གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོ་རྗེས་སུ་དྲན་པའི་གླུ་ཌཱ་ཀི་དགྱེས་པའི་དབྱངས་སྙན།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-105
Wylie title grub pa'i dbang phyug brtson 'grus bzang po rjes su dran pa'i glu DA ki dgyes pa'i dbyangs snyan JKCL-KABUM-02-KHA-105.pdf
Location chos kyi blo gros bka' 'bum
Volume 2, Text 105, Pages 741-742 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཐང་སྟོང་རྒྱལ་པོ་ (thang stong rgyal po)
Citation 'jam dbyangs mkhyen brtse chos kyi blo gros. grub pa'i dbang phyug brtson 'grus bzang po rjes su dran pa'i glu DA ki dgyes pa'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 741-742. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་ཆུ་ཕག་ཟླ་༤ཚེས་༢༧ལ་ཉམས་བན་མ་བུན་དུ་གྱུར་སྐབས་གང་ཤར་ཐོལ་བྱུང་དུ་བླངས་ཏེ་ཡི་གེར་བྲིས་པའོ།

ces pa'ang chu phag zla 4tshes 27la nyams ban ma bun du gyur skabs gang shar thol byung du blangs te yi ger bris pa'o/

1 Texts in this Section (sde tshan or chos tshan)

[edit]
གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོ་རྗེས་སུ་དྲན་པའི་གླུ་ཌཱ་ཀི་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ཤྲཱི་ཨ་ལ་ལ་ཧོ། ཨ་ཧོ་ཡེ། བདེ་མཆོག་བདེ་བའི་གར་གྱི་དབང་ཕྱུག་བདེ་ཆེན་ཆགས་པ་ཆེན་པོའི་སྐུ། །རྣམ་བཅས་ཐབས་མཆོག་ཧེ་རུ་ཀཿདཔལ་རྣམ་མེད་སྟོང་ཉིད་ཕྱག་རྒྱས་འཁྱུད། །ཟུང་འཇུག་གྲུབ་པའི་གཙོ་རྒྱལ་འཆི་མེད་རྡོ་རྗེའི་བླ་མར་གསོལ་བ་འདེབས། །ཐ་མལ་བརྟན་དང་གཡོ་བར་མཆོག་གྱུར་ཡེ་ཤེས་གྲུབ་པའི་ཕྱག་རྒྱས་བཏབ། །འབྱུང་འཇུག་སྲོག་དང་རྩོལ་བ་གཞོམ་མེད་རླུང་སྔགས་ནཱ་དྭར་ཐིམ། །ཀུན་རྟོག་རིག་སྟོང་འོད་གསལ་ཆེན་པོའི་སྦུབས་བཅུད་ཕྱག་རྒྱའི་འཁོར་ལོ་རྫོགས། །བདེ་ཆེན་ཡེ་ཤེས་སྒྱུ་མའི་སྐུ་ཅན་རང་ཞལ་འབྲལ་མེད་རྟག་ཏུ་དྲན། །རྩ་གནས་ཐིག་ལེའི་དྭང་མ་མི་ཤིགས་དཔའ་བོ་ཌཱ་ཀིའི་གྲོང་ཁྱེར་ཆེ། །བ་སྤུ་བྱེ་བ་ས་ཡ་རིག་འཛིན་བླ་མ་རྒྱ་མཚོའི་སྤྲིན་ཕུང་གཏིབས། །ཀུན་བརྟག་འཁྲུལ་པའི་ཞེན་སྣང་སངས་ཤིང་གཞན་དབང་རླུང་སེམས་འཕོ་བའི་བག་ཆགས་སྦྱོངས། །ཡོངས་གྲུབ་ཆེན་པོའི་གནས་ལུགས་རང་རིག་འགྱུར་མེད་རྡོ་རྗེའི་བླ་མར་བཟོ་བཅོས་བྲལ། །འདི་ཉིད་ཉིན་མཚན་འོད་གསལ་ཁ་སྦྱོར་རྣལ་འབྱོར་བར་མེད་རྟག་ཏུ་གོམས་པའི་མཐུས། །ལུས་སྣང་དྭངས་མར་འོད་སྐུར་སྨིན་ཅིང་རིག་པ་སྐུ་གསུམ་རྩོལ་མེད་ངང་གིས་འཆར། །ཐོག་མཐའ་དབུས་བྲལ་ཀུན་ཁྱབ་འཁོར་ལོའི་མགོན་པོའི་གོ་འཕང་སྐད་ཅིག་ཉིད་ལ་ཐོབ། །མ་ལུས་འགྲོ་ཀུན་ཕྱམས་གཅིག་དང་པོའི་སངས་རྒྱས་ཀུན་བཟང་བླ་མ་ཉིད་དང་དབྱེར་མེད་ཤོག །ཅེས་པའང་ཆུ་ཕག་ཟླ་༤ཚེས་༢༧ལ་ཉམས་བན་མ་བུན་དུ་གྱུར་སྐབས་གང་ཤར་ཐོལ་བྱུང་དུ་བླངས་ཏེ་ཡི་གེར་བྲིས་པའོ། ། །།

Footnotes

Other Information