ནད་གདོན་འཇིགས་བརྒྱད།

From Khyentse Lineage - A Tsadra Foundation Project
Wylie title nad gdon 'jigs brgyad
Location mdo mkhyen brtse bka' 'bum
Volume 5, Text 8, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Averting or Dispelling Rites- zlog pa
[edit]
༄༅། །ནད་གདོན་འཇིགས་བརྒྱད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཚེ་བསོད་དཔལ་འབྱོར་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཁམས་གསུམ་སྲིད་གསུམ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། གནོད་བྱེད་དགྲ་བགེགས་མ་ར་ཡ་ཕཊ༔ རིག་འཛིན་བླ་མའི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུ་ན་ཏེ་ཥནྟ་ཐཱ་ག་ཏ་ཧྱ་ཝ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧ་ཤྲ་མ་ཎ་ཡེ་སྭཱ་ཧཱཿ བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་དུང་ཕྱུར་ནས་ཡར་འཕེལ་བར་གྱུར་ཅིག །ཧོ་རིག་འཛིན་བླ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ན། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་རིག་འཛིན་བླ་མའི་གོ་འཕང་མངོན་སུམ་དུ་ཐོབ་པ་དང༌། ཐུན་མོང་གི་དངོས་གྲུབ་ཕྲིན་ལས་རྣམ་པ་བཞི་དང་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ།