DKR-KABUM-25-RA-008

From Khyentse Lineage - A Tsadra Foundation Project

ལྷ་བཙུན་ཆོས་སྐོར་གསན་ཡིག།
Wylie title lha btsun chos skor gsan yig DKR-KABUM-25-RA-008.pdf
Location dil mgo mkhyen brtse bka' 'bum
Volume 25, Text 8, Pages 105-106 (Folios 1a1 to 2b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Lha btsun chos skor gsan yig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 25: 105-106. Delhi: Shechen Publications, 1994.
Genre Records of Teachings Received - thob yig - gsan yig

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །ལྷ་བཙུན་ཆོས་སྐོར་གསན་ཡིག་ནི། ཁྱབ་བརྡལ་ཡེ་ཤེས་ཆོས་སྐུའི་དགོངས་པ་ཡིས། །གཉིས་སྣང་འོད་གསལ་ཐིག་ལེའི་དཔྱིད་ཟླུམ་པས། ཟག་ཟད་གདོད་མའི་ཐིག་ལེར་བྱང་ཆུབ་པའི། །ལྷ་བཙུན་ཌཱ་ཀིའི་དབང་ཕྱུག་རྒྱལ་གྱུར་ཅིག །འདིར་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་པཎ་ཆེན་བི་མ་ལའི་ཡེ་ཤེས་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་རྟོགས་པའི་དབང་ཕྱུག་ལྷ་བཙུན་ནམ་མཁའི་རྣལ་འབྱོར་འཇིགས་པ་མེད་པའི་མཚན་ཅན་གྱི་ཟབ་གཏེར་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་རིག་འཛིན་སྲོག་སྒྲུབ་རྩ་དབང་མ་བུ་གཉིས། སྒོམ་དབང་ཆེན་མོ། རིག་པའི་རྩལ་དབང༌། །ཚེ་དབང༌། རྡོ་རྗེ་ཕག་མོའི་དབང༌། མཐའ་རྟེན་མེ་དབང༌། ཀླུ་བདུད། གཤིན་རྗེ། མ་མོ། དམ་ཅན་སྲོག་དབང༌། མཐའ་རྟེན་སྒྲོལ་དབང༌། ཁྲིད་ལ་རྩ་བའི་བསྐྱེད་རྫོགས་ཀྱི་ཁྲིད་གསུམ། དུམ་བུའི་ཁྲིད་བདུན། ཨ་ཏིའི་ཁྲིད་གཅིག །རྩ་བའི་ཆོས་སྡེ་༥༡ བུ་༡༣ རྒྱབ་ཆོས་༡༨ བཅས། གཞུང་པོད་སྐོར་གྱི་ལུང་ཇི་ལྟར་ཐོབ་ཚུལ་ལ། ༈ དང་པོ་ལོ་རྒྱུས་ཀྱི་སྐོར་ལ། ཀ༽ རིག་འཛིན་སྲོག་སྒྲུབ་ལས། ཁ་བྱང་ཉི་མའི་འཁོར་ལོ། ཁ༽ ལོ་རྒྱུས་གབ་སྦས་རྡོ་རྗེའི་སྲོག་སྙིང་རིག་འཛིན་དགོངས་པའི་ལྡེའུ་མིག ག༽ དག་སྣང་དང་པོ་འཆི་མེད་ལྷའི་དངོས་གྲུབ། ང༽ དག་སྣང་ལོ་རྒྱུས་ཟབ་དོན་རྟོགས་པའི་སྒོ་འབྱེད། ༈ གཉིས་པ་བསྐྱེད་རིམ་གྱི་སྐོར་ལ། ཅ༽ སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་ཟབ་དོན་ཡེ་ཤེས་ཀྱི་སྒྲོན་མེ་ཐར་གླིང་རྣ་བའི་རྒྱན་མཆོག ཆ༽ ལས་བྱང་ཟབ་དོན་བཻཌཱུ་རཡའི་དོ་ཤལ་ཁྲག་འཐུང་དཔའ་བོའི་མགུལ་རྒྱན། རིག་འཛིན་བསྐང་བཤགས། ཇ༽ དམོད་ལས་རྡོ་རྗེའི་བཀའ་མ། ཉ༽ ཚེ་སྒྲུབ་ཀྱི་ཁོག་དབུབ་འཆི་མེད་དོན་གྱི་སྙིང་པོ། ཏ༽ གཡང་འགུགས་མེ་ཏོག་ཆར་བསིལ། ཐ༽ དབང་གི་སྟ་གོན་རྡོ་རྗེའི་ལྡེའུ་མིག ད༽ ཚེ་དབང་དམར་པོ་བཅུད་སྡུད། ༡ ཙཀླིའི་རྒྱབ་ཡིག ༢ །ཚེ་རིལ་རྒྱས་གདབ༣། ཟག་བྲལ་༤ འཆི་མེད་དྭངས་བཅུད་འོད་གསལ་གྱི་མྱུ་གུ་བཅུད་ལེན་གྱི་དམིགས་རིམ། ཚེ་སྒྲུབ་ཀྱི་ཡང་སྙིང༌། ༥ ན༽ བདུད་དཔུང་ཕྱེ་མར་གཏོང་ཞིང་བར་ཆད་རང་གྲོལ་གྱི་གསོལ་འདེབས། པ༽ གསང་བ་སྤྲོས་མེད་ཧྲཱིཿཧཱུྃ་སྦྲེལ་མ། ༈ གསུམ་པ་རྫོགས་རིམ་སྐོར་ལ། ཕ༽ ཁྲིད་ཡིག་འཇའ་གུར་གཏེར་མཛོད། བ༽ རྩ་བའི་ངོ་སྤྲོད་ཚིག་རྐང་བཅུ་བཞི་མའི་གཞུང༌། ༡ འགྲེལ་༢ བླ་སྒྲུབ་ཟིན་བྲིས། ༣ མ༽ སྒོམ་མེད་ནམ་མཁའ་འཁོར་ལོ། ཙ༽ དབྱིངས་རིག་འཇའ་ཟེར་གྱི་ཐིག་ལེ། ཚ༽ རྡོ་རྗེ་སྙིང་པོ་གསང་བའི་ངོ་སྤྲོད་རིག་པ་རྩལ་གྱི་དབང་གུད་དུ་སྦས་པ་རྒྱས་བསྡུས། ཛ༽ དངོས་གཞི་དག་སྣང་ངོ་སྤྲོད་པདྨ་འོད་དྲྭ་བའི་ཞིང་བཀོད། ཝ༽ དེའི་སྨོན་ལམ་རྒྱས་བསྡུས་རྣམ་གསུམ། ༈ བཞི་པ་བོགས་འདོན་གྱི་སྐོར་ལ། ཞ༽ མུན་ཁྲིད་འཇའ་ལུས་ཟང་ཐལ། མུན་ཁྲིད་ཨུ་དུམ་ཝ་རའི་མེ་ཏོག །དེའི་གསོལ་འདེབས། ཟ༽ ཕག་མོའི་ལས་བྱང་ཟག་མེད་བདེ་ཆེན། ཕག་མོའི་སྐོང་བཤགས། འ༽ གཏུམ་མོ་བདེ་ཆེན་པདྨའི་གྲུ་རྫིང༌། གཏུམ་མོའི་གསོལ་འདེབས་བཻཌཱུའི་ཆུ་རྒྱུན། ཡ༽ འཁྲུལ་འཁོར་གསལ་བའི་མེ་ལོང༌། ར༽ འོག་སྒོའི་གདམས་པ་ཡང་ཟབ་བདེ་ཆེན་རྒྱ་མཚོ། ལ༽ རྫོགས་རིམ་ཆོས་དབྱིངས་སྒྱུ་མའི་སྙིང་ཐིག ཤ༽ ཟབ་དོན་རྨི་ལམ་འོད་གསལ་གྱི་ཁྲིད་གཞུང་འགྲེལ་པ་འབར་བ་ཉི་ཟླའི་བླ་བྲེ། ས༽ གཅོད་ཡུལ་དཔའ་བོའི་ཐོལ་གླུ། གཅོད་ཀྱི་དགོངས་འགྲེལ། ཧ༽ ཕག་མོའི་སྦྱིན་སྲེག་ལས་བཞི་མྱུར་འགྲུབ། ཨ༽ འཕོ་བའི་མན་ངག་མཁའ་སྤྱོད་རྡོ་རྗེའི་ལམ་ཆེན། ཀི༽ བར་དོ་འཇའ་གུར་རང་གྲོལ། ༈ ལྔ་པ་ལུང་བསྟན་གྱི་སྐོར་ལ། ཁི༽ ལུང་བསྟན་ཕྱི་ནང་གསང་གསུམ། གི༽ ཐང་ལྷའི་ལུང་བསྟན་དྲི་མེད་ཡིད་ཀྱི་གདུང་སེལ། ༈ དྲུག་པ་ལས་ཚོགས་ཀྱི་སྐོར་ལ། ངི༽ རླུང་འཁོར་གནམ་ལྕགས་རྡོ་རྗེའི་གུར་ཁང༌། ཅི༽ བདུད་རྩི་སྨན་གྱི་ཁོག་ཕུབ། ཆི༽ བྱིན་འབེབས་མེ་ཏོག་ཆར་བསིལ། དམ་རྫས་སྐྱེ་བདུན་གྱི་སྒྲུབ་པ་ཞག་བདུན་མ། དངོས་གྲུབ་ལེན་ཆོག །བདུད་རྩི་ལག་མཆོད། དམ་སྲི་མནན་པའི་ཐབས་བགེགས་དཔུང་ཚར་གཅོད་གཞུང་ལག་ལེན། བཅས་གཞུང་པོད་ཡོངས་རྫོགས་ཀྱི་ལུང་བི་མ་དངོས་བྱོན་ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོ། རྩི་ཀིའི་མཆོག་གླིང་གཉིས་པ་དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན་ནམ་པདྨ་ཀུན་ཁྱབ་ཡེ་ཤེས་སྙིང་པོ། འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ། མཆོད་དཔོན་བླ་མ་འཇམ་དབྱངས་བློ་གྲོས་མཆོག་ལྡན་ལས་ཐོབ་པའོ།། །།
