སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཕགས་མ་དགྱེས་པའི་བདུད་རྩིའི་ཆུ་གཏེར་མི་ཟད་རླབས་ཕྲེང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-030
Wylie title sgrol ma dkar mo yid bzhin 'khor lo la bstod pa 'phags ma dgyes pa'i bdud rtsi'i chu gter mi zad rlabs phreng JKCL-KABUM-02-KHA-030.pdf
Location chos kyi blo gros bka' 'bum
Volume 2, Text 30, Pages 423-433 (Folios 1a1 to 6a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sgrol ma dkar mo yid bzhin 'khor lo la bstod pa 'phags ma dgyes pa'i bdud rtsi'i chu gter mi zad rlabs phreng. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 423-433. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity sgrol ma yid bzhin 'khor lo
Colophon

།དེ་ལྟར་དགེ་བ་ཅན་མ་ཡིད་བཞིན་འཁོར་ལོ་ལ་ལམ་རིམ་དང་མཐུན་པའི་བསྟོད་པ་འཕགས་མ་དགྱེས་པའི་བདུད་རྩིའི་ཆུ་གཏེར་མི་ཟད་རླབས་ཕྲེང་ཞེས་བྱ་བ་འདི་ཡང་ཤཱཀྱ་སེང་གེའི་བསྟན་པ་རྟགས་ཙམ་འཆང་ལ་གཙུག་ལག་ལུང་རིག་ཉི་མ་སྨྲ་བའི་སེང་གེའམ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རང་ལོ་ཉེར་གསུམ་པའི་གུང་དུ་སོན་པ་ཤིང་མོ་ཡོས་ཀྱི་ལོའི་གནམ་ལོ་གསར་དུ་འཆར་བའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོར་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་སྣང་གསལ་མར་མེའི་ངོགས་སུ་ཤར་མར་སྦྱར་བ་འགྲོ་ཀུན་ཚེ་དང་ཡེ་ཤེས་ལ་དབང་འབྱོར་བའི་རྒྱུར་གྱུར་ཅིག །སརྦ་ཛ་ག་ཏི་བྷ་ཝནྟུ། དགེའོ། ། །།

de ltar dge ba can ma yid bzhin 'khor lo la lam rim dang mthun pa'i bstod pa 'phags ma dgyes pa'i bdud rtsi'i chu gter mi zad rlabs phreng zhes bya ba 'di yang shAkya seng ge'i bstan pa rtags tsam 'chang la gtsug lag lung rig nyi ma smra ba'i seng ge'am 'jam dbyangs chos kyi blo gros pas rang lo nyer gsum pa'i gung du son pa shing mo yos kyi lo'i gnam lo gsar du 'char ba'i dkar phyogs kyi rdzogs pa dang por rdzong sar bkra shis lha rtse'i chos grwa chen por snang gsal mar me'i ngogs su shar mar sbyar ba 'gro kun tshe dang ye shes la dbang 'byor ba'i rgyur gyur cig__/sarba dza ga ti b+ha wan+tu/__dge'o/

1 Texts in this Section (sde tshan or chos tshan)

[edit]
སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཕགས་མ་དགྱེས་པའི་བདུད་རྩིའི་ཆུ་གཏེར་མི་ཟད་རླབས་ཕྲེང་བཞུགས་སོ། །དགེ་བ་ཅན་མ་ཡིད་བཞིན་འཁོར་ལོར་བསྟོད་པ་འཕགས་མ་དགྱེས་པའི་ཟླ་ཞལ་གསར་དུ་ངོམ་པའི་བདུད་རྩིའི་ཆུ་གཏེར་མི་ཟད་རླབ་ཕྲེང་ཞེས་བྱ་བ། རྒྱ་གར་སྐད་དུ། ཤོ་བྷ་ནཱི་ཏཱ་རཱ་ཤུ་ཀླ་མ་ན་སི་བ་ཙཀྲ་སྟ་བཱཪྻྻཱ་རཱ་མ་ཙནྡྲ་མུ་ཁ་ན་བ་ཏྲྀ་སཱ་མྲྀ་རཱནྡྷི་ནཀྵ་ཡོ་རྨི་མཱ་ལཱ་ནཱ་མཱ་སྟེ། བོད་སྐད་དུ། འཕགས་མ་དགྱེས་པའི་བསྟོད་པ་བདུད་རྩིའི་ཆུ་གཏེར་མི་ཟད་རླབ་ཕྲེང་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་སྒྲོལ་མ་དཀར་མོ་ཐ་མི་དད་པ་ལ་གུས་པས་ཕྱག་འཚལ་ལོ། །འཆི་བདག་བདུད་བཅོམ་མཚན་དཔེའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྐུ་མངའ་ཞིང་། །ཡན་ལག་དྲུག་ཅུའི་གསུང་དབྱངས་དང་ལྡན་ཞི་བསིལ་ཆོས་ཀྱི་སྒྲ་ཆེན་སྒྲོགས། །སྲིད་དང་ཞི་བའི་འཆིང་བ་ལས་གྲོལ་ཟག་པ་མེད་པའི་ཡེ་ཤེས་ཐུགས། །ཚེ་སྦྱིན་ལྷ་མོར་གུས་པས་བསྟོད་དོ་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། ༡། མཐའ་བཞི་ལ་སོགས་སྤྲོས་པ་དང་བྲལ་རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །ཟབ་གསལ་གཉིས་མེད་འོད་གསལ་ཆོས་དབྱིངས་རྒྱལ་བ་ཀུན་གྱི་ཡུམ་ཆེན་མོར། །རྗེས་སུ་ཆགས་པས་དེ་དང་དབྱེར་མེད་ཐ་དད་སྤྲོས་པ་དང་བྲལ་བ། །ཚེ་སྦྱིན་ལྷ་མོར་གུས་པས་བསྟོད་དོ་