གཏེར་ཆེན་མཆོག་གྱུར་གླིང་པ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བཀྲ་ཤིས་བིལ་ཝའི་ལྗོན་བཟང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-073
Wylie title gter chen mchog gyur gling pa la bstod cing gsol ba 'debs pa bkra shis bil wa'i ljon bzang JKCL-KABUM-03-GA-073.pdf
Location chos kyi blo gros bka' 'bum
Volume 3, Text 73, Pages 259-261 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People མཆོག་གྱུར་གླིང་པ་ (mchog gyur gling pa)
Citation 'jam dbyangs mkhyen brtse chos kyi blo gros. gter chen mchog gyur gling pa la bstod cing gsol ba 'debs pa bkra shis bil wa'i ljon bzang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 259-261. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/chokgyur-lingpa-praise-prayer;https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/prayer-to-khyentse-wangpo-kongtrul-chokling
Colophon
  • First colophon page 260: །ཅེས་པའང་མདོ་ཁམས་ས་ཡི་ཐིག་ལེ་དཔེ་མེད་རྡོ་རྗེའི་ལྟེ་བ་རྩི་རྐེ་ནོར་བུ་གླིང་གི་གཏེར་ཆེན་བླ་མའི་མཆོད་སྡོང་རིན་པོ་ཆེའི་མདུན་མངོན་པར་གསོལ་བ་འདེབས་པ་པོ་ནི་འཇམ་དབྱངས་བློ་གྲོས་རྒྱ་མཚོས་དབོ་ཟླའི་ཚེས་༡༧ལ་བྲིས་པ་སིདྡྷིར་བྷ་ཝ་ཏུ། མངྒ་ལཾ།།
  • Second colophon page 261: །ཅེས་པའང་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།།
  • First colophon page 260: /ces pa'ang mdo khams sa yi thig le dpe med rdo rje'i lte ba rtsi rke nor bu gling gi gter chen bla ma'i mchod sdong rin po che'i mdun mngon par gsol ba 'debs pa po ni 'jam dbyangs blo gros rgya mtshos dbo zla'i tshes 17la bris pa sid+d+hir b+ha wa tu/__mang+ga laM//
  • Second colophon page 261: /ces pa'ang chos kyi blo gros pas bris pa'o//
Notes This text entry also includes a one verse supplication to Chogyur Lingpa, Khyentse Wangpo, and Jamgon Kongtrul.

