JKCL-KABUM-03-GA-125

From Khyentse Lineage - A Tsadra Foundation Project

‎‎

ཡོངས་ཀྱི་དགེ་པའི་བཤེས་གཉེན་ཆེན་པོ་ཁྱབ་བདག་རྡོ་རྗེ་འཛིན་རྒྱལ་འཇམ་དབྱངས་རྒྱལ་མཚན་ལ་ཞབས་བརྟན་བཀྲ་ཤིས་སྣང་བ།
Wylie title yongs kyi dge pa'i bshes gnyen chen po khyab bdag rdo rje 'dzin rgyal 'jam dbyangs rgyal mtshan la zhabs brtan bkra shis snang ba JKCL-KABUM-03-GA-125.pdf
Location chos kyi blo gros bka' 'bum
Volume 3, Text 125, Pages 449-451 (Folios 1a1 to 2a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. yongs kyi dge pa'i bshes gnyen chen po khyab bdag rdo rje 'dzin rgyal 'jam dbyangs rgyal mtshan la zhabs brtan bkra shis snang ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 449-451. Bir, H.P.: Khyentse Labrang, 2012.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་པའི་ཞབས་བརྟན་འདིའང་། རང་ཉིད་ཀྱིས་དད་མོས་དང་ཉེ་ཆར་བསླབ་ལྡན་མང་ཐོས་བློ་གསལ་བྱམས་པ་ལགས་ནས་ལྷ་རྫས་བཅས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྣྲོན་ཟླའི་ཚེས་༡༤སྔ་དྲོའི་ཆར་བྲིས་པ་འདིས་ཀྱང་རྗེ་བཙུན་བླ་མ་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

/ces pa'i zhabs brtan 'di'ang /__rang nyid kyis dad mos dang nye char bslab ldan mang thos blo gsal byams pa lags nas lha rdzas bcas gsung bskul ngor 'jam dbyangs chos kyi blo gros pas snron zla'i tshes 14snga dro'i char bris pa 'dis kyang rje btsun bla ma zhabs pad bskal brgyar brtan pa'i rgyur gyur cig__/sarba dA mang+ga laM//

[edit]
ཡོངས་ཀྱི་དགེ་པའི་བཤེས་གཉེན་ཆེན་པོ་ཁྱབ་བདག་རྡོ་རྗེ་འཛིན་རྒྱལ་འཇམ་དབྱངས་རྒྱལ་མཚན་ལ་ཞབས་བརྟན་བཀྲ་ཤིས་སྣང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། སྲས་བཅས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་པ། །མཁྱེན་རབ་ཆོས་ཀྱི་ཉིན་བྱེད་འོད་འབར་བས། །གདུལ་བྱའི་དད་གསུམ་པད་ཚལ་རྒྱས་མཛད་པ། །འདྲེན་མཆོག་ཁྱབ་བདག་བླ་མར་ཞབས་བརྟན་གསོལ། །འཇམ་དབྱངས་བླ་མ་ཀུན་དགའི་མཚན་ཅན་གྱི། །རིང་ལུགས་སྙིགས་དུས་སླར་ཡང་གསལ་བ་ལ། །མཚུངས་ཟླ་མེད་པའི་ཐུགས་བསྐྱེད་སྟོབས་འཆང་བ། །མཁས་གྲུབ་དབང་པོ་བསྐལ་བརྒྱར་འཚོ་བཞེས་གསོལ། །ཕྱིར་ལྟར་སོ་སོར་ཐར་བའི་ཁྲིམས་ལ་གནས། །ནང་དུ་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་གཏམས། །གསང་བ་སྔགས་ཀྱི་ཐེག་པའི་ལམ་ལ་བརྩོན། །སུམ་ལྡན་རྡོ་རྗེ་འཛིན་པ་ཞབས་བརྟན་གསོལ། །བསླབ་པའི་ཚུལ་ཁྲིམས་ཉེས་པའི་སྐྱོན་སྤངས་ཤིང་། །ཏིང་འཛིན་ཕུང་པོ་ཟད་མི་ཤེས་པའི་གཏེར། །ཆོས་རབ་རྣམ་འབྱེད་ཤེས་རབ་སྤོབས་པའི་མཛོད། །བློ་གཏེར་སྨྲ་བའི་དབང་པོ་ཞབས་བརྟན་གསོལ། །ཐོས་པ་རྒྱ་མཚོའི་ཕ་རོལ་སོན་པའི་དཔལ། །བསམ་བྱུང་ཆོས་བཟང་རིག་པའི་རྣམ་དཔྱོད་ཅན། །སྒོམ་བྱུང་ཤེས་རབ་ཟླ་བ་ཉ་གང་བས། །ཐུབ་བསྟན་ཕྱོགས་བརྒྱར་སྤེལ་མཁས་ཞབས་བརྟན་གསོལ། །འཆད་མཁས་བློ་ལྡན་བྱེ་བའི་ཡིད་དབང་འཕྲོག །རྩོད་པས་ཕས་རྒོལ་ལོག་རྟོག་བྲག་རི་འཇོམས། །རྩོམ་པས་ཀུན་མཁྱེན་རིང་ལུགས་གསལ་མཛད་པ། །ཀུན་གཟིགས་ཆོས་ཀྱི་ཉི་མ་ཞབས་བརྟན་གསོལ། །ཁྱད་པར་འཇམ་དབྱངས་བླ་མའི་བྱིན་ཞུགས་པས། །གསང་སྔགས་ནང་གི་དེ་ཉིད་ལེགས་རྟོགས་ཤིང་། །རྒྱུད་ལུང་མན་ངག་རྒྱ་མཚོར་རང་དབང་འབྱོར། །གསང་བདག་རྡོ་རྗེ་འཛིན་པར་ཞབས་བརྟན་གསོལ། །གསུང་ངག་རིན་ཆེན་གཏེར་ལ་དབང་འབྱོར་ཤིང་། །རྣལ་འབྱོར་དབང་ཕྱུག་བརྩེ་ཆེན་ས་སྐྱ་པའི། །བསྟན་འཛིན་བྱེ་བའི་དབུས་ན་རབ་མཐོ་བ། །ཀུན་དགའི་རྒྱལ་མཚན་སྒྲེངས་མཁས་ཞབས་བརྟན་གསོལ། །རྟག་ཏུ་གཞན་ཕན་བྱ་བ་འབའ་ཞིག་མཛད། །འཇིག་རྟེན་ཆོས་བརྒྱད་རྟོག་པ་རིང་དུ་དོར། །སྔོན་བྱོན་དྲང་སྲོང་ཆེན་པོས་བསྟན་པའི་ལམ། །བསྙེན་མཛད་ཀུན་སྤངས་ཆེན་པོར་ཞབས་བརྟན་གསོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས། །བསྟན་འཛིན་སྐྱེས་མཆོག་ཞབས་པད་ཡུན་དུ་བརྟན། །ཆོས་འཁོར་བསྐོར་ཞིང་ཕྲིན་ལས་ཕྱོགས་བརྒྱར་འཕེལ། །བཀྲ་ཤིས་སྣང་བས་ཡུན་དུ་ཁྱབ་གྱུར་ཅིག །ཅེས་པའི་ཞབས་བརྟན་འདིའང་། རང་ཉིད་ཀྱིས་དད་མོས་དང་ཉེ་ཆར་བསླབ་ལྡན་མང་ཐོས་བློ་གསལ་བྱམས་པ་ལགས་ནས་ལྷ་རྫས་བཅས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྣྲོན་ཟླའི་ཚེས་༡༤སྔ་དྲོའི་ཆར་བྲིས་པ་འདིས་ཀྱང་རྗེ་བཙུན་བླ་མ་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
[edit]

