྣང་། །བདུད་དང་མུ་སྟེགས་གླང་མྱོས་པ། །བྱམས་པའི་མཚོན་གྱིས་བཏུལ་ནས་སུ། །ཆོ་འཕྲུལ་ཉི་མའི་སྣང་བ་འབུམ། །འཇིག་རྟེན་གསུམ་ན་ཁྱབ་པར་བཀྱེ། །ལྷ་དང་ལྷ་མིན་ཀླུ་དབང་དང་། རིག་སྔགས་གྲུབ་པའི་ཚོགས་ལ་སོགས། །མདོར་ན་རྒྱུ་དང་མི་རྒྱུ་ཀུན། །ཁྱེད་ཀྱི་བ་སྤུ་ཕྲ་མོས་གནོན། །རྒྱལ་རྣམས་སྐུ་གསུམ་ཞིང་ཁམས་ན། །ཐུབ་ཆེན་ཡོན་ཏན་ཤོང་བར་དཀའ། །ཞིང་ཉིད་རྒྱལ་བའི་ཡོན་ཏན་དང་། །རྒྱལ་བ་ཐུབ་པའང་ཞིང་གི་གཙོ། །བདེ་གཤེགས་གྲགས་སྙན་བསམ་པས་ཀྱང་། །རྩོད་དུས་རྨུ་རྒོད་བཏུལ་བ་ལ། །ཐུགས་བསྐྱེད་པད་དཀར་ལྟར་བསྔགས་པ། །ཐུབ་མཆོག་ཁྱེད་ལས་གཞན་གྱིས་སྤང་། །སངས་རྒྱས་འབྱུང་བའི་བསྐལ་བཟང་འདིར། །རིགས་མཆོག་ཤཱཀྱའི་ཏོག་གྱུར་པ། །དོན་ཀུན་གྲུབ་པ་ཆེན་པོ་ཡི། །མཚན་ཐོས་པས་ཀྱང་བདུད་རྣམས་འཇོམས། །དེ་བཞིན་གཤེགས་དང་དེ་ཡི་སྲས། །གངྒཱའི་རྡུལ་གྱི་གྲངས་སྙེད་ཀྱིས། །ཆེད་དུ་བསྔགས་པའི་རོལ་མོ་འཁྲོལ། །ཁྱོད་ཞལ་ཡང་ཡང་བལྟ་བར་བྱེད། །ཐུབ་པ་མཆོག་གི་སྲས་ཀྱི་གཙོ། །འཇམ་དཔལ་དཔའ་བོ་ལ་སོགས་པ། །ཉི་མ་བྱེ་བའི་གཟི་འོད་ཀྱིས། །ས་གསུམ་རྨོངས་པའི་མུན་པ་སེལ། །ཀྱེ་མ་ཐུབ་པ་ཆེན་པོ་ནི། །མྱ་ངན་འདའ་བར་ཡོངས་མི་མངའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཅེས། །བདེན་གསུང་དེ་ཉིད་མངོན་སུམ་རྩེམ། །བདག་ཀྱང་དེང་ནས་བྱང་ཆུབ་བར། །རྐང་གཉིས་གཙོ་བོ་ཟླ་མེད་དང་། །མི་འབྲལ་གསུང་གི་སྣང་བ་ཡིས། །བསྟན་ལ་བྱ་བ་བྱེད་གྱུར་ཅིག །ཚུལ་ཁྲིམས་རྣམ་པར་གྲོལ་བ་དང་། །ཟག་མེད་མི་འཕྲོག་ཆོས་ཀུན་རྫོགས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ། །ཐུབ་པ་མཆོག་དང་དབྱེར་མེད་ཤོག །ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་ཆོས་འཁོར་གྱི་གཙུག་ཏོར་ཤྲཱི་དེ་ཝ་མཾ་དུ་སྙིང་ནས་གུས་པ་ཆེན་པོས་མངོན་པར་བསྔགས་པའི་མེ་ཏོག་ཕྲ་མོ་འདི་ཡང་དོན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་མངྒ་ལཾ།། །།
[edit]

