གུ་རུ་དྲག་པོའི་ཁྱེར་ཁྱེད་བདུད་རྩིའི་ཐིག་པཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-03-GA-050
Wylie title gu ru drag po'i rgyun khyer bdud rtsi'i thig pa
Location mdo mkhyen brtse bka' 'bum
Volume 3, Text 50, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Daily Practice - rgyun khyer
Deity gu ru drag po
Colophon

ཡི་དམ་གུ་རུ་དྲག་པོ་ཡིཿ རྒྱུ་ཁྱེར་ཉམས་ལེན་སྙིང་པོ་འདིཿ ལས་ཅན་རྒྱལ་རིགས་ལྷ་སྲས་ཀྱིཿ བསྐུལ་ལྟར་དུས་མཐའི་གཏེར་མིང་འཛིནཿ ཁྲག་མཐུང་བདེ་བའི་རྡོ་རྗེ་ཡིཿ ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལསཿ ཕབ་བཞིན་ཡི་གེ་འདུ་བྱེད་མཁནཿ བྷོ་དྷི་ཛ་ཡི་བགྱིས་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དགེའོཿ དགེའོཿ དགེའོཿ

yi dam gu ru drag po yi: rgyun khyer nyams len snying po 'di: las can rgyal rigs lha sras kyi: bskul ltar dus mtha'i gter ming 'dzin: khrag 'thung bde ba'i rdo rje yis: nam mkha' mdzod kyi chos sde las: phab bzhin yi ge 'du bye mkhan: b+ho d+hi dza yis bgyis pa'o: sa ma yA: rgya rgya rgya: dge'o: dge'o: dge'o:

