འདོན་སྒྲིགས།

From Khyentse Lineage - A Tsadra Foundation Project
DKYD-KABUM-06-CHA-013
Wylie title 'don sgrigs
Location mdo mkhyen brtse bka' 'bum
Volume 6, Text 13, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation
Genre Liturgy - ngag 'don
Cycle གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ (gsang sgrub thugs rje chen po sdug bsngal rang grol)
Parent Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity thugs rje chen po
Colophon

་འདི་ནི་རྡོ་གྲུབ་གནས་འདྲེན་ལ་མདོ་མཁྱེན་བརྩེས་ཁ་སྐོང་མཛད་པ་དེ་ཉིད་འདོན་སྒྲིགས་ཡིན།

'di ni rdo grub gnas 'dren la mdo mkhyen brtses kha skong mdzad pa de nyid 'don sgrigs yin/

[edit]
༄༅། །གང་གི་བྱིན་རླབས་བདུད་རྩིའི་སྤྲིན་དཀར་གྱིས་སྲིད་ཁམས་འགྲོ་བའི་ཚ་གདུང་ཡོངས་བཅིལ་ཏི། ཕན་བདེའི་གྲུ་ཆར་འདོད་དགུར་འཇོ་བའི་དཔྱིད། འདྲེན་པ་མཚུངས་མེད་དཔལ་ལྡན་བླ་མར་འདུད། །དེ་ལ་འདིར་གསང་སྒྲུབས་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་དང་འབྲེལབའི་གནས་འདྲེན་མཁྱེན་བརྩེའི་སྒར་ལུགས་ལྟར་བྱེད་པ་ལ། བདག་དང་འགྲོ་བ་ནམ་མཁའི༴ སོགས དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས༴ དམ་པའི་ཆོས༴ འཕགས་པའི་དགེ་འདུན༴ ཡི་དམ༴ དཔའ་བོ༴ ནམ་མཁའ༴ སངས་རྒྱས་ཆོས༴ བདག་དང་༴ སེམས་ཅན་ཐམས་ཅད་༴ བདག་དང་འགྲོ་ལ་ཐུགས༴ སོགས དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ༴ ས་གཞི་སྤོས་ཆུ༴ སོགས སྟོན་པ༴ སངས་རྒྱས་ཡོན་ཏན༴ སོགས རྣམ་དག་ཞིང་དུ་སྐྱེ་བར་ཤོག །ལྟུང་བཤགས། དང་པོ་ཧཱུྃ་ཨོ་རྒྱན་ཡུལ༴ ཧཱུཾ་ཧཱུཾ་ཧཱུཾ་ རྗེ་བཙུན་ཆེན་པོ༴ རང་ལུས་འཛིན་མེད༴ སྤྲོས་བྲལ་ཆོས་ཀྱི༴ ཆོས་སྐུ་ཀུན་དུ༴ ཨེ་མ་ཧོ་མཚོ་དབུས༴ སོགས༴ ནས་བར་ཆད་ལམ་སེལ་ཆུང་བའི་མཇུག་ཏུ་སངས་རྒྱས་ཀུན༴ སྐྱེ་བར་ཤོག་རྒྱས་པར་སྤྲོ་ན་རྣམ་ཀུན་མཆོག་ལྡན་སོགས༴ གསོལ་འདེབས་ཐམས་ཅད་དོན་བསྡུ་ན་ཀུན་བཟང་རྡོར་སེམས༴ མནོལ་བསང་རྒྱས་བསྡུས་གང་རུང་མཐར་རང་གཞུང་ལྟར་གསོལ་འདེབས་ན་མོ་ལོ་ཉི་ཤྭ་ར་ཡ། རིག་སྟོང༴ སྐྱེ་བར་ཤོག་སྤྲོ་ན་མཆོད་རྫས་བྱིན་རླབས་རྒྱས་པ་དང༌། བསྡུ་ན་ཧཱུཾ་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་སོགས་སམ ཨོཾ་མ་ཧ་བཛྲ་ཧཱུཾ ཨོཾ་བཛྲ་གཎྜེ་ཧོ༴ ཨོཾ་སརྦ་ཏ་ཐ་ག་ཏ་མ་ཧ་ཨ་ནུ་ར་ག་ན་བཛྲ་སྭ་བྷ་ཝ་ཨརྨ་ཀོ྅་ཧཾ། རང་གི་སྙིང་གའི་ཧཱུཾ་གི༴ ན་མོ་མཐའ་མེད་འཁོར༴ སོགས ལན་གསུམ ཧོ ཕ་མ་རིགས༴ ཧོ དུས་གསུམ་བཞུགས་པའི༴ ཛ་ཧཱུཾ་བམ་ཧོ ཚོགས་ཞིང་རྣམས༴ རང་ཉིད་འཕགས་པ་སྤྱན་གཟིགས་སུ་སོགས ཚངས་པ་བརྒྱ་བྱིན༴ ཡུལ་ལྷ་གཞི་བདག༴ ཀུན་འགྲུབ་ཤོག༴ ཨོཾ་བཛྲ་ཀྲོ་ཏ༴ ཨོཾ་སྭ་བྷ༴ སྟོང་པ་ཉིད་དུ་གྱུར༴ ཨོཾ་སརྦ་བྷུ་ཏ་ཨ་ཀར་ཤ་ཡ་ཛ༴ དེ་བཞིན་གཤེགས་པ་རིན་ཆེན་མང་༴ ན་མ་སརྦ་ཏ་ཐ་ག་ཏ་ཨ་ཝ༴ ཧྲི ང་ནི་པདྨ༴ ཨོཾ་སུམ་བྷ༴ ཧྲི་ སྣང་སྲིད་ཐམས་ཅད༴ འཕཊ་ཧཱུཾ སྟོང་ཉིད་དབྱིངས་ལས༴ མཆོད་རྫས་བྱིན་རླབས་ནི། ཨོཾ་ཨ་ཧཱུཾ། ཕྱི་ནང་གསང་བའི༴ ཧྲི་ཆོས་ཀུན་མི་དམིགས༴ ཧྲི་ ནུབ་ཕྱོགས་བདེ་ཆེན༴ ཧྲི་ དམིགས་མེད་རང་གྲོལ༴ ཧྲི བཅོམ་ལྡན་ཐུགས་རྗེ༴ ཧྲི ཀུན་དུ་བཟང་པོའི༴ ཧྲི་ ཁྱད་པར་རྨད༴ ཧྲི་ཆོས་དབྱིངས་སྤྲོས༴ དེ་ནས་འཛབ་ནི རང་ཉིད་ཐུགས་རྗེ་ཆེན་པོའི༴ རིགས་བཞི་གཤམ་འདོག་བཅས་ཚར་འཕྲལ་མདུན་བསྐྱེད་རྣམ་བུམ་ལ་དམིགས་ནས བདག་ལས་མདུན་བསྐྱེད་བུམ༴ གཅིག་གྱུར་རྩ་སྔགས་ཀྱི་ནུས་ལྡན་དུ་བསྒྲུབ་བདག་ཐུགས་འོད་ཀྱིས་མདུན༴ རྩ་སྔགས་ཡིག་བརྒྱ་ངན་སོང་སྦྱོངས་བའི་སྔགས ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ༴ ཨོཾ་ཀཾ་ཀ༴སོགས་དང་ སྡིག་སྒྲིབ་ཀུན་འཇོམས་གཟུང་སྔགས་བཟླས་མཐར་ཨོཾ་དུ་ད་ཧ༴ ཨོཾ་པྲེ་པ་ཙ༴ ཨོཾ་ཏྲི་མ་ཐ༴ ཨོཾ་སུ་པ་ར༴ ཨོཾ་ཨ་ས༴ ཨོཾ་བྲི་ས༴ བརྒྱའམ་ཉེར་གཅིག་གམ་བདུན་སོགས་བཟླས་ལ་ཕྱེ་མ་བསྔགས། རེ་ཞིང་ཆགས་པ་འདི་ཉིད་ཀྱི། སེམས་རྒྱུད༴ སོགས། མཐར་ཁྲུས་བུམ་ལ་དམིགས་ནས ཨོཾ་སྭ་བྷ༴ སྟོང་པའི་ངང་ལས༴ ཛ་ཧཱུཾ་བམ་ཧོ ཨོཾ་ཨ་ཧཱུཾ ཨོཾ་བཛྲ༴ སོགས། རིགས་ལྔའི་དབང་རྒྱ་བཅས་སོང་འཕྲལ་དབང་ལྷ་ཡབ་ཡུམ༴ སོགས་ནས་གྱུར། མེ་ཏོག་དམ་པ༴ བསྟོད་པར་འོས༴ སྙིང་གའི་འོད་ཟེར༴ པར་བསམ ཏྲཾ་ཨ་གརྦྷ་ཡ་སརྦ་དུར་རྒ་ཏེ་སརྦ་ས་བམ་ཤཾནྟ་ཀུ་རུ་ཡེ་སྭ་ཧ ཞེས་ཅི་ནུས་བཟླས་ལ་བསྒྲུབས་སོ་ཨ་ཨཱཿ དབྱངས་གསལ་རྟེན་སྙིང་མཐར་འཕགས་པ་འཇམ་དཔལ༴ ཇི་སྙེད་སུ་དག༴ སོགས་ནས། རི་ཆེན་པོ་བསྔོ། གཞུང་གི་མཆོད་བསྟོད་རྗེས་སུ་བསྟོད་པར་འོས༴ ཨོཾ་ཨ་ཧཱུཾ དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ༴ ཨོཾ་བཛྲ་ས་མ་ཡ་ཨོཾ༴ སོགས། ཨོཾ ཡེ་ཤེས་རྒྱལ༴ ཨོཾ་བཛྲ༴ རྡོ་རྗེ་ཡེ་ཤེས༴ སར་ཡིག་བརྒྱ་ཚར་གཅིག་འདོན རྒྱས་པར་སྤྲོ་ན་ཚོགས་འདོན དེ་ཡང་ན་རག་བསྐང་བཤགས་ཡེ་ཤེས་སྐུ་མཆོག་གམ་ཡང་ན། དུས་གསུམ་བདེ་གཤེགས་དབང་གཞི་ཐོབ་དང་པོ་གང་རུང་མཐར ཧཱུཾ་ བདག་ཉིད་ཐུག་ལས༴ སོགས་ནས་ཚོགས་སྤྱིན་ཕུད་བཤགས་བསྒྲལ་བ་བཅས་སོགས་རྗེས་ན་མ་སརྦ་ཏ་ཐ། ཧྲི། ནུབ་ཕྱོགས་བདེ་བ༴ རང་གཞུང་བསྐང་བ་སོགས་མཐར ཚོགས་དྲངས དེ་ནས་གནས་འདྲེན་མགོར ལྟུང་བཤགས་ཚར་གསུམ་སོང་རྗེས ཨོཾ་སྭ་བྷ་ཝ༴ སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན། ཧྲི། བདག་ཉིད་ཐུགས་རྗེ༴ ན་མོ མཆོག་སུམ་རྩ་གསུམ༴ ཁུག་ཨོཾ་མ་ཎི༴ རེ་ཞིང་ཆགས་པ་ཨཾ་ཀུ་ཤ་ཡ་ཛ་ཛ། ཧྲི།འདིར་སྣང་ལས་ཐལ༴ ཏིསྠ་ལྷན་དེ་ནས་གཤེད་དང་ལྕག་བསྐྲད་ཕྱི་བགེགས་གཏོར་བྱིན་རླབས་ནི་ཨོཾ་བཛྲ་ཀྲོ་ཏ་ཧྱ༈ ཨོཾ་སྭ་བྷ་ཝ༴ སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལ་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་ཞུ་བ་ལས་ལན་ཆགས་བགེགས་ཀྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་ལྡན་པར་གྱུར་ཨོཾ་ཨ་ཧཱུྃ་གསུམ། རེ་ཞིང་ཆགས་པ་འདི་ཉིད་ལ༴ སོགས་ནས་འདིར་འདུས་ཤིག་ཨོཾ་སརྦ་བྷུ་ཏ༴ ཨོཾ་སརྦ་བྷིགྷ་ནན༴ ཁཾ་སྭ་ཧ་ལན་གསུམ ཨོཾ་སུམ་བྷ་ནི་སུམ༴ ལན་གསུམ། ན་མོ རྗེ་བཙུན་རྩ་བ་དང་༴ འགྱུར་རོ ཧྲི། འཁོར་བ་འཁོར་ཚེ༴ དེངས་ཤིག་ཨོཾ་སུམ་བྷ༴ ཨོཾ་བཛྲ་མ་ཧ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀི་ལི་ཀཱི་ལ་ཡ་མ་ཧ་ཡཀྴ་ཀ་ལ་རུ་པ་ཀརྨ་རམ་རམ་ཛྭ་ལ་རམ་ཧཱུཾ་ཕཊ་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་ཨུ་ཙ་ཏ་ཡ་མ་ར་ཡ་ཕཊ། ཧྲི། སྣང་སྲིད་ཐམས་ཅད་རྡོ་རྗེའི༴ བཛྲ་རཀྵ་རཀྵ་ཧཱུཾ། ཧོ །སྐྱབས་གནས་ཀུན་འདུས༴ །སོགས །ལན་གསུམ །ཧཱུཾ །ཉོན་ཅིག་དམིགས་ཡུལ༴ གང་འདིར་བཅོམ་ལྡན༴ སོགས། ཁྲུས་གསོལ་རྒྱས་བསྡུས་གང་མཚམས་གྲུབ་རྗེས༴ ཧཱུཾ། འདི་ནི་བྱམས་དང་༴ ཨོཾ་མ་ཎི༴ ཏྲཾ་ཨ་གརྦྷ་ཡ་སརྦ་དུརྒ་ཏེ་སརྦ་བམ༴ དམིགས་ཡུལ་གྱི་ཚེ་འཁོར༴ ཤུདྡྷེ་སྭ་ཧ༴ འདི་ནི་ལྷུན་གྲུབ༴ ཨོཾ་མ༴ ཏྲཾ་ཨ་གརྦྷ༴ ཨོཾ་ཧཱུཾ་ཏྲཾ༴ དམིགས་ཡུལ༴ སྭ་ཧ། འདི་ནི་ཀ་དག༴ ཨོཾ་མ་ཎི༴ ཏྲཾ་ཨ་གརྒྷ༴ བྷུདྡྷ་ཛྙ༴ དམིགས་ཡུལ་གྱི༴ སྭ་ཧ། དུག་དབྱུང་བ་ནི། ས་ནི་དུག༴ ཆུ་ནི་དུག༴ མེ་ནི་དུག་གི༴ རླུང་ནི་དུག་གི་ཕ༴ མུམ་ལམ་མུམ་སམ་ཏམ། རེ་ཞིང་ཆགས་པའི་འབྱུང་༴ སྭ་ཧ འདོད་ཆགས་ཞེ༴ སོགས །སྟོང་གྱུར་ཅིག ཨོཾ་མ་ཎི༴ ཏྲཾ་ཨ་གརྦྷ༴ སོགས སྡིག་སྒྲིབ་ཀུན་འཇོམས། གཟུངས་སྔགས་མཐར་ཨོཾ་དུ་ད་ཧ༴ པྲེ་པ༴ དྲི་མ་ཐ༴ ཨོཾ་སུ་པ༴ ཨོཾ་ཨ་ས༴ ཨོཾ་ནྲིས༴ ཨོཾ་བཛྲ་ས་ཏྭ་ཧཱུཾ ཨོཾ་བཛྲ་སཏྭ་ས་མ༴ ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ༴ ན་མོ་རརྣ་ཏྲ་ཡ་ཡ་ཨོཾ་ཀཾ་ཀ༴ དམིགས་ཡུལ་གྱི་ལུས༴ སྭ་ཧ་ཕྱེ་སྔགས་ཀྱིས་བྲབ་ལ་རེ་ཞིང་ཆགས་པ་འདི་ཉིད༴ སོང་ནས་ཐོབ་པར་ཤོག །དེ་ནས་གནས་ནས་འདྲེན་པ་ནི། ཧྲི་ང་ནི་འཕགས༴ ཀྱེ་བདག་སོགས༴ ཨ་ལོ་ཀེ་པུ་ཙ་ཧོ། རཾ་ཡཾ་ཁཾ༴ སྟོང་པའི་ངང་ལ་རིན་པོ་ཆེའི་སྣོད་དུ་འབྲུ་གསུམ་ཞུ་བ་ལས་བྱུང་བའི་གཏོར་མ་རིགས་དྲུག་སོ་སོའི་ཡིད་དང་མཐུན་པའི་ཁ་ཏོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨ་ཧཱུཾ། ཨོཾ་ཨ་ཀ་རོ༴ ཧཱུཾ་འདོད་པའི་ཡོན་ཏན༴ ན་མ་སརྦ་ཏ་ཐ་ག་ཏ་ཨ་ཝ༴ འོད་དཔག་མེད༴ སོགས་ཀྱི་ཁྲུས་བྱ་ཞིང་དབང་བསྐུར་བ་ནི། ཞེ་སྡང་རྣམ་དག༴ ཧཱུཾ ཉོན་ཅིག་དམིགས་ཡུལ༴ མཚན་བྱང་གནས་སྤར་ཞིང་ཞེ་སྡང་མཚུངས་ལྡན་གྱི་རང་གཟུགས་དམྱལ་བའི་འཁོར་བ་དོང་ནས་སྤྲུགས་པར་གྱུར། ཧྲི་ང་ནི༴ ཀྱེ་བདག་ནི༴ ཨ་ལོ་ཀེ༴ ཨོཾ་ཨ༴ ཧཱུཾ་འདོད༴ སོ་བྷ་ར་ཧཱུཾ༴ འཕགས་མ་སྒྲོན་མའི༴ སོགས་ཀྱིས་ཁྲུས་བྱ་ཧཱུཾ འདོད་ཆགས་རྣམ་དག༴ ཧཱུཾ ཉོན་ཅིག༴ མཚན་བྱང་གནས་སྤར་ཞིང་སེར་སྣ་མཚུངས་ལྡན་གྱི་རང་གཟུགས་ཡི་དྭགས་ཀྱི་འཁོར་བ་དོང་ནས་སྤྲུགས་པར་གྱུར༴ ཧྲི་ང་ནི་འཕགས༴ ཀྱེ་བདག་ནི༴ ན་མོ་ན་མ་ཧཱུཾ ཨ་ལོ་ཀེ༴ ཧཱུཾ་འདོད་པའི་ཡོན་ཏན༴ སམ་བྷ་ར་ཧཱུཾ་ འོད་ཟེར་ཅན་མའི༴ སྭ་ཧ་ ཧཱུྃ་གཏི་མུག་རྣམ་དག༴ ཧཱུཾ་ ཉོན་ཅིག༴ ཤོག་གཏི་མུག་མཚུངས་ལྡན་གྱི་རང་གཟུགས་བྱོལ་སོང་གི་འཁོར་བ་དོང་ནས་སྤྲུགས་པར་གྱུར། ཧྲི་ང་ནི༴ ཀྱེ་བདག༴ ཨ་ལོ་ཀེ༴ ཧཱུཾ་འདོད་པའི༴ རིག་བྱེད་དབང་མོའི༴ སོགས་ཀྱིས་ཁྲུས་བྱ་ཞིང༌། ཧཱུཾ་ཕྲག་དོག་རྣམ༴ ཧཱུཾ ཉོན་ཅིག༴ ཕྲག་དོག་མཚུངས་ལྡན་གྱི་རང་གཟུགས་ལྷ་མིན་གྱི་འཁོར་བ་དོང་ནས་སྤྲུགས་པར་གྱུར། ཧྲི་ང་ནི༴ ཀྱེ་བདག་ནི༴ ཨ་ལོ༴ ཧཱུཾ། འདོད་པའི༴ སམ་བྷ་ར་ཧཱུཾ ནོར་རྒྱུན་མ་ཡི༴ སོགས་ཀྱིས་ཁྲུས་བྱ་ཞིང་ ཧཱུཾ་ང་རྒྱལ་རྣམ༴ ཧཱུཾ ཉོན་ཅིག༴ ང་རྒྱལ་མཚུངས་ལྡན་གྱི་རང་གཟུགས་ལྷའི་འཁོར་བ་དོང་ནས་སྤྲུ་པར་གྱུར། ཧྲི་ང་ནི༴ ཀྱེ་བདག་ནི༴ ན་མོ་ན་མ་ཧཱུཾ། ཨ་ལོ་ཀེ་པུ་ཙ་ཧོ། ཧཱུཾ་འདོད་པའི༴ སམ་ར་ཧཱུཾ སྤྱན་རས་གཟིགས་ཀྱི༴ ཨོཾ་མ་ཎི༴ ཏྲཾ་ཨ༴ སོགས་ཀྱིས་ཁྲུས་བྱ་ཞིང༌། ཧཱུཾ། འདོད་ཆགས་རྣམ་དག༴ སོགས་་ཀྱི་དབང་བསྐུར་ཞིང༌། ཧཱུཾ ཉོན་ཅིག་དམིགས་ཡུལ༴ མཚན་བྱང་གནས་སྤར་དུ་འདོད་ཆགས་མཚུངས་ལྡན་གྱི་རང་གཟུགས་མི་ཡི་འཁོར་བ་དོང་ནས་སྤྲུགས་པར་གྱུར། ས་གཞི་སྤོས་ཆུའི༴ སོགས་ཀྱིས་མཎྜལ་ཕུལ་རྗེས །སྔོན་ཆད་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དཀྱིལ་འཁོར་དུ་མ་ཞུགས་པའམ་ཞུགས་ཀྱང་བསྐྱར་ནས་འཇུག་པའི་ཕྱིར་གདོང་རས་དམར་པོ་རེ་བཅིངས་མཛོད །ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭ་ཧ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བའི་ཕྱག་རྟེན་གྱི་སླད་དུ་མེ་ཏོག་ཨུ་ཏུམ་ཝ་རའི་ཕོ་བྲང་བ་རེ་སྦྱིན་པའི་མོས་པ་མཛོད། ཨོཾ་ཨ་ཁཾ་ཝི་ར་ཧཱུཾ་ཞེས་མེ་ཏོག་གཏད་ལ་གསོལ་བ་འདེབས་ནི །ཧོ་རང་སྣང་རྣམ་དག༴ གསོལ་ ན་མོ་མཆོག་གསུམ་རྩ་གསུམ༴ བསྔོ་ལན་གསུམ། ཧཱུཾ་དོན་གྱི་འོག་མིན༴ བྷྲུཾ་པྲ་ཝེ་ཤ་ཡ་ཕཊ་དཀྱིལ་འཁོར་གྱི་སྒོ་བཞི་ཤགས་ཀྱིས་ཕྱེས་པར་བསམ་ལ། དམིགས་ཡུལ་དལ་གྱི་ཤར་སྒོར་དབང་སྟེང་པདྨ་འདབ་བརྒྱད་ལ་འཁོད་པར་བསམ། ཧོ་ཕྱོགས་བཅུའི་རྒྱལ༴ ཡོངས་སུ་བཟུང་ཞེས་ལན་གསུམ་གཤིན་པོས་བརྗོད་པར་བསམ་དེ་ནས་བྱིན་དབབ་པ་ནི། གཙོ་བོའི་ཐུགས་ཀའི༴ གཅིག་གྱུར་ཨོཾ་མ་ཎི༴ ཨརྱ་ལོ་ཀྭི་ཤྭ་ར༴ སོགས་མཐར་དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་རྣམས་བརྟན་པར་གྱུར་རིག །ཏིས྄ཋ་བཛྲ་ཧཱུཾ། རྟེན་འབྲེལ་རྫས་ཀྱི༴ ཙ་ཧོ་ཞེས་མེ་ཏོག་དོར། ཧཱུཾ་མིག་དར་མ་རིག༴ ཡ་ཕཊ་ཅེས་མིག་དར་བསལ་ལ་ལྷ་ཞལ་བསྟན་པ་ནི། ཧཱུཾ་ཉོན་ཅིག་སྐལ་ལྡན༴ ཨ་ཨ་ཨཱ་ཞེས་དེས་དོན་གྱི་དཀྱིལ་འཁོར་ངོ་སྤྲོད་ལ་དེ་ནས་སྐུ་བུམ་པའི་དབང་བསྐུར་བ་ནི་བུམ་པ་སྤྱི་བོར་བཞག་ལ། ཧཱུཾ། ཕྱི་ལྟར་བུམ་པ༴ སྨིན་པར་ཤོག ཨོཾ་མ་ཎི༴ ཀཱ་ཡ་ཨ་བྷི༴ སྤྲོ་ན་ལྷ་དབང་ཡོངས་རྫོགས་སྐུར་དེ་ནས་གསུང་སྔགས་ཀྱི་དབང་བསྐུར་བ་ནི་སྔགས་བྱང་མགྲིན་པར་བཞག་ལ་ ཧཱུཾ་ཕྱི་ལྟར་ས་ཆུ༴ རྩ་སྔགས་གཤམ་གཤམ་ཝཀྐ་ཨ་བྷི༔ ཐུགས་མེ་ལོངས་སམ་དྭངས་ཤེལ་གྱི་དབང་བསྐུར་བ་ལ་མེ་ལོང་སྙིང་གར་བཞག་ལ༔ ཧཱུཾ་མེ་ལོང་དྭགས་གསལ༴ སྨིན་པར་ཤོག་ཙིཏྟ་ཨ༴ དེ་ནས་དངོས་གཞིའི་དབང་རྣམས་སོང་ནས་མཐའ་རྟེན་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་རྟགས་གྱི་དབང་བསྐུར་བ་ནི། ཧཱུཾ རྒྱ་སྲིད་རིན་ཆེན་སྣ༴ གདུག་དང་གསེར་ཉ༴ སྒྲུབས་རྫས་ཡུངས་དཀར༴ ཡང་ན་ཧཱུཾ། སྔོན་ཚེ་སྟོན་པའི་བྱིན་རླབས །རྫས་མཆོག་བརྒྱད། རྒྱལ་བའི་མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས། བསོད་ནམས་མཐུ་ལས་གྲུབ་པའི་རྒྱ་སྲིད་བདུན། དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། བཀྲ་ཤིས་བདེ་གཤེགས་ཕུན་སུམ་ཚོགས་པར་ཤོག་འོ་རིགས་ཀྱི་བུ་ཁྱོད་ལ་རིན་ཆེན་བཀྲ་ཤིས་རྫས་རྟགས་ཀྱི་དབང་བསྐུར་བས་རྒྱལ་པོ་རྒྱལ་སར་བཏོན་པས༴ གཏང་རིག་གི་མཎྜལ་ཕུལ་རྗེས། འདོད་ཡོན་བསྔོ་བ་ནི། བཛྲ་ཨམྲྀ་ཏ༴ ཨོཾ་སྭ་བྷ༴ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འདོད་ཡོན་གྱི་དངོས་པོ་གཟུགས་བཟང་བ་སྒྲ་སྙན་པ་དྲི་ཞིམ་པ་རོ་མངར་བ་རེག་བྱ་འཇམ་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་སརྦ་བིར་སུ༴ མདུན་དུ་རིན་ཆེན༴ ན་མ་སརྦ༴ སོགས་ནམ་མཁའ་མདོ་སྔགས་ལན་གསུམ་གྱིས་སྤེལ་སྤྲོ་ན་མཁའ་མཉམ་ཞིང་ན༴ ཧཱུཾ་ཞལ་ཟས་རོ་བརྒྱ༴ ན་མ་སརྦ་ཏ་ཐ་ག་ཏ་རུ་པ་ཤནྟ༴ ཙ་ཧོ་ཧཱུཾ་ཁ་ཟས་རོ༴ ཀྱེ་མ་དམིགས་ཡུལ༴ ཧྲི་ནོར་གྱི་ནོར༴ ལོངས་སྤྱོད་ཤོག་ཨོཾ་ཨ་ཧཱུཾ་ཁྱད་པར་དུ་འགྲོ་བ་རིགས་དྲུག༴ བགྲོད་ནུས་པར་གྱུར་ཅིག་ཐམས་ཅད་ནམ་མཁའ༴ དེ་ནས་ཡོན་ཏན་འབུལ་ནི། ཧོ །དམིགས་ཡུལ་བག་ཆགས༴ ཐོབ་ཤོག་དེ་ནས་སྒྲོན་མེ་གཏད་པ་ནི་ཨོཾ་བཛྲ་ཨ་ལོ༴ ཧཱུཾ་ཡེ་ཤེས་ལྔ་ལྡན༴ མཐོང་ཤོག་དེ་ནས་སྤར་བ་ནི་དམིགས་ཡུལ་བུ་ཁྱོད༴ སོགས་ནས་སེམས་མཆོག་བསྐྱེད་རྒྱས་པར་སྤྲོ་ན་རྡོ་གྲུབ་གསུང་བར་དོའི་ངོ་སྤྲོད་དང་འཕོ་བ་མཁའ་སྤྱོད་མ་སོགས་དང་མིན་ཀྱང་འོད་དཔག་མེད་ཀྱི་མཚན་ལན་གསུམ་གསུང་སྲོལ་ཡོད་དེ་ནས་འདི་ནས་ནུབ་ཀྱི༴ སར་གྱུར་ཧྲི་ལྔ་དང་ཕཊ་གསུམ་བརྒྱུད་ཀྱིས་འཕང་པོ། འོད་དཔག་མེད་ཀྱི་ཐུགས་ཀློང་ནང་གསལ་སྐུ་གསུམ་གྱི་ཀློང་དུ་འདྲེས་ནས་སངས་རྒྱས་ཏེ་སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དོན་ཐོགས་པ་མེད་པར་བྱེད་ནུས་པར་གྱུར་ཅིག་དེ་ནས་དམིགས་ཡུལ་གྱི་མིང་བྱང་དེ་སྲིད་མ་རིག་་ཉིས་སྣང་གིས་བསྐྱེད་པའི་ཉོན་མོང་པ་བརྒྱད་ཁྲི་བཞི་སྟོང་དང་བག་ཆགས་གྱི་རྟེན་དུ་གྱུར་པ་ཉིད་ཡེ་ཤེས་ཀྱིས་མེས་བསྲེག་ཤིང་སྦྱངས་བར་བསམ་ལ་ཧཱུཾ་ཀ་དག་སྤྲོས་བྲལ༴ འགྲུབ་པར་ཤོག་རྩ་སྔགས་དང་སྡིག་སྒྲིབ་ཀུན་འཇོམས་གཟུངས་སྔགས་དང་ཨོཾ་བཛྲ་ས་ཏྭ་ཧཱུཾ་ཨོཾ་བཛྲ་སཏྭ་ས་མ་ཡ༴ ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤྭ་དྷ་ནི། རཱ་ཛཱ་ཡ་ཏ་ཐ་ག་ཏ་ཡ་ཨརྷ་ཏེ་སམ་མྱག་སཾ་བྷུ་དྷ་ཡ ཏརྱ་ཐཱ་ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་སམ་བི་ཤྭ་དྡྷེ་ནི་ཤུ་དྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤྭ་དྷ་ན་ཡེ་སྭ་ཧ། ན་མོ་རཏྣ་ཏྲ་ཡ་ཡ་ཨོཾ་ཀཾ་ཀ༴སོགས་དམིགས་ཡུལ་གྱི་ལུས༴ ཐམས་ཅད་ཨགྣེ་ཛྭ་ལ་རམ་སྭ་ཧ། བཟང་སྤྱོད་སྨོན་ལམ་ཚར་གཅིག་འདོན། གང་དུ་སྐྱེས་པའི༴ བླ་མེད་བླ་མའི༴ ཧཱུཾ་ཧྲཱི༴ ཕྱོགས་དུས་རྒྱལ་བ་ཀུན་གྱི༴ ཕུན་ཚོགས་ཤོག ༈ ཚོགས་ཀྱི་བར་མཚམས ཡོད་ན་རྒྱལ་བ་རྒྱ་ཚོའི་དཀྱིལ་འཁོར༴ འགྲུབ་པར་ཤོག པཉྩ་ཨ་མྲྀ་ཏ༴ དཀྱིལ་འཁོར་ཆེན་པོའི༴ མར་མེ་སྨོན་ལམ་དང་བཞེངས་བསྐུལ་ཆད་བསྟན་བྲོ་མནན་སོགས་དཀྱུས་ལྟར་བྱའོ། །ཡང་ན་ཆོ་ག་རྐྱང་པ་ལ་གོང་དུ་མཆོད་བསྟོད་བདག་དབང་བླང་བའི་མཐར་ལྟུང་བཤགས་ཚར་གསུམ་སོང་རྗེས་གནས་འདྲེན་དབང་དང་སྤར་ཆོག་བྱང་བསྲེགས་བཟང་སྤྱོད་སོགས་གྲུབ་ནས་གཞུང་གི་མཆོད་བསྟོད་རྗེས་སུ་དངོས་གྲུབ་ལེན་པ་ནོངས་བཤགས་བསྡུ་རིམ་བསྔོ་སྨོན་བཀྲ་ཤིས་བཅས་བྱའོ་འདི་ནི་རྡོ་གྲུབ་གནས་འདྲེན་ལ་མདོ་མཁྱེན་བརྩེས་ཁ་སྐོང་མཛད་པ་དེ་ཉིད་འདོན་སྒྲིགས་ཡིན།