1 Texts in this Section (sde tshan or chos tshan)

[edit]
གཏེར་ཆེན་མཆོག་གྱུར་གླིང་པ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བཀྲ་ཤིས་བིལ་ཝའི་ལྗོན་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡ། གཞི་རྫོགས་འཕོ་འགྱུར་ཀུན་བྲལ་ཆོས་དབྱིངས་མཁར། །ལོངས་སྤྱོད་ལྷུན་གྲུབ་འོད་ལྔའི་ཚོམ་བུ་བཀྲ། །ཐུགས་རྗེའི་ཟེར་ནི་གང་འདུལ་བསམ་མི་ཁྱབ། །སྐུ་གསུམ་ངོ་བོ་གཏེར་ཆེན་བླ་མ་རྒྱལ། ༡ །པདྨ་འབྱུང་གནས་དཔལ་རྣམས་ཀུན་གྱི་མཆོག །དཔལ་ལྡན་དང་པོའི་སངས་རྒྱས་ཀུན་ཏུ་འཆང་། །མཐའ་ཡས་དཀྱིལ་འཁོར་སྤྲོ་དང་བསྡུ་བའི་དཔལ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ༢ །འཕོ་མེད་ཚུལ་ཁྲིམས་དགའ་བཞིའི་དྲི་དང་ལྡན། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་གཏམས། །སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངོ་བོར་ཤར། །རྡོ་རྗེ་འཛིན་རྒྱལ་ཁྱེད་ལ༴ ༣ །བཀའ་གཏེར་གཞུང་གདམས་ཆུ་ཀླུང་འབུམ་ཕྲག་སྙེད། །ཁྱེད་ཐུགས་དཔལ་གྱི་བེའུར་བསྐྱིལ་བ་དང་། །མཁས་བཙུན་གསུམ་གྱི་དབྱར་རྔའི་སྒྲ་དབྱངས་སྒྲོགས། །བློ་ལྡན་དགའ་བ་བསྐྱེད་ལ༴ ༤ །གསང་གསུམ་འཆལ་བའི་ཉེས་པས་མི་བརྫི་བཙུན། །བཟང་པོའི་ཕྲིན་ལས་ཕྱོགས་ཀྱི་ཐ་གྲུ་ཁྱབ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་ལས་འདས། །གཏེར་ཆེན་བླ་མའི་ཞབས་ལ༴ ༥ །ཀུན་དང་ཐུན་མིན་བཀའ་བབས་རིན་ཆེན་བདུན། །སྔོན་མེད་གསང་མཛོད་ཟབ་མོའི་སྒོ་འཕར་བྱེ། །པདྨའི་མཆོག་བསྟན་གསལ་བའི་སྒྲོན་མེ་ཆེ། །དམ་འཛིན་ཆོས་ཀྱི་རྒྱལ་པོར༴ ༦ །གྲོལ་བ་རྣམ་བཞིའི་ཕྲིན་ལས་མཁའ་དང་མཉམ། །ཇི་སྲིད་འགྲོ་འདི་སྟོང་བར་མ་གྱུར་པ། །དེ་སྲིད་རྣམ་རོལ་སྤྲུལ་པ་སྣ་ཚོགས་ཀྱིས། །བསྟན་འགྲོའི་དོན་ཆེན་སྒྲུབ་ལ༴ ༧ །ཁྱད་པར་པདྨས་ཁེབས་པའི་ཞིང་ཁམས་སུ། །སེམས་དཔའ་པདྨའི་མྱུ་གུས་སྐུར་བཞེངས་ཏེ། །རྒྱལ་སྲས་སེམས་དཔའི་ཚོགས་དང་ལྷན་ཅིག་ཏུ། །ཐེག་ཆེན་ཆོས་སྒྲ་སྒྲོགས་ལ༴ ༨ །མཆོད་པའི་སྤྲིན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རངས་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས། །དགེ་ཚོགས་མ་ལུས་འགྲོ་བ་ཡོངས་ལ་བསྔོ། ༩ །བདག་ཅག་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །གཏེར་ཆེན་བླ་མ་མཆོག་དང་མི་འབྲལ་ཤིང་། །སྡོམ་པ་རྣམ་དག་རིམ་གཉིས་ཕ་མཐར་ཕྱིན། །བླ་མ་སྐུ་བཞིའི་དབང་ཕྱུག་མྱུར་འགྲུབ་ཤོག །མཆོག་གཏེར་བསྟན་པ་འཛམ་གླིང་ཀུན་ཏུ་ཁྱབ། །གྲུབ་གཉིས་བྱེ་བའི་ནོར་བུས་གཟིར་འབར་བས། །ཕྱོགས་དུས་གནས་སྐབས་ཀུན་ཏུ་བཀྲ་ཤིས་ཤིང་། །སྲིད་ཞིའི་དགེ་མཚན་གཡས་སུ་འཁྱིལ་བར་ཤོག །ཅེས་པའང་མདོ་ཁམས་ས་ཡི་ཐིག་ལེ་དཔེ་མེད་རྡོ་རྗེའི་ལྟེ་བ་རྩི་རྐེ་ནོར་བུ་གླིང་གི་གཏེར་ཆེན་བླ་མའི་མཆོད་སྡོང་རིན་པོ་ཆེའི་མདུན་མངོན་པར་གསོལ་བ་འདེབས་པ་པོ་ནི་འཇམ་དབྱངས་བློ་གྲོས་རྒྱ་མཚོས་དབོ་ཟླའི་ཚེས་༡༧ལ་བྲིས་པ་སིདྡྷིར་བྷ་ཝ་ཏུ། མངྒ་ལཾ།། །།པདྨའི་རྒྱལ་ཚབ་འོད་གསལ་མདོ་སྔགས་གླིང་། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་། །འཇམ་མགོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།། །།

Footnotes

Other Information