[edit]

@#/__/lha btsun chos skor gsan yig ni/_khyab brdal ye shes chos sku'i dgongs pa yis/_/gnyis snang 'od gsal thig le'i dpyid zlum pas/_zag zad gdod ma'i thig ler byang chub pa'i/_/lha btsun DA ki'i dbang phyug rgyal gyur cig_/'dir paN grub lnga brgya'i gtsug rgyan paN chen bi ma la'i ye shes rdo rje bkod pa'i sgyu 'phrul rtogs pa'i dbang phyug lha btsun nam mkha'i rnal 'byor 'jigs pa med pa'i mtshan can gyi zab gter dgongs klong ye shes kyi gsang mdzod rig 'dzin srog sgrub rtsa dbang ma bu gnyis/_sgom dbang chen mo/_rig pa'i rtsal dbang*/_/tshe dbang*/_rdo rje phag mo'i dbang*/_mtha' rten me dbang*/_klu bdud/_gshin rje/_ma mo/_dam can srog dbang*/_mtha' rten sgrol dbang*/_khrid la rtsa ba'i bskyed rdzogs kyi khrid gsum/_dum bu'i khrid bdun/_a ti'i khrid gcig_/rtsa ba'i chos sde 51_bu 13_rgyab chos 18_bcas/_gzhung pod skor gyi lung ji ltar thob tshul la/_!_dang po lo rgyus kyi skor la/__ka)_rig 'dzin srog sgrub las/_kha byang nyi ma'i 'khor lo/__kha)_lo rgyus gab sbas rdo rje'i srog snying rig 'dzin dgongs pa'i lde'u mig__ga)_dag snang dang po 'chi med lha'i dngos grub/__nga)_dag snang lo rgyus zab don rtogs pa'i sgo 'byed/_!_gnyis pa bskyed rim gyi skor la/__ca)_sngon 'gro chos spyod kyi rim pa zab don ye shes kyi sgron me thar gling rna ba'i rgyan mchog__cha)_las byang zab don baiDU raya'i do shal khrag 'thung dpa' bo'i mgul rgyan/_rig 'dzin bskang bshags/__ja)_dmod las rdo rje'i bka' ma/__nya)_tshe sgrub kyi khog dbub 'chi med don gyi snying po/__ta)_g.yang 'gugs me tog char bsil/__tha)_dbang gi sta gon rdo rje'i lde'u mig__da)_tshe dbang dmar po bcud sdud/_1_tsakli'i rgyab yig_2_/tshe ril rgyas gdab3/_zag bral 4_'chi med dwangs bcud 'od gsal gyi myu gu bcud len gyi dmigs rim/_tshe sgrub kyi yang snying*/_5_na)_bdud dpung phye mar gtong zhing bar chad rang grol gyi gsol 'debs/__pa)_gsang ba spros med hrIHhU~M sbrel ma/_!