thub dbang rin po cher bstod pa tshangs pa'i dbyangs snyan ces bya ba bzhugs so/__/na mo shAkya mu na ye/__tshangs dang mgrin sngon dbang phyug dang /__/brgya byin sred med bu la sogs/__/'jig rten kun gyis gus btud pa/__/thub dbang zhabs kyi pad+mor 'dud/__/rang don zhi bar gzhol ba dang /__/chos kun rten 'brel legs shes shing /__/blo chen slob pa'i tshogs rnams kyis/__/khyod zhabs rtsibs stong bkra bar btud/__/gzod nas de bzhin nyid gshegs la/__/zhing 'dir srid pa tha ma'i ston/__/dam pa tog dkar zhes bya bas/__/ngo mtshar mchog gi mdzad pa yis/__/rtsod ldan 'gro rnams 'dul bar mdzad/__/'jig rten shes bya'i gnas kun mkhyen/__/zag med chos rnams yongs su rdzogs/__/sgrib gnyis mun pa'i glang po bcom/__/mkhyen gnyis ye shes rdo rje 'bar/__/mi ring mngon par byang chub pas/__/de bzhin gshegs dang ro gcig gyur/__/sku bzhi'i yon tan bsam mi khyab/__/rgyal bas kyang ni brjod par dka'/__/chos kyi 'khor lo tshad med pa/__/snying po'i lte ba rab zlum pas/__/gdul bya'i nyon mongs gcod pa yi/__/'dul byed nyid kyang de ltar snang /__/bdud dang mu stegs glang myos pa/__/byams pa'i mtshon gyis btul nas su/__/cho 'phrul nyi ma'i snang ba 'bum/__/'jig rten gsum na khyab par bkye/__/lha dang lha min klu dbang dang /__rig sngags grub pa'i tshogs la sogs/__/mdor na rgyu dang mi rgyu kun/__/khyed kyi ba spu phra mos gnon/__/rgyal rnams sku gsum zhing khams na/__/thub chen yon tan shong bar dka'/__/zhing nyid rgyal ba'i yon tan dang /__/rgyal ba thub pa'ang zhing gi gtso/__/bde gshegs grags snyan bsam pas kyang /__/rtsod dus rmu rgod btul ba la/__/thugs bskyed pad dkar ltar bsngags pa/__/thub mchog khyed las gzhan gyis spang /__/sangs rgyas 'byung ba'i bskal bzang 'dir/__/rigs mchog shAkya'i tog gyur pa/__/don kun grub pa chen po yi/__/mtshan thos pas kyang bdud rnams 'joms/__/de bzhin gshegs dang de yi sras/__/gang+gA'i rdul gyi grangs snyed kyis/__/ched du bsngags pa'i rol mo 'khrol/__/khyod zhal yang yang blta bar byed/__/thub pa mchog gi sras kyi gtso/__/'jam dpal dpa' bo la sogs pa/__/nyi ma bye ba'i gzi 'od kyis/__/sa gsum rmongs pa'i mun pa sel/__/kye ma thub pa chen po ni/__/mya ngan 'da' bar yongs mi mnga'/__/chos kyang nub par mi 'gyur ces/__/bden gsung de nyid mngon sum rtsem/__/bdag kyang deng nas byang chub bar/__/rkang gnyis gtso bo zla med dang /__/mi 'bral gsung gi snang ba yis/__/bstan la bya ba byed gyur cig__/tshul khrims rnam par grol ba dang /__/zag med mi 'phrog chos kun rdzogs/__/don gnyis lhun grub chos kyi rgyal/__/thub pa mchog dang dbyer med shog__/ces pa'ang 'jam dbyangs blo gros rgya mtsho dpal bzang pos chos 'khor gyi gtsug tor shrI de wa maM du snying nas gus pa chen pos mngon par bsngags pa'i me tog phra mo 'di yang don dang ldan par byin gyis brlab tu gsol/__/sarba mang+ga laM//____//

Footnotes

Other Information