[edit]
གུ་རུ་དྲག་པོའི་རྒྱུན་ཁྱེར་བདུད་རྩིའི་ཐིག་པའི་དབུས་ཕྱོགས་ལེགས་པར་བཞུགསཿ བླ་མ་དྲག་པོའི་སྐུ་ལ་འདུདཿ ཡི་དམ་གུ་རུ་དྲག་པོ་ཡིཿ རྒྱུན་ཁྱེད་བདུད་རྩིའི་ཐིག་པ་ནིཿ བདེ་གཤེགས་རྒྱལ་བ་འདུས་པའི་སྐུཿ གུ་རུ་དྲག་པོར་སྐྱབས་སུ་མཆིཿ འགྲོ་རྣམས་སངས་རྒྱས་སར་འགོད་ཕྱིརཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ ཡི་དམ་ལྷ་ཚོགས་སྤྱན་འདྲེན་གཤེགསཿ པདྨ་ཉི་ཟླའི་གདན་ལ་བཞུགསཿ ལུས་ངག་ཡིད་གསུམ་གུས་ཕྱག་འཚལཿ ཕྱི་ནང་གསང་བའི་མཆོད་པ་འབུལཿ ཐོག་མེད་ནས་བསགས་སྡིག་ལྟུང་བཤགསཿ དགེ་བ་ཀུན་ལ་རྗེས་ཡི་རངཿ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་གསོལ་བདེབསཿ བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོཿ དངོས་གཞི་ནིཿ ཧཱུྃཿ ཆོས་རྣམས་སྟོང་པའི་ངང་ཉིད་ལསཿ སྙིང་རྗེ་ཆེན་པོའི་ཀུན་ཏུ་སྣངཿ རྒྱུ་ཡི་ས་བོན་ཧཱུྃ་ཡིག་ལསཿ འོད་ཟེར་འཕྲོ་འདུས་དོན་གཉིས་བྱསཿ བྱིན་རླབས་ནུས་མཐུ་ཚུར་བསྡུས་ཤིངཿ དུར་ཁྲོད་གཞལ་ཡས་ཆེན་པོའི་དབུསཿ བདུད་བཞི་རྒྱལ་བསེན་དམ་སྲིའི་སྟེངཿ པདྨ་ཉི་ཟླའི་གདན་གྱི་ཁརཿ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུཿ བདག་ཉིད་གུ་རུ་དྲག་པོའི་སྐུཿ དམར་ནག་ཞལ་གཅིག་ཕྱག་གཉིས་པཿ དྲག་པོའི་སྤྱན་གསུམ་དམར་ལ་ཟླུམཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགསཿ སྨ་ར་སྨིན་མ་མེ་ལྟར་འབརཿ དབུ་སྐྲ་དམར་སེར་གྱེན་དུ་བརྗིསཿ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱསཿ དུར་ཁྲོད་རོལ་པའི་ཆས་བརྒྱད་གསོལཿ ཕྱག་གཡས་རྡོ་རྗེ་རྩེ་དགུ་པཿ ཧཱུྃ་ངམ་ཕཊཿདགུའི་མཚན་པ་ཕྱརཿ གཡོན་པས་ལྕགས་སྡིག་མགོ་དགུ་འགྱེདཿ དྲག་གཏུམ་རྔམས་པའི་སྟབས་ཀྱིས་འགྱིགསཿ སྤྱི་བོ་མགྲིན་པ་སྙིང་ཀ་དངཿ ལྟེ་བ་གསང་བའི་གནས་ལྔ་རུཿ འཇམ་དཔལ་རྟ་མྲིན་ཕྱག་རྡོར་དངཿ མཁའ་འགྲོ་སྡེ་ལྔ་མེ་དབལ་གསལཿ གནས་གསུམ་འབྲུ་གསུམ་མཚན་པ་ལསཿ འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནསཿ རྒྱལ་བ་རྩ་གསུམ་ཡེ་ཤེས་ལྷཿ སྤྱན་དྲངས་དམ་ཚིག་རྟེན་ལ་ཐིམཿ གཉིས་སུ་མེད་ཅིང་དགྱེས་པ་བསྐྱེདཿ ཕྱག་འཚལ་མཆོད་པ་དམ་པ་འབུལཿ སྐུ་གསུང་ཐུགས་ལ་བདག་བསྟོད་དོཿ ཐུགས་ཀར་མཆོད་རྟེན་བུམ་པ་རུཿ གསེར་གྱི་རྡོ་རྗེ་རྩེ་ལྔ་པའིཿ ལྟེ་བར་ཉི་ཟླ་ཀ་བུའི་དབུསཿ སྲོག་གི་སྙིང་པོ་ཧཱུྃ་ཡིག་མཐརཿ སྔགས་ཀྱི་ཕྲེང་བ་བཀོད་པ་ལསཿ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོདཿ དབང་དང་བྱིན་རླབས་དངོས་གྲུབ་བསྡུསཿ འགྲོ་དྲུག་ཀུན་གྱི་ལས་ཉོན་སྦྱངསཿ བཀྲགས་མདངས་གཟི་བརྗིད་ཐམས་ཅད་བསྡུསཿ གཟུགས་སྣང་གུ་རུ་དྲག་པོའི་སྐུཿ སྒྲ་གྲགས་དྲག་པོ་སྔགས་ཀྱི་སྒྲཿ དྲན་རྟོགས་མི་གཡོ་ཐུགས་ཀྱི་ངངཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཅུང་ཟད་བཟླས་ཞིངཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཀྲོ་ཏ་ར་ཛ་ཧཱུྃཿ རྩ་བའི་བསྙེན་པ་འདི་ལ་གང་ནུས་འབདཿ དྲག་བསྙེན་དམིགས་པ་ནིཿ སྔགས་ཕྲེང་ལས་བྱུང་འོད་ཟེར་དངཿ ཁྲོ་མཚོན་མེ་དཔུང་སྡིག་པའི་ཚོགསཿ འཕྲོས་པས་གནོད་བྱེད་གདུག་བའི་རིགསཿ བསྐྲད་ཅིང་རྡུལ་དུ་བརླག་པར་བསམཿ ཨོཾ་ཨཱཿཧཱུྃ་ཨརྩིག་ནརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊཿ ཨ་ཧཱུྃ་ཧཱུྃ་ཕཊཿ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊཿ བྷྱོ་བྷྱོ་བཟློག་བཟློག་བྷྱོ་བཟློག་ཅིགཿ ཅི་རིགས་བཟླའོཿ ཐུན་མཐར་དབྱངས་གསལ་རྟེན་འབྲེལ་སྙིང་པོ་དངཿ སྟོད་ཚིག་གིས་མཆོད་ཅིང་བསྟོད་ལཿ ཡི་གེ་བརྒྱ་བ་ལན་གསུམ་གྱི་མཐདཿ བསྡུ་རིམ་ནིཿ སྣོད་བཅུད་འོད་ཞི་རང་ལ་ཐིམཿ རང་ཉིད་ཐུགས་ཀའི་ཧཱུྃ་ལ་བསྡུཿ དེ་ཡང་མི་དམིགས་སྟོང་པའི་ངངཿ རང་རིག་གཉུག་མའི་གཤིགས་སུ་ཨཱཿ སླར་ཡང་རྡོ་རྗེ་རྩེ་གསུམ་པཿ མེ་དཔུང་འབར་བའི་ལམ་ཁྱེར་བསྒོམཿ རྗེས་ལ་བསྔོ་སྨོན་བཀྲིས་བྱཿ ཡི་དམ་གུ་རུ་དྲག་པོ་ཡིཿ རྒྱུ་ཁྱེར་ཉམས་ལེན་སྙིང་པོ་འདིཿ ལས་ཅན་རྒྱལ་རིགས་ལྷ་སྲས་ཀྱིཿ བསྐུལ་ལྟར་དུས་མཐའི་གཏེར་མིང་འཛིནཿ ཁྲག་མཐུང་བདེ་བའི་རྡོ་རྗེ་ཡིཿ ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལསཿ ཕབ་བཞིན་ཡི་གེ་འདུ་བྱེད་མཁནཿ བྷོ་དྷི་ཛ་ཡི་བགྱིས་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དགེའོཿ དགེའོཿ དགེའོཿ