_gsum pa rdzogs rim skor la/__pha)_khrid yig 'ja' gur gter mdzod/__ba)_rtsa ba'i ngo sprod tshig rkang bcu bzhi ma'i gzhung*/_1_'grel 2_bla sgrub zin bris/_3__ma)_sgom med nam mkha' 'khor lo/__tsa)_dbyings rig 'ja' zer gyi thig le/__tsha)_rdo rje snying po gsang ba'i ngo sprod rig pa rtsal gyi dbang gud du sbas pa rgyas bsdus/__dza)_dngos gzhi dag snang ngo sprod pad+ma 'od drwa ba'i zhing bkod/__wa)_de'i smon lam rgyas bsdus rnam gsum/_!_bzhi pa bogs 'don gyi skor la/__zha)_mun khrid 'ja' lus zang thal/_mun khrid u dum wa ra'i me tog_/de'i gsol 'debs/__za)_phag mo'i las byang zag med bde chen/_phag mo'i skong bshags/__'a)_gtum mo bde chen pad+ma'i gru rdzing*/_gtum mo'i gsol 'debs baiDU'i chu rgyun/__ya)_'khrul 'khor gsal ba'i me long*/__ra)_'og sgo'i gdams pa yang zab bde chen rgya mtsho/__la)_rdzogs rim chos dbyings sgyu ma'i snying thig__sha)_zab don rmi lam 'od gsal gyi khrid gzhung 'grel pa 'bar ba nyi zla'i bla bre/__sa)_gcod yul dpa' bo'i thol glu/_gcod kyi dgongs 'grel/__ha)_phag mo'i sbyin sreg las bzhi myur 'grub/__a)_'pho ba'i man ngag mkha' spyod rdo rje'i lam chen/_ki)_bar do 'ja' gur rang grol/_!_lnga pa lung bstan gyi skor la/__khi)_lung bstan phyi nang gsang gsum/__gi)_thang lha'i lung bstan dri med yid kyi gdung sel/_!_drug pa las tshogs kyi skor la/__ngi)_rlung 'khor gnam lcags rdo rje'i gur khang*/__ci)_bdud rtsi sman gyi khog phub/__chi)_byin 'bebs me tog char bsil/_dam rdzas skye bdun gyi sgrub pa zhag bdun ma/_dngos grub len chog_/bdud rtsi lag mchod/_dam sri mnan pa'i thabs bgegs dpung tshar gcod gzhung lag len/_bcas gzhung pod yongs rdzogs kyi lung bi ma dngos byon kun mkhyen bla ma mkhyen brtse'i dbang po/_rtsi ki'i mchog gling gnyis pa dkon mchog 'gyur med bstan pa'i rgyal mtshan nam pad+ma kun khyab ye shes snying po/_'jam mgon bla ma chos kyi blo gros rin po che/_mchod dpon bla ma 'jam dbyangs blo gros mchog ldan las thob pa'o//_//

Footnotes

Other Information