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། ༢། ཁྱོད་སྔོན་བསྐལ་པ་དུ་མའི་གོང་ནས་ངེས་དོན་དབུ་མར་བྱང་ཆུབ་ཀྱང་། །གཟུགས་ཀྱི་སྐུར་བཞེངས་ལྷ་མོའི་ཚུལ་འཆང་གཞོན་ནུ་འཆི་མེད་བདུད་རྩི་ཅན། །རིགས་སྐྱེས་ན་ཚོད་བཅུ་དྲུག་ཚུལ་འཆང་རིང་འཚོའི་དཔལ་ཡོན་བསྐྱེད་མཛད་མ། །ཚེ་སྦྱིན་ལྷ་མོར་གུས་པས་བསྟོད་དོ་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། ༣། ཁྱོད་སྐུ་མཉེན་ལྕུགས་འཁྲིལ་བག་ཆགས་ཤིང་དཀར་དམར་མདངས་ལྡན་ཨུཏྤལ་ལ། །རྒྱལ་སྲས་རིག་འཛིན་གྲུབ་པའི་ཚོགས་རྣམས་དགྱེས་པའི་དྲི་བསུང་རབ་འཐུལ་ཞིང་། །སྐྱེ་རྒུའི་ཚ་གདུང་འཇིལ་བར་མཛད་ནས་མི་འཇིགས་བསིལ་གྲིབ་སྟེར་མཛད་པའི། །ཚེ་སྦྱིན་ལྷ་མོར་གུས་པས་བསྟོད་དོ་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། ༤། ཐ་མལ་སྣང་ཆོས་མཁའ་བཞིན་སྟོང་ལས་བཻཌཱུར་ས་གཞི་ཡངས་པ་ལ། །གསེར་རིས་མིག་མང་བློ་ལས་འདས་ཞིང་འདུས་མ་བྱས་ལྟར་ཚད་བཟུང་བྲལ། །ཞིང་ཡོན་གངྒཱའི་ཀླུང་བྱེ་སྤུང་འདྲའི་བདེ་ཅན་ཞིང་གི་བདག་པོ་ནི། །ཚེ་སྦྱིན་ལྷ་མོར་གུས་པས་བསྟོད་དོ་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། ༥། དེ་དབུས་ཕུན་ཚོགས་དཔག་བསམ་སྡང་པོ་རིན་ཆེན་དབང་གི་རྒྱལ་པོའི་རྩེར། །དྲི་བྲལ་པད་འདབ་གླིང་བཞིའི་ཚལ་ལྟར་ཡོན་ཏན་གཞན་འཕྲུལ་གནས་ཉིད་དུ། །རབ་གཡོས་ཀྱིས་བཏེགས་རིན་ཆེན་ཁྲི་དང་སྣ་ཚོགས་པད་ཟླར་བཞུགས་མཛད་མ། །ཚེ་སྦྱིན་ལྷ་མོར་གུས་པས་བསྟོད་དོ་ཚེ་དང་༴༦། ཐབས་ཀྱི་རང་བཞིན་ཡོངས་སུ་སྨིན་ལས་བཅོམ་ལྡན་འོད་ནི་དཔག་མེད་ཤར། །བདུད་རྩིས་གང་བའི་ལྷུང་བཟེད་འཛིན་ཅིང་མཚན་དཔེའི་གཟི་འབར་དགྱེས་ཞལ་འཛུམ། །མཆོག་གསུམ་ངོ་བོར་དུ་མར་ཤར་ལ་སྐྱབས་བསྙེན་འཇིགས་ལས་སྐྱོབས་མཛད་མ། །ཚེ་སྦྱིན་ལྷ་མོར༴༧། འཕགས་མའི་རྣམ་ཐར་རྗེས་སུ་དྲན་ལས་དེ་ཉིད་ཐོབ་འདོད་ཆགས་སྲེད་དང་། །འཁོར་བའི་སྡུག་བསྔལ་དུག་ཅན་སྦྲུལ་དང་མེ་ཡི་འོབས་ཆེན་ལྟུང་བ་རྣམས། །རྒྱལ་སྲས་ལམ་མཆོག་བཟང་པོར་བགྲོད་པ་ཁྱེད་ཀྱི་ཐུགས་རྗེ་མཐུ་དབང་ཆེ། །ཚེ་སྦྱིན་ལྷ་མོར་གུས་པས་བསྟོད༴༨། ཆུ་ལས་རླབས་བཞིན་རང་གི་གཞི་ལུས་རྗེ་བཙུན་འཕགས་མའི་སྐུར་ཤར་བའི། །ཐུགས་ཀར་བཅུ་དྲུག་གདན་གྱི་སྟེང་ན་སྲོག་སྙིང་རིག་པའི་རྒྱལ་པོ་བརྗིད། །འོད་འཕྲོས་ཚོགས་ཞིང་ཀུན་འགྲོའི་ལམ་དུ་དྭངས་པའི་སེམས་ཀྱིས་དྲང་དེར་ཡང་། །ཚེ་སྦྱིན་ལྷ་མོར༴༩། ལག་སོར་པད་ལྕུགས་གཅིག་ཏུ་བཟླུམས་ནས་འདུད་པའི་ཕྱག་དང་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོར་ཕྲག་པར་དོག་ཅིང་སྡིག་ལྟུང་དགྲ་ལ་སྙིང་རྗེ་ཁྲོས། །འཕགས་དང་སོ་སྐྱེའི་དགེ་ནོར་དཔྲོག་ཅིང་དྷརྨ་ཙཀྲ་བསྐོར་བར་བསྐུལ། །ཚེ་སྦྱིན་ལྷ་མོར༴༡༠། ས་ཡི་གདུ་བུ་དྲི་མ་དང་བྲལ་བསིལ་ལྡན་མ་ཡི་བསྙེལ་བ་རྣམས། །མྱ་ངན་མི་འདའ་བསྐལ་པ་རྒྱ་མཚོར་སྤྲིན་སྐྱེས་ཉིད་དུ་བཞུགས་གསོལ་འདེབས། །དགེ་བ་དེ་རྣམས་ཕ་མར་བསྔོས་པའི་ཚོགས་བསགས་འབུལ་དང་ཆབ་གཅིག་ཏུ། །ཚེ་སྦྱིན་ལྷ་མོར༴༡༡། ཚངས་པའི་གནས་པ་མཆོག་ལ་སྦྱངས་ནས་སྣང་བ་སྔགས་ཀྱི་མེ་ཡི་བསྲེགས། །ལུས་མེད་གསུམ་འདྲེས་རིག་པའི་ཁྱེ་ཆུང་ཞེན་མེད་རང་གྲོལ་ངང་དུ་བཞག །དེའི་ངང་ལས་པྃ་ཡིག་ལས་བྱུང་ཆུ་སྐྱེས་འདབ་བརྒྱད་མཛེས་པ་འཁྲུངས། །ཚེ་སྦྱིན་ལྷ་མོར༴༡༢། ཤར་གྱི་ཐིག་ལེའི་མཎྜལ་སྟེང་དུ་གསལ་བའི་ངོ་བོ་ཏཱྃ་ཡིག་ཤར། །དོན་གཉིས་མཐར་སོན་འབྲས་བུ་ལྷ་མོ་དགེ་སློང་མདངས་ལྡན་ཀམ་ལ་ཤ། བརྒྱད་གཉིས་ལོན་པའི་ཆ་ཤས་རིམ་རྫོགས་མཐའ་མར་སོན་པའི་ཉ་རྒྱས་ཞལ། །ཚེ་སྦྱིན་ལྷ་མོར༴༡༣། ཨུཏྤལ་འཁྲི་ཤིང་ལྟར་དྲང་འཇམ་ལྕུག་རབ་ཏུ་མཉེན་པའི་ཕྱག་གཉིས་ནི། །མཆོག་སྦྱིན་དང་ནི་སྐྱབས་སྦྱིན་མཛད་ལས་འཆི་མེད་རྒྱུན་དང་སྟོབས་བཅུ་རྒྱས། །ཞབས་ཟུང་རྡོ་རྗེའི་མདུད་པ་དམ་བཅིང་དཀར་འཛིན་དག་ནི་མཐོ་ལ་མཁྲིགས། །ཚེ་སྦྱིན་ལྷ་མོར༴༡༤། རུས་པའི་མེ་ཏོག་བཞི་བཅུའི་ཚར་དངར་མཆུ་ནི་བིམ་པ་ལྟར་དམར་ཤིང་། །མཆོག་ཏུ་གཙང་བའི་དྲི་འཛིན་གཟེང་མཐོ་ལྷ་ཡི་སྒྲོན་མེ་ཨུཏྤལ་ལྟར། །ཡན་ལག་དང་པོ་གདུགས་ལྟར་འཁོར་ལ་མི་བཟད་བདེ་ནི་དགྱེས་ཆེ་བ། །ཚེ་སྦྱིན་ལྷ་མོར༴༡༥། གསང་བའི་ཆུ་སྐྱེས་མཆོག་ཏུ་རྒྱས་ལ་སྐུ་སྐེད་ཕྲ་དང་དུང་ལྟར་འཁྱིལ། །དབུ་སྐྲ་མཐོན་མཐིང་བུང་བ་ལྟར་གནག་རལ་པའི་ཅོད་པཎ་ཕྱེད་བཅིང་ཤིང་། །ཕྱེད་ནི་ཐུར་དུ་གྲོལ་བས་མཛེས་པའི་སྐུ་རྒྱབ་ཡང་ནི་མ་ལུས་ཁེབས། །ཚེ་སྦྱིན་ལྷ་མོར༴༡༦། སྐུ་ཡི་དཀྱིལ་འཁོར་ཆུ་ཤིང་ལྟར་དྲང་མཚན་དཔེའི་མེ་ཏོག་རབ་བཀྲ་བ། །ལྷ་ཡི་གོས་དང་པཉྩ་ལི་ཀས་སྟོད་གཡོགས་སྨད་ནི་ལེགས་པར་བཀླུབས། །ནོར་བུའི་ཕྲེང་དང་རིན་ཆེན་རྒྱན་ཆ་ལྷ་རྫས་དར་གྱི་བརྒྱན་པ་མོ། །ཚེ་སྦྱིན་ལྷ་མོར༴༡༧། ཕྱག་ཞབས་མཐིལ་ལ་ཡེ་ཤེས་སྤྱན་བདུན་དྲི་མེད་སྒྲིབ་བྲལ་མཆོག་ཏུ་གསལ། །འགྲོ་ལ་བརྩེ་བའི་ཞལ་རས་འཛུམ་ལ་ཡེ་ཤེས་བདུད་རྩིའི་རྒྱུག་བྱེད་འཚེར། །རལ་ཅན་དང་ནི་མཆེ་བ་དྲུག་པ་སྲེད་མེད་བུ་ཡི་སྟོབས་མངའ་ཤིང་། །ཚེ་སྦྱིན་ལྷ་མོར༴༡༨། རླུང་གི་སྲོག་དང་མརྒད་གཤོག་པ་མགྲིན་པའི་རྫ་རྔ་མིག་མཛེས་བཞིན། །ཀུན་ལ་མཛེས་དང་སྙན་པར་སྒྲོགས་པས་ཡིད་ཀྱི་གདུང་བ་སེལ་མཛད་ཅིང་། །ཚེ་དང་ཡེ་ཤེས་སྦྲང་རྩི་བྱེད་ཀྱི་ཀུ་སུ་མ་ཡི་བཅུད་ཀུན་སྡུད་པ་མོ། །ཚེ་སྦྱིན་ལྷ་མོར་གུས་པས་བསྟོད་དོ༴༡༩། ཉོན་མོངས་དུག་གཞིལ་གསོ་བའི་སྨན་མཆོག་རྣམ་པར་རྒྱལ་བ་ཆེན་པོ་དང་། །ཁྱོད་མཚུངས་དེ་ལས་གཞན་དུ་ཁྱེད་ཟླར་འོས་པ་འཇིག་རྟེན་འདི་ན་དཀོན། །སྐུ་ལས་འཐུལ་བའི་དྲི་བསུང་ཞིམ་པས་ལྷར་བཅས་སྲིད་ན་ཟླ་བྲལ་བ། །ཚེ་སྦྱིན་ལྷ་མོར༴༢༠། ཀྱཻ་མ་བཅོམ་ལྡན་འཕགས་མའི་གནས་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བཞུགས། །ཆོས་ཀྱི་དབྱིངས་དང་ས་སྤྱོད་པོ་ཏཱ་ལ་ནས་རང་འདྲའི་རྗེ་བཙུན་མ། །མདུན་མཁར་སྤྱན་དྲངས་དམ་ཡེ་དབྱེར་མེད་གདོད་ནས་གྲུབ་པའི་འཕགས་མ་ནི། །ཚེ་སྦྱིན་ལྷ་མོར༴༢༡། གདན་གསུམ་ཚང་པའི་དབང་ལྷ་སྤྱན་དྲངས་དབང་བསྐུར་སྤྲིན་གྱི་མེ་ཏོག་ཕབ། །རིགས་ཀྱི་བདག་པོས་ཐོར་ཚུགས་བརྒྱན་བྱས་རིགས་གསུམ་རྗེ་བཙུན་ལ་བསྟིམ་པས། །བཅུ་གསུམ་རྩེ་མོའི་མཐར་སོན་དེ་ལ་མཆོད་དང་བསྟོད་པའི་རྒྱལ་རྔ་སྒྲོགས། །ཚེ་སྦྱིན་ལྷ་མོར༴༢༢། ཨེ་མ་མཁའ་ལ་འཆར་བའི་དབང་པོའི་གཞུ་མིན་བཅོམ་ལྡན་འདས་མ་དེ་ཡི་སྐུ། །བཟུང་བས་མི་ཟིན་རྙོགས་པ་དང་བྲལ་ཆུ་ཟླ་ལྟ་བུའི་སྐུ་འདི་ནི། །ཤེས་རབ་ལྷ་མོ་ཞེས་གྲགས་བདག་གི་ཡིད་ཀྱི་པད་མཚོར་ལྷག་པར་འཐད། །ཚེ་སྦྱིན་ལྷ་མོར༴༢༣། མཛེས་མ་ཁྱོད་ནི་རང་རྒྱུད་མ་ཡིན་ཡེ་ཤེས་སྐུ་ལ་བརྡ་དོན་རྟགས། །ཐབས་ཤེས་ཟུང་འཇུག་ལྷ་ཡི་སྲད་བུ་གཅིག་ཏུ་དབང་པོའི་རྡོ་རྗེས་བསྒྲིལ། །བསིལ་ཟེར་ཅན་གྱི་རྒྱབ་ནས་བརྟེན་བྱས་འོད་ཟེར་འཕྲོ་ལ་བདག་སེམས་ཞུགས། །ཚེ་སྦྱིན་ལྷ་མོར༴༢༤། འཛིན་དང་ཞེན་པའི་གཅོང་རོང་དོག་པོ་ཡ་ངའི་གནས་སུ་མ་ལྷུང་ཞིང་། །གཟུང་དང་འཛིན་པའི་གཉིས་ཚོགས་ནུབ་པའི་རྣམ་མཁྱེན་མཆོག་ལ་རང་དབང་འབྱོར། །རྟག་དང་ཆད་པའི་མཐའ་ལས་བརྒལ་བའི་ངེས་དོན་དབུ་མ་ཆེན་པོར་བཞུགས། །ཚེ་སྦྱིན་ལྷ་མོར༴༢༥། ཐུགས་དབུས་བདུད་རྩིའི་མཚན་ལས་གྲུབ་པའི་འཁོར་ལོ་སྔགས་ཕྲེང་སྒྲ་ལྡན་པ། །དུང་ལྟར་དཀར་བ་གཡས་གཡོན་འཁོར་བའི་ཕྱི་རོལ་རྡོ་རྗེའི་ཕྲེང་སྔོན་པོ། །དེ་རྒྱབ་འབར་བའི་འོད་ཟེར་སྣ་ལྔའི་ཕྲེང་བས་གཡས་ཀྱི་ཕྱོགས་ནས་འཁོར། །ཚེ་སྦྱིན་ལྷ་མོར༴༢༦། རིགས་བདག་མགོན་པོ་སྤྲུལ་པའི་སྐུ་ནི་གློག་བཞིན་ལོངས་སྐུའི་གཟུགས་སྐུ་ནི། །ཁ་བའི་རྡུལ་བརྩེགས་རི་བོའི་སྤོ་ལ་རྒྱ་སྐྱེགས་ཚོན་གྱིས་མཛེས་འདྲ་ཞིང་། །གསེར་གྱི་བུམ་པ་སྲིད་ཞིའི་དྭངས་བཅུད་ཞུ་བའི་ཆུ་རྒྱུན་གྱིས་བཀང་བསྣམ། །ཚེ་སྦྱིན་ལྷ་མོར༴༢༧། ཕྱི་རོལ་ཟླ་བའི་ཚ་ཀྲ་ཁ་སྦྱར་སྦུབས་ཅན་མེ་རི་འབར་ཞིང་འཁྲུགས། །གཡས་སུ་འཁོར་བས་པུ་ལོ་མའི་དགྲ་བྱ་སྒྲོ་མགར་གྱི་སོ་ལམ་དུ། །བབས་པས་དེ་མ་ཐག་ཏུ་བསྲེགས་ནས་རོ་མ་མཐའ་མེད་གནས་སུ་དེངས། །ཚེ་སྦྱིན་ལྷ་མོར༴༢༨། གྲི་མ་སྔགས་ཀྱི་རྒྱལ་པོ་སྲིད་དང་ཞི་བ་ཀུན་གྱི་བྱེད་པོ་ལས། །དགེ་བྱེད་ཀུ་མུད་གཉེན་ནི་སྟོང་ཕྲག་བརྒྱ་པ་དུས་གཅིག་མཁའ་ལ་འཕྲོས། །ལུས་གང་སྒྲིབ་དག་འཁོར་ལོའི་ཕྱི་རོལ་འཁྲིགས་པ་ཡིས་ནི་ཞི་བ་འགྲུབ། །ཚེ་སྦྱིན་ལྷ་མོར༴༢༩། གསེར་ཅན་ལོ་ཧི་ཏ་དང་ནམ་མཁའི་མདངས་ལྡན་མར་གད་ལྗང་གུའི་མདོག །མཆིན་ཁ་རྣམས་ནི་ཕན་ཚུན་འགྲན་བཞིན་ནང་ནས་ཕྱི་རོལ་གུར་དུ་དཀྲིགས། །རྒྱས་དང་དབང་གི་མཆིལ་རྣོན་དང་ནི་དྲག་པོ་མཆོག་གི་ལས་སྒྲུབ་པའི། །ཚེ་སྦྱིན་ལྷ་མོར༴༣༠། སྒོ་ང་ལྟ་བུར་དུམ་གཅིག་གྱུར་པའི་བར་མཚམས་ཨུཏྤལ་གསར་པས་གཏམས། །སྲོག་གི་སྙིང་པོར་བཅུད་སྦ་དེ་ལ་འཆི་མེད་རྒྱལ་པོའི་དབང་བསྐུར་བ། །པདྨ་རཱ་གའི་ལྷུན་པོའི་སྙིང་པོ་འོད་ཟེར་ཕོ་ཉ་བུན་བུན་འཕྲོས། །ཚེ་སྦྱིན་ལྷ་མོར༴༣༡། ཕྱི་སྣོད་ནང་བཅུད་ཚེ་བསོད་ལ་སོགས་ཉེས་ལྟུང་མེད་པའི་ཚུལ་གྱིས་བརྐུས། །ཤོར་བ་མེད་དོ་འོད་ཟེར་ལྔ་ལྡན་བཅོམ་ལྡན་ཕྱག་གི་བུམ་པར་ཞུགས། །ལུས་པ་ཡང་མེད་ལྷོད་ཀྱིས་ལུད་པས་རྣལ་འབྱོར་སྒྲུབ་པོའི་རེ་སྐོང་བ། །ཚེ་སྦྱིན་ལྷ་མོར༴༣༢། མཐར་ནི་ཚེ་བཅུད་འཕོ་མེད་རླུང་གི་སྦྱོར་བས་བརྟན་པར་བྱེད་པའི་རྗེས། །ཟླ་མདངས་འཁོར་ལོ་སྔགས་ཕྲེང་བཅས་ལས་བདུད་རྩི་རྒྱུན་གསུམ་རླབས་ཕྲེང་དང་། །ཆུ་ཡི་འཛུམ་དང་སྐར་མའི་ཕྲེང་བས་ལུས་གང་བ་སྤུའི་སྒོ་ཀུན་བཀག །ཚེ་སྦྱིན་ལྷ་མོར༴༣༣། རིག་སྔགས་རྡོ་རྗེའི་ཡི་གེ་བཅུ་པ་ཛ་ཧཱུའི་བུ་མོའི་རྒྱུན་བཞིན་བཟླ། །གྲུབ་པའི་མཚན་མཐོང་ལས་ལ་སྦྱར་བས་ཕྲིན་ལས་མི་ཟད་མཆོག་སྦྱིན་མ། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྟེར་མཛད་ཨཪྻ་ཏཱ་རེ་གངས་རིའི་མདོག །ཚེ་སྦྱིན་ལྷ་མོར༴༣༤། སྔགས་ཀྱི་བྱིན་བརླབ་བརྟན་པར་བྱས་ནས་ཐུགས་སྲོག་ཏཱྃ་ལས་འོད་འཕྲོས་པས། །སྣོད་བཅུད་ཐམས་ཅད་འོད་དུ་ཞུ་བ་ཕྱི་ནས་རིམ་པར་ཐུགས་སྲོག་བར། །རླུང་གི་ཤིང་རྟ་མཁའ་ལ་རབ་དྭངས་མཁའ་ཡེ་ནོར་བུ་ཡང་མི་མངོན། །ཚེ་སྦྱིན་ལྷ་མོར༴༣༥། སྨྲ་བསམ་བརྗོད་བྲལ་བསམ་མི་ཁྱབ་པའི་ཡེ་ཤེས་ཆེན་པོའི་རོ་མྱང་བའི། །རྗེས་ཐོབ་སྒྱུ་མའི་གར་མཁན་ལྡང་ནས་འགྲོ་བའི་དོན་བསྒྲུབ་ཕུལ་དུ་བྱུང་། །སྣང་གྲགས་རིག་གསུམ་འཕགས་མའི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོར་ཤར། །ཚེ་སྦྱིན་ལྷ་མོར་གུས་པས་བསྟོད་དོ་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། ༣༦། རིམ་གཉིས་ལམ་གྱི་བསྒོམ་པ་ལས་བྱུང་སྨིན་ལྡན་རྩེ་མོའི་མཐར་སོན་པའི། །གཞི་འབྲས་དབྱེར་མེད་རྗེ་བཙུན་མ་ཡི་གསང་གསུམ་ཡོན་ཏན་མཐའ་ཡས་དེ། །སེམས་ལྡན་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་སྒོ་ལ་རབ་ཞུགས་ནས། །ཚེ་སྦྱིན་དཔལ་མོ་གངྒཱའི་ཀླུང་གི་བྱེ་སྙེད་གྲངས་དང་མཉམ་པར་ཤོག༣༧། དེ་ལྟར་རིམ་གཉིས་ལམ་གྱི་རབ་བསྔགས་བསྟོད་པའི་རྒྱུད་མངས་སྦྲེང་བ་ལས། །སྙན་པའི་སྒྲ་དབྱངས་མི་ཟད་རླབས་ཕྲེང་འཕགས་མ་དགྱེས་པའི་ཆུ་གཏེར་འདི། །བསྟན་འཛིན་དམ་པ་སྤྱི་དང་ལྷག་པར་བདག་གི་གཙུག་གི་རྒྱན་རྣམས་ཀྱི། །སྐུ་ཚེ་རི་དབང་ལྷུན་པོ་ལྟར་བརྟན་ཕྲིན་ལས་མཁའ་དང་མཉམ་པར་ཤོག༣༨། འཇིག་རྟེན་འདིར་ཡང་སྣོད་བཅུད་དགེ་བའི་མཚན་མ་བཟང་པོ་བཀྲ་ཤིས་འཛམ་གླིང་མཁའ་ལ་འཆར། །འབྱུང་པོ་ཡིད་སྲུབས་ལྷ་མིན་ཚོགས་ནི་མུན་པ་ལྟར་གྱུར་དཀར་ཕྱོགས་སྐྱོང་བས་རོལ་མོ་བསྒྲགས། །སེམས་དཔའ་ཆེན་པོ་རྒྱལ་བའི་སྲས་ཀྱིས་ཤིས་པ་བརྗོད་ཅིང་མནྡ་ར་ཡི་སིལ་མ་བསྙིལ། །ས་སྟེང་ཀུན་ཏུ་བཀྲ་ཤིས་ཚེ་དང་བསོད་ནམས་དཔལ་འབྱོར་ཡེ་ཤེས་ལྡན་པས་གང་བར་ཤོག༣༩། དེ་ལྟར་ཨཪྻ་ཏ་རེ་ལ། །བསྟོད་པ་དྲི་ཟའི་རྒྱུད་མངས་འདི། །བློ་གསལ་དད་པའི་ཀུནྡ་རྙེད། །མགྲིན་པའི་རྫ་རྔ་བརྡུང་ལས་བྱུང་། །སྐལ་བཟང་རྣམས་ཀྱི་དགའ་བར་མཛོད། །མཁས་པའི་ཚོགས་ཀྱི་དབུ་འཕང་བསྟོད། །ཉེས་འགལ་མ་ལུས་ལྷ་ལ་བཤགས། །བློ་གསལ་རྣ་བའི་རྒྱན་དུ་བྱིན། །དེ་ལྟར་དགེ་བ་ཅན་མ་ཡིད་བཞིན་འཁོར་ལོ་ལ་ལམ་རིམ་དང་མཐུན་པའི་བསྟོད་པ་འཕགས་མ་དགྱེས་པའི་བདུད་རྩིའི་ཆུ་གཏེར་མི་ཟད་རླབས་ཕྲེང་ཞེས་བྱ་བ་འདི་ཡང་ཤཱཀྱ་སེང་གེའི་བསྟན་པ་རྟགས་ཙམ་འཆང་ལ་གཙུག་ལག་ལུང་རིག་ཉི་མ་སྨྲ་བའི་སེང་གེའམ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རང་ལོ་ཉེར་གསུམ་པའི་གུང་དུ་སོན་པ་ཤིང་མོ་ཡོས་ཀྱི་ལོའི་གནམ་ལོ་གསར་དུ་འཆར་བའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོར་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་སྣང་གསལ་མར་མེའི་ངོགས་སུ་ཤར་མར་སྦྱར་བ་འགྲོ་ཀུན་ཚེ་དང་ཡེ་ཤེས་ལ་དབང་འབྱོར་བའི་རྒྱུར་གྱུར་ཅིག །སརྦ་ཛ་ག་ཏི་བྷ་ཝནྟུ། དགེའོ། ། །།
[edit]

sgrol ma dkar mo yid bzhin 'khor lo la bstod pa 'phags ma dgyes pa'i bdud rtsi'i chu gter mi zad rlabs phreng bzhugs so/____/dge ba can ma yid bzhin 'khor lor bstod pa 'phags ma dgyes pa'i zla zhal gsar du ngom pa'i bdud rtsi'i chu gter mi zad rlab phreng zhes bya ba/__rgya gar skad du/__sho b+ha nI tA rA shu kla ma na si ba tsakra sta bAR+Y+YA rA ma tsan+d+ra mu kha na ba tr-i sA mr-i rAn+d+hi nak+Sha yo rmi mA lA nA mA ste/__bod skad du/__'phags ma dgyes pa'i bstod pa bdud rtsi'i chu gter mi zad rlab phreng zhes bya ba/__bla ma dang lhag pa'i lha sgrol ma dkar mo tha mi dad pa la gus pas phyag 'tshal lo/____/'chi bdag bdud bcom mtshan dpe'i dkyil 'khor yongs su rdzogs pa'i sku mnga' zhing /____/yan lag drug cu'i gsung dbyangs dang ldan zhi bsil chos kyi sgra chen sgrogs/____/srid dang zhi ba'i 'ching ba las grol zag pa med pa'i ye shes thugs/____/tshe sbyin lha mor gus pas bstod do tshe dang ye shes dngos grub stsol/__1/__mtha' bzhi la sogs spros pa dang bral rgyal yum shes rab pha rol phyin/____/zab gsal gnyis med 'od gsal chos dbyings rgyal ba kun gyi yum chen mor/____/rjes su chags pas de dang dbyer med tha dad spros pa dang bral ba/____/tshe sbyin lha mor gus pas bstod do tshe dang ye shes dngos grub stsol/__2/__khyod sngon bskal pa du ma'i gong nas nges don dbu mar byang chub kyang /____/gzugs kyi skur bzhengs lha mo'i tshul 'chang gzhon nu 'chi med bdud rtsi can/____/rigs skyes na tshod bcu drug tshul 'chang ring 'tsho'i dpal yon bskyed mdzad ma/____/tshe sbyin lha mor gus pas bstod do tshe dang ye shes dngos grub stsol/__3/__khyod sku mnyen lcugs 'khril bag chags shing dkar dmar mdangs ldan ut+pal la/____/rgyal sras rig 'dzin grub pa'i tshogs rnams dgyes pa'i dri bsung rab 'thul zhing /____/skye rgu'i tsha gdung 'jil bar mdzad nas mi 'jigs bsil grib ster mdzad pa'i/____/tshe sbyin lha mor gus pas bstod do tshe dang ye shes dngos grub stsol/__4/__tha mal snang chos mkha' bzhin stong las baiDUr sa gzhi yangs pa la/____/gser ris mig mang blo las 'das zhing 'dus ma byas ltar tshad bzung bral/____/zhing yon gang+gA'i klung bye spung 'dra'i bde can zhing gi bdag po ni/____/tshe sbyin lha mor gus pas bstod do tshe dang ye shes dngos grub stsol/__5/__de dbus phun tshogs dpag bsam sdang po rin chen dbang gi rgyal po'i rtser/____/dri bral pad 'dab gling bzhi'i tshal ltar yon tan gzhan 'phrul gnas nyid du/____/rab g.yos kyis btegs rin chen khri dang sna tshogs pad zlar bzhugs mdzad ma/____/tshe sbyin lha mor gus pas bstod do tshe dang =6/__thabs kyi rang bzhin yongs su smin las bcom ldan 'od ni dpag med shar/____/bdud rtsis gang ba'i lhung bzed 'dzin cing mtshan dpe'i gzi 'bar dgyes zhal 'dzum/____/mchog gsum ngo bor du mar shar la skyabs bsnyen 'jigs las skyobs mdzad ma/____/tshe sbyin lha mor=7/__'phags ma'i rnam thar rjes su dran las de nyid thob 'dod chags sred dang /____/'khor ba'i sdug bsngal dug can sbrul dang me yi 'obs chen ltung ba rnams/____/rgyal sras lam mchog bzang por bgrod pa khyed kyi thugs rje mthu dbang che/____/tshe sbyin lha mor gus pas bstod=8/__chu las rlabs bzhin rang gi gzhi lus rje btsun 'phags ma'i skur shar ba'i/____/thugs kar bcu drug gdan gyi steng na srog snying rig pa'i rgyal po brjid/____/'od 'phros tshogs zhing kun 'gro'i lam du dwangs pa'i sems kyis drang der yang /____/tshe sbyin lha mor=9/__lag sor pad lcugs gcig tu bzlums nas 'dud pa'i phyag dang mchod sprin ni/____/kun tu bzang por phrag par dog cing sdig ltung dgra la snying rje khros/____/'phags dang so skye'i dge nor dprog cing d+harma tsakra bskor bar bskul/____/tshe sbyin lha mor=10/__sa yi gdu bu dri ma dang bral bsil ldan ma yi bsnyel ba rnams/____/mya ngan mi 'da' bskal pa rgya mtshor sprin skyes nyid du bzhugs gsol 'debs/____/dge ba de rnams pha mar bsngos pa'i tshogs bsags 'bul dang chab gcig tu/____/tshe sbyin lha mor=11/__tshangs pa'i gnas pa mchog la sbyangs nas snang ba sngags kyi me yi bsregs/____/lus med gsum 'dres rig pa'i khye chung zhen med rang grol ngang du bzhag__/de'i ngang las pa~M yig las byung chu skyes 'dab brgyad mdzes pa 'khrungs/____/tshe sbyin lha mor=12/__shar gyi thig le'i maN+Dal steng du gsal ba'i ngo bo tA~M yig shar/____/don gnyis mthar son 'bras bu lha mo dge slong mdangs ldan kam la sha/__brgyad gnyis lon pa'i cha shas rim rdzogs mtha' mar son pa'i nya rgyas zhal/____/tshe sbyin lha mor=13/__ut+pal 'khri shing ltar drang 'jam lcug rab tu mnyen pa'i phyag gnyis ni/____/mchog sbyin dang ni skyabs sbyin mdzad las 'chi med rgyun dang stobs bcu rgyas/____/zhabs zung rdo rje'i mdud pa dam bcing dkar 'dzin dag ni mtho la mkhrigs/____/tshe sbyin lha mor=14/__rus pa'i me tog bzhi bcu'i tshar dngar mchu ni bim pa ltar dmar shing /____/mchog tu gtsang ba'i dri 'dzin gzeng mtho lha yi sgron me ut+pal ltar/____/yan lag dang po gdugs ltar 'khor la mi bzad bde ni dgyes che ba/____/tshe sbyin lha mor=15/__gsang ba'i chu skyes mchog tu rgyas la sku sked phra dang dung ltar 'khyil/____/dbu skra mthon mthing bung ba ltar gnag ral pa'i cod paN phyed bcing shing /____/phyed ni thur du grol bas mdzes pa'i sku rgyab yang ni ma lus khebs/____/tshe sbyin lha mor=16/__sku yi dkyil 'khor chu shing ltar drang mtshan dpe'i me tog rab bkra ba/____/lha yi gos dang pany+tsa li kas stod g.yogs smad ni legs par bklubs/____/nor bu'i phreng dang rin chen rgyan cha lha rdzas dar gyi brgyan pa mo/____/tshe sbyin lha mor=17/__phyag zhabs mthil la ye shes spyan bdun dri med sgrib bral mchog tu gsal/____/'gro la brtse ba'i zhal ras 'dzum la ye shes bdud rtsi'i rgyug byed 'tsher/____/ral can dang ni mche ba drug pa sred med bu yi stobs mnga' shing /____/tshe sbyin lha mor=18/__rlung gi srog dang margad gshog pa mgrin pa'i rdza rnga mig mdzes bzhin/____/kun la mdzes dang snyan par sgrogs pas yid kyi gdung ba sel mdzad cing /____/tshe dang ye shes sbrang rtsi byed kyi ku su ma yi bcud kun sdud pa mo/____/tshe sbyin lha mor gus pas bstod do=19/__nyon mongs dug gzhil gso ba'i sman mchog rnam par rgyal ba chen po dang /____/khyod mtshungs de las gzhan du khyed zlar 'os pa 'jig rten 'di na dkon/____/sku las 'thul ba'i dri bsung zhim pas lhar bcas srid na zla bral ba/____/tshe sbyin