དཔལ་རྡོ་རྗེ་གཞོན་ནུའི་བླ་མ་བརྒྱུད་པའི་གསོལ་འདེབས་ཞལ་སྐོང་བཅས་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-091
Wylie title dpal rdo rje gzhon nu'i bla ma brgyud pa'i gsol 'debs zhal skong bcas pa JKCL-KABUM-03-GA-091.pdf
Location chos kyi blo gros bka' 'bum
Volume 3, Text 91, Pages 359-367 (Folios 1a1 to 5a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal rdo rje gzhon nu'i bla ma brgyud pa'i gsol 'debs zhal skong bcas pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 359-367. Bir, H.P.: Khyentse Labrang, 2012.
Genre Lineage Supplications - brgyud 'debs
Colophon

ཞེས་དཔལ་རྡོ་རྗེ་གཞོན་ནུའི་བླ་མ་བརྒྱུད་པ་རྣམས་ཀྱི་ཞལ་བསྐངས་དང་བཅས་པ་འདིའང་འཁོན་རིགས་ངག་དབང་ཀུན་དགའ་བསོད་ནམས་བར་དུ་བྱོན་པའི་བརྒྱུད་འདེབས་དགེའོ།།

zhes dpal rdo rje gzhon nu'i bla ma brgyud pa rnams kyi zhal bskangs dang bcas pa 'di'ang 'khon rigs ngag dbang kun dga' bsod nams bar du byon pa'i brgyud 'debs dge'o

1 Texts in this Section (sde tshan or chos tshan)

[edit]
༄༅། །དཔལ་རྡོ་རྗེ་གཞོན་ནུའི་བླ་མ་བརྒྱུད་པའི་གསོལ་འདེབས་ཞལ་སྐོང་བཅས་པ་བཞུགས། ། དཔལ་ལྡན་བསྟན་གཡོ་ཀུན་ཁྱབ་སྲིད་ཞིའི་བདག །རང་བཞིན་བརྗོད་པའི་མཐའ་བྲལ་ཆོས་ཀྱི་དབྱིངས། །འགྱུར་མེད་རང་རིག་འོད་གསལ་བདེ་བ་ཆེ། །ཆོས་སྐུ་ཀུན༷་ཏུ༷་བཟ༷ང་པོ༷་ལ་གསོལ་བ་འདེབས། །རྣམ་དག་དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །དག་པའི་འཁོར་གྱི་སྣང་ངོར་ཁ་སྦྱོར་སྐུ། །རབ་མཛེས་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། །ཟུང་འཇུག་རྡོ༷་རྗེ༷་སེམ༷ས་དཔའ་ལ་གསོལ་བ་འདེབས། །ཨོ་ཌཱི་ཡ་ནར་རྒྱལ་པོའི་རིགས་འཁྲུངས་ཤིང་། །གངས་རིའི་ལྗོངས་འདིར་མ་རུང་ཀུན་བཏུལ་ནས། །དཔག་ཡས་བྱིན་རླབས་དངོས་གྲུབ་ཆར་འབེབས་པ། །སྤྲུལ་སྐུ་པ༷དྨ་འབྱུང༷་གན༷ས་ལ་གསོལ་བ་འདེབས། །འཕགས་ཡུལ་རིག་གནས་རྒྱ་མཚོའི་གྲུར་ཞུགས་ཏེ། །དམ་ཆོས་ནོར་བུའི་དེད་དཔོན་ཀླ྄ུ༷་དབ྄༷ང་པོ། །གྲུབ་གཉིས་པར་ཞུགས་དགེ་བསྙེན་ཚུལ་འཛིན་གང་། །རྡོ༷་རྗེ༷་རི༷ན་ཆེ༷ན་རྣམ་གཉིས་ལ༴ འཁོར་འདས་སྒྱུ་མར་རྟོགས་པའི་ཤེས༷་རབ༷་དང་། །དམིགས་མེད་ཐུགས་རྗེའི་ཡོ༷ན་ཏན༷་དང་ལྡན་པའི། །དམ་པའི་ཚུལ་བཞིན་བསླབ་གསུམ་ཁྲིམས་ཀྱི་མཛེས། །བླ་མ་རྒྱལ༷་པོའི༷་མཐའ་ཅན་ལ་གསོལ་བ་འདེབས། །ཟབ་གསལ་རྡོ༷་རྗེའི༷་སྐུ་ཉིད་མངོན་གྱུར་ཀྱང་། །ཐ་མལ་ཚུལ་བསྟན་གཙུ༷ག་གཏོ༷ར་ཤེས་རབ་མཚན། དགེ་ལེགས་གཞི་གྱུར་བྱང་ཆུབ་ཐུགས་མངའ་བ། །འགྲོ་བའི་སྐྱབ྄༷ས་གནས་མཆོག་གྱུར༴ །གཅིག་ཏུ་དགེ༷་བའི་ཆོས་ལ་ཐུགས་གཞོལ་ཞིང་། །ཡང་དག་ངེས་པའི་དོན་མཐོ༷ང་རིགས་སྔགས་འཆང་། །གླང་གི་བྲག་ལ་རྡོ་རྗེ་གཞོན་ནུའི་ཞལ། །ལེགས་གཟིགས་འཁོན་སྟོན་བལ༷་པོ༷་ལ༷༴ །སྔ་འགྱུར་ན༷་བཟ༷འི་རིང་ལུགས་རྣམས་ཀྱི་མཆོག །སྒྲུབ་ལ་བརྩོན་མཛད་གྲུབ་པའི་བློ༷་གྲོས་ཅན། །གསང་སྔགས་མཐུ་ཡི་དམ་ཅན་བྲན་དུ་འཕེལ། །འཁོ༷ན་རོ༷ག་ཤེས༷་ར༷བ་ཚུལ༷་ཁྲིམས་ལ༴ །དྲི་མེད་དཀོ༷ན་མཆོ༷ག་གདུང་འཛིན་ཆོས་ཀྱི་ཁྲིར། །ཐེག་མཆོག་འཁོར་ལོར་བསྒྱུར་བའི་རྒྱལ༷་པོ༷་གང་། །སྙིགས་དུས་གངས་ཅན་དཔལ་གྱུར་སྤྲུལ་པའི་སྐུ། །བླ་ཆེན་ཀུན༷་དག༷འ་སྙིང༷་པོ་ལ༴ །དེ་སྲས་འཇམ་པའི་དབྱངས་ཀྱི་བྱིན་བརླབས་པ། །རིག་གནས་ཀུན་མཁྱེན་བསོ༷ད་ནམ༷ས་རྩེ༷་མོ༷་དང་། ༧། རྒྱལ་བའི་མཁྱེན་བརྩེ་གཅིག་བསྡུས་རྡོ་རྗེ་འཛིན། །རྗེ་བཙུན་གྲག༷ས་པ༷་རྒྱལ༷་མཚ༷ན་ལ༴ །ཟབ་མོའི་ལམ་གྱི་རང་གི་རྒྱུད་སྨིན་ནས། །གཞན་ཡང་བརྩེ་བའི་ཐུགས་མངའ་དཔ༷ལ་ཆེ༷ན་འོད། །མཁྱེན་རབ་ཐོགས་མེད་འཇིག་རྟེན་ཀུན་གྱི་མིག །སྒྲ་བསྒྱུར་ཀུན༷་དག༷འ་རྒྱལ༷་མཚ༷ན་ལ་གསོལ༴ །རྗེ་བཙུན་མཆོག་ལས་འཁྲུལ་མེད་གདམས་པ་རྣམས། །ལེགས་ནོས་གཞན་ལ་འཆད་མཁས་འོད྄༷་ལྡན྄༷་པ། །ཆོས་ཀུན༷་དག༷འ་བཞིའི་ངོ་བོར་རོ་གཅིག་རྟོགས། །རྡོ༷་རྗེ༷་གསུམ་དང་དབྱེར་མེད་ལ༴ །མཆོ༷ག་ཏུ་གཞན་ལ་ཕན་པའི་ཐུགས་ལྡན་ཞིང་། །སྐད་གཉིས་སྨྲ་བ་ལེ༷གས་པ༷འི་བློ༵་གྲོས༷་ཅན། །གཞུང་ལུགས་མན་ངག་ཀུན༷་འདུས་དགའ༷་བའི་ཚལ། །བསོད༷་ནམས་ཡེ་ཤེས་མཐར་ཕྱིན་ལ༴ །རྣམ་མང་གསུངས་རབ་མཐའ་དག་ལེགས་སྦྱངས་ནས། །གདམས་པའི་མཛོད་འཛིན་རི༷ན་ཆེན༷་རྒྱལ༷་མཚ༷ན་དང་། །བསླབ་གྲོལ་ངུར་སྨིག་གར་གྱི་མཛེས་པའི་སྐུ། །ཆོས་རྗེ་བསོ༷ད་ནམ༷ས་རྒྱལ༷་མཚན་ལ༴ །སྙན་བརྒྱུད་ལུང་དང་རིག་པའི་གཏེར་མངའ་བ། །རྒྱལ་བའི་སྲས་པོ་ཤེས༷་ར༷བ་རྡོ༷་རྗེ༷་དང་། །དཔག་ཡས་འགྲོ་ལ་བྱམས་དང་སྙིང་རྗེ་ཡི། །མཁ༷ན་པོ༷་ཐུག༷ས་རྗེ༷་ཤེས༷་ར༷བ་ལ༴ ཟུང་འཇུག་དབུ་མའི་ལམ་གྱི་རྒྱུད་གྲོལ་ནས། །གྲུབ་པའི་སྔག༷ས་འཆ༷ང་དྷ༷རྨ༷་ཀི༷་རྟི༷འི་ཞབས། །རབ་དགེའི་སྤྱོད་པས་གཞན་དོན་ལ་དགོངས་པ། །འཕ༷གས་པ༷་ནམ༷་མཁ༷འི་སྙིང༷་པོ༷་ལ༴ །འཇམ་པའི་དབྱངས་ཀྱི་རྗེས་སུ་བཟུང་མཐུ་ལྡན། །སྦས་པའི་རྣལ་འབྱོར་ནམ་མཁའ་རྒྱལ་མཚན་ཞབས། །ལྷག་པའི་ལྷ་དང་དབྱེར་མེད་འཁོར་ལོའི་མགོན། །རྒྱ༷་ག༷ར་ཤེ༷ས་ར༷བ་རྒྱལ༷་མཚ༷ན་ལ༴ །དཔལ་ལྡན་མཐུ་སྟོབས་མགོན་པོའི་བྱིན་བརླབས་ཤིང་། །རིམ་གཉིས་ཏིང་འཛིན་མཆོག་ལ་མངའ་བརྙེས་པ། །མང་ཐོས་བློ་གསལ་རྣམ་དག་ཁྲིམས་ཀྱི་མཛེས། །འཇམ་དབྱངས་ཀུན༷་དག༷འ་བསོ༷ད་ནམ༷ས་ལ༷༴ །ལྷ་མཆོག་ངག་གི་དབང་པོས་རྗེས་བཟུང་ཞིང་། །ཆོས་ཀྱི་སྦྱིན་པའི་སྙན་པས་གྲགས་པ་ཅན། །བཀའ་གདམས་བསྟན་པའི་སྲོག་ཤིང་སེམས་དཔའ་ཆེ། །སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ལ༴ །སྔོན་ཚེ་ཆོས་ཀྱི་རྒྱལ་པོ་ཚུལ་ཁྲིམས་བར། །ཕྱི་མར་ང༷ག་དབ༷ང་ཆོ༷ས་ཀྱི་གྲག༷ས་པ་ཞེས། །དུས་འདིར་སྤྱན་སྔ་བྱམས་པ་ཀུན་དགེའི་མཚན། །སྤྲུལ་པའི་སྐྱེས་མཆོག་དམ་པར༴ དུས་གསུམ་རྒྱལ་བའི་རྣམ་འཕྲུལ་ས་སྐྱ་པ། །རྡོ་རྗེ་འཆང་དངོས་ཀུན་དགའི་མཚན་ཅན་གྱི། །བསྟན་པ་རིན་ཆེན་ཕྱོགས་བཅུར་སྤེལ་མཛད་པའི། །སྔ༷གས་འཆ༷ང་ངག་གི༷་དབ༷ང་པོ༷་ལ༴ །སྨིན་བྱེད་དབང་གི་ཆུ་བོས་རྒྱུད་སྦྱངས་ནས། །གདམས་པ་ཉམས་ལེན་ཆུ་བོ་མཐར་ཕྱིན་ཏེ། །སྐལ་བཟང་འགྲོ་ལ་རྣམ་འདྲེན་ལམ་སྟོན་པའི། །འཇམ་དབྱངས་བསོ༷ད་ནམ༷ས་དབ༷ང་པོ༷་ལ། །ཀུན྄༷་ཏུ་འགྲོ་ལ་བརྩེ་བའི་རྗེས་ཆགས་ནས། །དགའ་བཞིའི་དཔལ་སྟེར་གྲུབ་པའི་ས་ལ་བཀོད། །དོན༷་གཉིས་ལྷུན་གྲུབ༷་བདེ་སྟོང་ལེགས་རོལ་པ། །ཡོངས་འཛིན་དཔལ་ལྡན་བླ་མར༴ ཁྲག་འཐུང་ལྔ་བཅུའི་གཙོ་བོ་ཀཱི་ལ་ཡ། །སྙིགས་དུས་ལོག་འདྲེན་འདུལ་བའི་དཔའ་བོ་རུ། །ལེགས་བཞེས་གོས་དཀར་ལྕང་ལོ་མཛེས་པའི་སྐུ། །དྲིན་ཅན་ཀུན༷་དགའ༷་བསོ༷ད་ནམ༷ས་ལ༴ །མཁས་གྲུབ་ཀུན་གྱི་མཆོག་གྱུར་བླ་མ་རྗེ། །ལུང་རྟོགས་ཟབ་དོན་ནོར་བུས་ལེགས་ཕྱུག་པའི། །སྤྲུལ་པའི་སྐུ་མཆོག་འགྲོ་བའི་སྐྱབས་གནས་མཆོག །བདག་ཆེན་བསོ༷ད་ན༷མས་དབ༷ང་ཕྱུག༷་ལ༴ །འཆི་མེད་རིགས་སྔགས་གྲུབ་པའི་སྐུ་བརྙེས་ཤིང་། །མཐའ་ཀླས་འགྲོ་ལ་ལེགས་པའི་ལམ་སྟོན་པ། །ཆོས་ཀྱི་རྒྱལ་པོ་ལྷ་བཅས་སྐྱེ་རྒུའི་མགོན། །ངག༷་དབ༷ང་ཀུན༷་དག༷འ་བཀྲ༷་ཤིས༷་ལ༴ །དཀོན་མཆོག་གསུམ་གྱི་བསྟན་པའི་སྲོག་ཤིང་མཆོག །ཆོས་ཀྱི་རྒྱལ་པོ་འཛམ་གླིང་སྐྱེ་རྒུའི་མགོན། །རྡོ་རྗེ་འཛིན་པ་ངུར་སྨྲིག་འཆང་བའི་གཙོ། །བླ་ཆེན་དཀོ༷ན་མཆོ༷ག་རྒྱལ་པོ་ལ༴ །དཔག་མེད་༧རྒྱལ་བ་ཀུན་གྱི་ཕྲིན་ལས་ཅན། །རྩོད་མེད་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །རིས་མེད་འགྲོ་ལ་བྱམས་དང་བརྩེ་བའི་བདག །སྔགས་འཆང་བསོ༷ད་ནམ༷ས་རི༷ན་ཆེ༷ན་ལ༴ །སྲིད་གསུམ་དྲེགས་པའི་ཚོགས་རྣམས་གཟི་གྱིས་མནན། །ཐེག་གསུམ་ཆོས་ཀྱི་སྒྲ་དབྱངས་རྟག་སྒྲོགས་ཤིང་། །རིགས་གསུམ་གདུལ་བྱའི་ཚོགས་རྣམས་སྨིན་མཛད་པ། །འཇམ་མགོན་ཀུན༷་དག༷འ་བློ༷་གྲོས༷་ལ་གསོལ༴ །འཇིག་རྟེན་སྐྱེ་རྒུ་ཀུན་གྱི་གཙུག་ཏོར་ཆེར། །ཞབས་སེན་ཉི་མ་ནོར་བུ་བསྟོད་ཙམ་གྱི། །སྲིད་ཞིའི་གདུང་བ་མཐའ་དག་སེལ་མཛད་པ། །མཐུ་ཆེན་དབ༷ང་སྡུད༷་སྙིང༷་པོ་ལ༴ །འོད་གསལ་འཆི་མེད་རིགས་ཀྱི་ཐིག་ལེ་ལས། །རིགས་སྔགས་གྲུབ་པའི་དབང་པོར་སྐུ་བཞེངས་ཏེ། །འཁོར་བའི་སྡུག་བསྔལ་ཀུན་ནས་སེལ་བའི་དཔལ། །པ༷དྨ་བདུད༷་འདུལ༷་དབང་ཕྱུག་ལ༴ །སྔོན་ཚེ་ཉན་ཐོས་མཆོག་གྱུར་མོའུ་འགའ་བུ། །ཕྱི་རབས་འདུལ་དོན་ཀུན་དགའ་རྣམ་རྒྱལ་ཞེས། །དེང་འདིར་དྲིན་ཅན་བླ་མ་གདོད་མའི་མགོན། །ངག་དབང་ཀུན༷་དག༷འ་རྒྱལ༷་མཚ༷ན་ལ༴ །ཐེག་ཆེན་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས། །གཞན་ཡང་སྙིང་རྗེའི་འགྲོ་རྣམས་དབང་དུ་འདུས། །ཐམས་ཅད་མཁྱེན་པའི་རྒྱལ་སར་བཀྲི་མཛད་པ། །སྔགས་འཆང་བཀྲ་ཤིས་རིན་ཆེན་ལ༴ །བླ་མཆོག་ང༷ག་གི་དབ༷ང་པོའི་ཡེ་ཤེས་སྐུ། །འཇིག༷ས་མེད༷་གྲུབ་པའི་དཔའ་བོའི་སྐུ་བཞེངས་ཏེ། །དམ་ཆོས་ཟབ་མོའི་དབ༷ང་འབྱོར་རྒྱལ༷་བའི་སྲས། །རྡོ་རྗེ་འཛིན་པ་ཆེན་པོར་ལ༴ །མཐའ་ཡས་འགྲོ་ཀུན་འཁོར་བའི་སྡུག་བསྔལ་ལས། །གྲོལ་ཕྱིར་མི་ཡི་ཚུལ་དུ་གོས་དཀར་འཆང་། །ཀུན་བཟང་རིགས་བཞིའི་དགོངས་པ་རབ་བརྙེས་པས། །དྲག༷་ཤུལ༷་ཕྲིན༷་ལ༷ས་རིན༷་ཆེན༷་ལ༴ །གཞི་ལམ་འབྲས་གསུམ་གཅིག་པའི་དགོངས་མཉམ་རྡོལ། །རྒྱ་བོད་ས་སྐྱོང་ཆེན་པོས་གཙུག་ནོར་ཆེ། །རྒྱལ་བསྟན་བདག་པོ་མངའ་གསོལ་རྡོ་རྗེ་འཆང་། །ངག་དབང་མཐུ༷་སྟོབ༷ས་དབང་ཕྱུག་ལ༴ །མདོ་རྒྱུད་རྒྱ་མཚོ་ལྟ་བུའི་མཛོད་བཟུང་ནས། །རིས་མེད་གྲུབ་མཐའི་ཆོས་ཀྱི་འཁོར་ལོ་བསྐོར། །མཁས་གྲུབ་བྱེ་བའི་གཙུག་རྒྱན་ས་སྐྱ་པ། །ངག་དབང་ཀུན༷་དག༷འ་བསོ༷ད་ནམ༷ས་ལ་གསོལ་བ་འདེབས། །དངོས་དང་བརྒྱུད་པའི་རྡོ་རྗེ་སློབ་དཔོན་སོགས༴ ཞེས་དཔལ་རྡོ་རྗེ་གཞོན་ནུའི་བླ་མ་བརྒྱུད་པ་རྣམས་ཀྱི་ཞལ་བསྐངས་དང་བཅས་པ་འདིའང་འཁོན་རིགས་ངག་དབང་ཀུན་དགའ་བསོད་ནམས་བར་དུ་བྱོན་པའི་བརྒྱུད་འདེབས་དགེའོ།། །།

Footnotes

Other Information