གུ་རུ་པདྨ་རྒྱལ་པོའི་ཞི་བའི་སྦྱིན་བསྲེགས་དངོས་གྲུབ་ཆར་འབེབསཿ

From Khyentse Lineage - A Tsadra Foundation Project
Wylie title gu ru pad+ma rgyal po'i zhi ba'i sbyin bsregs dngos grub char 'bebs
Location mdo mkhyen brtse bka' 'bum
Volume 4, Text 5, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Fire Offerings - sbyin sreg
Deity gu ru pad+ma rgyal po
[edit]
༄༅། །གུ་རུ་པདྨ་རྒྱལ་པོའི་ཞི་བའི་སྦྱིན་བསྲེགས་དངོས་གྲུབ་ཆར་འབེབས་བཞུགསཿ

༄༅། «།བླ་མ་དབང་གི་ལྷ་ལ་འདུདཿ གུ་རུ་པདྨ་རྒྱལ་པོ་ཡིཿ ཞི་བའི་སྦྱིན་བསྲེགས་འདི་ལྟར་རོཿ བདག་ཉིད་རྣལ་འབྱོར་སྔོན་འགྲོ་ནསཿ དཀྱིལ་འཁོར་མདའ་གང་གྲུ་བཞི་བཿ མུ་འཁྱུད་རིམ་པ་ལྔ་ཡི་དབུསཿ མེ་ཏོག་དམར་པོའི་ལྟེ་བར་ཧཱུྃཿ གཉིས་པ་པདྨ་འདབ་བཞི་ལ་ཧ་རི་ནི་ས་འབྲུ་བཞི་བཀོདཿ གསུམ་པ་མེ་ཏོག་ཕྲེང་བ་དངཿ བཞི་ལྔ་རྡོ་ར་འོད་ཕྲེང་ངོཿ ལྷ་ཤིང་ཤུག་པའི་མེ་ཐབ་བརྩིགཿ ཐུན་མོང་རྫས་ཆེན་བཅུ་གཉིས་དངཿ རིན་ཆེན་དར་ཟབ་སྨན་སྣ་སྤོསཿ དཀར་གསུམ་མངར་གསུམ་ལེགས་པར་སྦྱརཿ བདག་བསྐྱེད་བསྙེན་སྒྲུབ་མཐར་ཕྱིན་ཚེཿ ལས་སྦྱོར་བུམ་མཆོག་རོལ་བར་བསྐྱེདཿ བཟླས་མཐར་བུམ་ལྷ་འོད་དུ་ཞུཿ བསྲེགས་རྫས་ཡམ་ཤིང་མར་ཁུ་དངཿ རྫས་སྤུང་སོ་རྩི་གོས་ཟུང་སོགསཿ ཉེར་སྤྱོད་སྨན་རག་གཏོར་གསུམ་བཤམསཿ ལྷོ་ནུབ་ཕྱོགས་སུ་ཁ་བལྟས་ཤིངཿ རྡོ་དྲིལ་བྱིན་གྱིས་བརླབ་པ་ལཿ མཆོད་རྫས་དང་བསྲེགས་རྫས་བྱིན་གྱིས་རླབས་པ་ནིཿ» བཛྲ་ཨ་མྲྀ་ཏས་«བསངཿ» སྭ་བྷ་ཝ་«སྦྱངཿ »སྟོང་པའི་ངང་ལས་མཆོད་རྫས་དང་བསྲེགས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེའི་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་རྫས་རང་རང་གི་ཡོན་ཏན་དང་ལྡན་ཞིང་དཀྱིལ་འཁོར་གྱི་ལྷ་ཚོགས་དགྱེས་པ་བསྐྱེད་པ་ནུས་པ་དང་ལྡན་པར་གྱུརཿ ཨོཾ་ཨཱཿཧཱུྃཿཧ་ཧོ་ཧྲཱིཿ སརྦ་བྱིང་ཏཾ་ཀཾ་ཏྲཾ་སྭཱ་ཧཱཿ «ལན་བདུནཿ» བཛྲ་ཨརྒྷཾ་«ནས་»ཤབྟ་སརྦ་པཉྩ་རཀྟ་བྷ་ལིང་ཏ་སརྦ་པུ་ཙ་ཧོཿ «དགོན་པ་ལས་བྱུང་བའི་མེ་སྦར་ཞིངཿ» རཾ་རཾ་རཾ་ཛྭ་ལ་རཾཿ ཨེ་ཡཾ་ཧོཿ «རླུང་གཡབ། གཉིས་པ་མེ་ཐབ་བསྐྱེད་པ་ནིཿ བསང་སྦྱང་བྱཿ »སྟོང་པའི་ངང་ལས་ཞི་བའི་མེ་ཐབ་ཟླུམ་པོ་རྒྱ་ཁྱོན་དང་བཀོད་པ་ཕུན་སུམ་ཚོགས་པ་ཁ་ཁྱེར་དང་མུ་རན་ལ་རྡོ་རྗེ་དང་འོད་ཀྱི་དྲ་བས་ཡོངས་སུ་བསྐོར་བའི་དབུས་སུཿ རཾཿའོད་དུ་ཞུ་བ་ལ་ལས་བྱུང་བའི་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅནཿ མེ་ཏོག་གི་ཕྲེང་བ་དང་རིལ་བ་སྤྱི་བླུགས་འཛིན་པ་ར་སྐྱེས་ལ་ཆིབས་པ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲང་བར་བསམ་ལཿ «མཐེ་བོང་གཡབ་ཅིངཿ »ཧཱུྃཿ དད་པ་དང་ནི་དམ་ཚིག་གིཿ དྲང་སྲོང་ཆེན་པོ་མེ་ཡི་ལྷཿ འདོད་པ་ཐམས་ཅད་སྒྲུབ་མཛད་པཿ བསྲེགས་བླུགས་ཞལ་ཟས་བཞེས་སླད་དུཿ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ནཿ དམ་ཚིག་ཆེན་པོས་རྗེས་དགོངས་ལཿ ལས་རྣམས་སྒྲུབ་ཕྱིར་གཤེགས་སུ་གསོལཿ ཨགྣཻ་རཱ་ཛ་བཛྲ་ས་མ་ཡ་ཛ་ཛཿ «ཅེས་བརྗོད་ཞབས་བསིལ་འབུལ་བ་ནིཿ» ཛ་ཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷནཿ ཨ་ཏི་པུ་ཧོཿ པྲ་ཏི་ཙ་ཧོཿ བཛྲ་ཨརྒྷཾ་«སོགས་»པྲ་ཏི་ཙ་ཧོཿ རྡོ་རྗེ་འཆང་ཆེན་ཐུབ་པའི་དབང་པོ་ཡིཿ སྤྱན་སྔར་ཁས་བླངས་མཐུ་ལྡན་དྲང་སྲོང་ཆེཿ མེ་ལྷའི་རྒྱལ་པོ་ལས་བཞིའི་ཕྲིན་ལས་བདགཿ འདོད་པའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོདཿ «ཅེས་བསྟོད་ཅིང་བྱོན་སྐྱེམས་ཕུལ་བ་ནིཿ »མེ་ལྷའི་ཞལ་གདངས་བའི་ལྗགས་དང་གཟར་བུ་གཉིས་ཀྱིས་ཁ་ལ་རཾ་ཡིག་གི་མཚན་པས་བསྲེགས་རྫས་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམཿ«ལ» ཨགྣཻ་ཡེ་སྭཱ་ཧཱཿ «ལན་བདུན་གྱི་ཕུལཿ» ཨོཾ་ཨགྣཻ་རཱ་ཛ་དི་སི་དི་ལ་ཡེ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་ཐམས་ཅད་སརྦ་པཱ་པཾ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ «གོང་གི་སྔགས་ཀྱི་རྫས་རྣམས་ལ་བདུན་ནམ་ཉེར་གཅིག་རེ་ཕུལ་ཞིངཿ མཐར་མཆོད་ཅིང་བསྟོད་ལཿ མདུན་བསྐྱེད་ནིཿ »མེ་ལྷའི་ལྟོ་བ་ཡངས་པའི་ནངཿ བྷྲཱུཾ་ཡིག་འོད་དུ་ཞུ་བ་ལསཿ ཟླ་གམ་སྒོ་གཅིག་ཕོ་བྲང་དབུསཿ «སོགས།» «ལྷ་བསྐྱེད་བསྟོད་པའི་བར་སོང་རྗེས་བྱིན་སྐྱེམས་འབུལ་བ་ནིཿ »དགངས་བླུགས་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཞལ་གྱི་ངོ་བོ་རྡོ་རྗེའི་ལྗགས་སྟེང་འོད་ཟེར་སྦུ་གུས་བསྲེགས་རྫས་བདུད་རྩིའི་རྒྱུན་དྲངས་བས་མཉེས་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་བར་དམིགས་ལཿ «རྩ་སྔགས་ལན་ཉེར་གཅིག་གིས་བྱོན་སྐྱེམས་འབུལ་མཐར། ཡམ་ཤིང་མར་ཁུ་ནས་བཟུང་རྫས་རྣམས་རིམ་བཞིན་འབུལ་ཞིངཿ» ཨོཾ་ཨཱཿཧཱུྃཿབཛྲ་མ་ཧཱ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཧོཿ སརྦ་པཱ་པཾ་དམ་ཚིག་ཉམས་ཆགས་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ «ཅེས་འབུལ་ཞིངཿ འདོད»་«གསོལ་ནིཿ »བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་དམ་ཚིག་ཉམ་ཆགས་བྱང་ཞིང་དག་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལཿ «ཞེས་མཚམས་སུ་འདོད་གསོལ་བྱཿ རྫས་རྫོགས་ནསཿ »ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱཿ «སོ་རྩི་འབུལཿ» ཨ་བཛྲ་ཝས་ཏྲ་ཡེ་སྭཱ་ཧཱཿ «གོས་ཟུང་འབུལཿ རྗེས་ཚོགས་ཀྱི་འཁོར་ལོ་བསྐོརཿ གཤེགས་སྐྱེམས་འབུལ་རྗེས་མཆོད་བསྟོད་བྱཿ ལྷག་ཆད་བསྐོང་ཕྱིར་ཡིག་བརྒྱ་བཟླསཿ» ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོདཿ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལཿ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱངཿ ལྷར་ཡང་འབྱོན་པར་མཛད་དུ་གསོལཿ བཛྲ་མཱུཾཿ «ཞེས།» ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྟིམཿ ཨོཾ་ཨགྣཻ་ཡེ་སྭཱ་ཧཱཿ «ཞེས་མེ་གསོ་སླར་ཡང་རྫས་ལྷག་རྣམས་གོང་བཞིན་འབུལ་མཐར༔