lha mor=20/__kyai ma bcom ldan 'phags ma'i gnas gsum rdo rje gsum gyi ngo bor bzhugs/____/chos kyi dbyings dang sa spyod po tA la nas rang 'dra'i rje btsun ma/____/mdun mkhar spyan drangs dam ye dbyer med gdod nas grub pa'i 'phags ma ni/____/tshe sbyin lha mor=21/__gdan gsum tshang pa'i dbang lha spyan drangs dbang bskur sprin gyi me tog phab/____/rigs kyi bdag pos thor tshugs brgyan byas rigs gsum rje btsun la bstim pas/____/bcu gsum rtse mo'i mthar son de la mchod dang bstod pa'i rgyal rnga sgrogs/____/tshe sbyin lha mor=22/__e ma mkha' la 'char ba'i dbang po'i gzhu min bcom ldan 'das ma de yi sku/____/bzung bas mi zin rnyogs pa dang bral chu zla lta bu'i sku 'di ni/____/shes rab lha mo zhes grags bdag gi yid kyi pad mtshor lhag par 'thad/____/tshe sbyin lha mor=23/__mdzes ma khyod ni rang rgyud ma yin ye shes sku la brda don rtags/____/thabs shes zung 'jug lha yi srad bu gcig tu dbang po'i rdo rjes bsgril/____/bsil zer can gyi rgyab nas brten byas 'od zer 'phro la bdag sems zhugs/____/tshe sbyin lha mor=24/__'dzin dang zhen pa'i gcong rong dog po ya nga'i gnas su ma lhung zhing /____/gzung dang 'dzin pa'i gnyis tshogs nub pa'i rnam mkhyen mchog la rang dbang 'byor/____/rtag dang chad pa'i mtha' las brgal ba'i nges don dbu ma chen por bzhugs/____/tshe sbyin lha mor=25/__thugs dbus bdud rtsi'i mtshan las grub pa'i 'khor lo sngags phreng sgra ldan pa/____/dung ltar dkar ba g.yas g.yon 'khor ba'i phyi rol rdo rje'i phreng sngon po/____/de rgyab 'bar ba'i 'od zer sna lnga'i phreng bas g.yas kyi phyogs nas 'khor/____/tshe sbyin lha mor=26/__rigs bdag mgon po sprul pa'i sku ni glog bzhin longs sku'i gzugs sku ni/____/kha ba'i rdul brtsegs ri bo'i spo la rgya skyegs tshon gyis mdzes 'dra zhing /____/gser gyi bum pa srid zhi'i dwangs bcud zhu ba'i chu rgyun gyis bkang bsnam/____/tshe sbyin lha mor=27/__phyi rol zla ba'i tsha kra kha sbyar sbubs can me ri 'bar zhing 'khrugs/____/g.yas su 'khor bas pu lo ma'i dgra bya sgro mgar gyi so lam du/____/babs pas de ma thag tu bsregs nas ro ma mtha' med gnas su dengs/____/tshe sbyin lha mor=28/__gri ma sngags kyi rgyal po srid dang zhi ba kun gyi byed po las/____/dge byed ku mud gnyen ni stong phrag brgya pa dus gcig mkha' la 'phros/____/lus gang sgrib dag 'khor lo'i phyi rol 'khrigs pa yis ni zhi ba 'grub/____/tshe sbyin lha mor=29/__gser can lo hi ta dang nam mkha'i mdangs ldan mar gad ljang gu'i mdog__/mchin kha rnams ni phan tshun 'gran bzhin nang nas phyi rol gur du dkrigs/____/rgyas dang dbang gi mchil rnon dang ni drag po mchog gi las sgrub pa'i/____/tshe sbyin lha mor=30/__sgo nga lta bur dum gcig gyur pa'i bar mtshams ut+pal gsar pas gtams/____/srog gi snying por bcud sba de la 'chi med rgyal po'i dbang bskur ba/____/pad+ma rA ga'i lhun po'i snying po 'od zer pho nya bun bun 'phros/____/tshe sbyin lha mor=31/__phyi snod nang bcud tshe bsod la sogs nyes ltung med pa'i tshul gyis brkus/____/shor ba med do 'od zer lnga ldan bcom ldan phyag gi bum par zhugs/____/lus pa yang med lhod kyis lud pas rnal 'byor sgrub po'i re skong ba/____/tshe sbyin lha mor=32/__mthar ni tshe bcud 'pho med rlung gi sbyor bas brtan par byed pa'i rjes/____/zla mdangs 'khor lo sngags phreng bcas las bdud rtsi rgyun gsum rlabs phreng dang /____/chu yi 'dzum dang skar ma'i phreng bas lus gang ba spu'i sgo kun bkag__/tshe sbyin lha mor=33/__rig sngags rdo rje'i yi ge bcu pa dza hU'i bu mo'i rgyun bzhin bzla/____/grub pa'i mtshan mthong las la sbyar bas phrin las mi zad mchog sbyin ma/____/tshe bsod dpal 'byor ye shes ster mdzad aR+Ya tA re gangs ri'i mdog__/tshe sbyin lha mor=34/__sngags kyi byin brlab brtan par byas nas thugs srog tA~M las 'od 'phros pas/____/snod bcud thams cad 'od du zhu ba phyi nas rim par thugs srog bar/____/rlung gi shing rta mkha' la rab dwangs mkha' ye nor bu yang mi mngon/____/tshe sbyin lha mor=35/__smra bsam brjod bral bsam mi khyab pa'i ye shes chen po'i ro myang ba'i/____/rjes thob sgyu ma'i gar mkhan ldang nas 'gro ba'i don bsgrub phul du byung /____/snang grags rig gsum 'phags ma'i gsang gsum mi zad rgyan gyi 'khor lor shar/____/tshe sbyin lha mor gus pas bstod do tshe dang ye shes dngos grub stsol/__36/__rim gnyis lam gyi bsgom pa las byung smin ldan rtse mo'i mthar son pa'i/____/gzhi 'bras dbyer med rje btsun ma yi gsang gsum yon tan mtha' yas de/____/sems ldan rnams kyi lus dang ngag dang yid kyi sgo la rab zhugs nas/____/tshe sbyin dpal mo gang+gA'i klung gi bye snyed grangs dang mnyam par shog37/__de ltar rim gnyis lam gyi rab bsngags bstod pa'i rgyud mangs sbreng ba las/____/snyan pa'i sgra dbyangs mi zad rlabs phreng 'phags ma dgyes pa'i chu gter 'di/____/bstan 'dzin dam pa spyi dang lhag par bdag gi gtsug gi rgyan rnams kyi/____/sku tshe ri dbang lhun po ltar brtan phrin las mkha' dang mnyam par shog38/__'jig rten 'dir yang snod bcud dge ba'i mtshan ma bzang po bkra shis 'dzam gling mkha' la 'char/____/'byung po yid srubs lha min tshogs ni mun pa ltar gyur dkar phyogs skyong bas rol mo bsgrags/____/sems dpa' chen po rgyal ba'i sras kyis shis pa brjod cing man+da ra yi sil ma bsnyil/____/sa steng kun tu bkra shis tshe dang bsod nams dpal 'byor ye shes ldan pas gang bar shog39/__de ltar aR+Ya ta re la/____/bstod pa dri za'i rgyud mangs 'di/____/blo gsal dad pa'i kun+da rnyed/____/mgrin pa'i rdza rnga brdung las byung /____/skal bzang rnams kyi dga' bar mdzod/____/mkhas pa'i tshogs kyi dbu 'phang bstod/____/nyes 'gal ma lus lha la bshags/____/blo gsal rna ba'i rgyan du byin/____/de ltar dge ba can ma yid bzhin 'khor lo la lam rim dang mthun pa'i bstod pa 'phags ma dgyes pa'i bdud rtsi'i chu gter mi zad rlabs phreng zhes bya ba 'di yang shAkya seng ge'i bstan pa rtags tsam 'chang la gtsug lag lung rig nyi ma smra ba'i seng ge'am 'jam dbyangs chos kyi blo gros pas rang lo nyer gsum pa'i gung du son pa shing mo yos kyi lo'i gnam lo gsar du 'char ba'i dkar phyogs kyi rdzogs pa dang por rdzong sar bkra shis lha rtse'i chos grwa chen por snang gsal mar me'i ngogs su shar mar sbyar ba 'gro kun tshe dang ye shes la dbang 'byor ba'i rgyur gyur cig__/sarba dza ga ti b+ha wan+tu/__dge'o/__/____//__

Footnotes

Other Information