yongs kyi dge pa'i bshes gnyen chen po khyab bdag rdo rje 'dzin rgyal 'jam dbyangs rgyal mtshan la zhabs brtan bkra shis snang ba zhes bya ba bzhugs so/____/na mo gu ru many+dzu shrI ye/__sras bcas rgyal ba'i ye shes gcig bsdus pa/____/mkhyen rab chos kyi nyin byed 'od 'bar bas/____/gdul bya'i dad gsum pad tshal rgyas mdzad pa/____/'dren mchog khyab bdag bla mar zhabs brtan gsol/____/'jam dbyangs bla ma kun dga'i mtshan can gyi/____/ring lugs snyigs dus slar yang gsal ba la/____/mtshungs zla med pa'i thugs bskyed stobs 'chang ba/____/mkhas grub dbang po bskal brgyar 'tsho bzhes gsol/____/phyir ltar so sor thar ba'i khrims la gnas/____/nang du byang chub sems kyi thugs rgyud gtams/____/gsang ba sngags kyi theg pa'i lam la brtson/____/sum ldan rdo rje 'dzin pa zhabs brtan gsol/____/bslab pa'i tshul khrims nyes pa'i skyon spangs shing /____/ting 'dzin phung po zad mi shes pa'i gter/____/chos rab rnam 'byed shes rab spobs pa'i mdzod/____/blo gter smra ba'i dbang po zhabs brtan gsol/____/thos pa rgya mtsho'i pha rol son pa'i dpal/____/bsam byung chos bzang rig pa'i rnam dpyod can/____/sgom byung shes rab zla ba nya gang bas/____/thub bstan phyogs brgyar spel mkhas zhabs brtan gsol/____/'chad mkhas blo ldan bye ba'i yid dbang 'phrog__/rtsod pas phas rgol log rtog brag ri 'joms/____/rtsom pas kun mkhyen ring lugs gsal mdzad pa/____/kun gzigs chos kyi nyi ma zhabs brtan gsol/____/khyad par 'jam dbyangs bla ma'i byin zhugs pas/____/gsang sngags nang gi de nyid legs rtogs shing /____/rgyud lung man ngag rgya mtshor rang dbang 'byor/____/gsang bdag rdo rje 'dzin par zhabs brtan gsol/____/gsung ngag rin chen gter la dbang 'byor shing /____/rnal 'byor dbang phyug brtse chen sa skya pa'i/____/bstan 'dzin bye ba'i dbus na rab mtho ba/____/kun dga'i rgyal mtshan sgrengs mkhas zhabs brtan gsol/____/rtag tu gzhan phan bya ba 'ba' zhig mdzad/____/'jig rten chos brgyad rtog pa ring du dor/____/sngon byon drang srong chen pos bstan pa'i lam/____/bsnyen mdzad kun spangs chen por zhabs brtan gsol/____/de ltar gsol ba btab pa'i byin brlabs kyis/____/bstan 'dzin skyes mchog zhabs pad yun du brtan/____/chos 'khor bskor zhing phrin las phyogs brgyar 'phel/____/bkra shis snang bas yun du khyab gyur cig__/ces pa'i zhabs brtan 'di'ang /__rang nyid kyis dad mos dang nye char bslab ldan mang thos blo gsal byams pa lags nas lha rdzas bcas gsung bskul ngor 'jam dbyangs chos kyi blo gros pas snron zla'i tshes 14snga dro'i char bris pa 'dis kyang rje btsun bla ma zhabs pad bskal brgyar brtan pa'i rgyur gyur cig__/sarba dA mang+ga laM//____//

Footnotes

Other Information